设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

ཀླུ་ཆུའི་ཡིག་མཁན་མཐུན་ཚོགས་ཀྱི་བྱ་བའི་སྤྱི་སྡོམ་དང་༢༠༢༤ལོའི་ཡིག་རྩལ་སྤྲོ་ཚོགས།

 二维码 1671
发表时间:2024-02-02 01:09作者:ཀླུ་ཆུ་རྫོང་ཡིག་མཁན་མཐུན་ཚོགས来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།

ཀླུ་ཆུའི་ཡིག་མཁན་མཐུན་ཚོགས་ཀྱིས་༢༠༢༣ལོའི་བྱ་བའི་སྤྱི་སྡོམ་དང་༢༠༢༤ལོའི་ཡིག་རྩལ་སྤྲོ་ཚོགས་འཚོགས་པ།


    ༢༠༢༤ལོའི་ཟླ༡ཚེས་༣༡ཉིན་གྱི་དགོང་མོ་ཀླུ་ཆུ་རྫོང་མཛེས་རྩལ་དང་ཡིག་མཁན་མཐུན་ཚོགས་ཀྱིས་༢༠༢༣ལོའི་བྱ་བའི་སྤྱི་སྡོམ་དང་༢༠༢༤ལོའི་ཡིག་རྩལ་སྤྲོ་ཚོགས་བྱེད་སྒོ་རྫོང་ནོར་བུ་གླིང་གའི་གཟའ་པ་སངས་བྲིས་པའི་དགའ་ཚལ་དུ་སྤེལ།


1.jpg

   བོད་ཀྱི་རྩོམ་པ་པོ་དང་ཡིག་གཟུགས་པ། ཀན་ལྷོ་ཁུལ་ཡིག་གཟུགས་མཁས་པ་མཐུན་ཚོགས་ཀྱི་ཡིག་གཟུགས་ཆེད་མཁས་པ། ཀྲུང་གུང་ཀླུ་ཆུ་རྫོང་ཨུའི་རྒྱུན་ཨུའམ་རྫོང་མི་དམངས་སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་ཚེ་རིང་རྡོ་རྗེ། བོད་ཀྱི་ཡིག་གཟུགས་པ་དང་། ཀན་ལྷོ་ཁུལ་ཡིག་གཟུགས་མཁས་པ་མཐུན་ཚོགས་ཀྱི་ཡིག་གཟུགས་ཆེད་མཁས་པ། ཀྲུང་གུང་ཀླུ་ཆུ་རྫོང་ཨུའི་རྒྱུན་ཨུའམ་རྫོང་རྩ་འཛུགས་པུའུ་ཀྲང་མཁའ་འགྲོ་འབུམ།   ཀན་ལྷོ་ཁུལ་བྲིས་པ་མཐུན་ཚོགས་ཀྱི་ཚོགས་མི་དང་། ཀླུ་ཆུ་རྫོང་མཛེས་རྩལ་དང་ཡིག་གཟུགས་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། རྫོང་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཟུར་བ་མགོན་པོ་དབང་སྡུད་སོགས་མི་༢༠ལྷག་བྱེད་སྒོར་ཞུགས།


3.jpg2.jpg

མགོ་ཁྲིད་རྣམ་པས་ཡིག་གཟུགས་སློབ་སྟོནདགེ་རྒན་ལ་བྱ་དགའ་གནང་བཞིན་པ།


      ཚོགས་ཐོག་ནས་མཚོ་ཉིན་སློབ་གྲྭའི་སློབ་གཙོའམ་ཡིག་མཁན། མཚོ་ཉིན་སློབ་གྲྭའི་ཡིག་གཟུགས་དགེ་རྒན་མགོན་པོ་སྐྱབས། བླ་རི་མགུལ་ཚ་ཁོག་སློབ་གྲྭའི་ཡིག་གཟུགས་དགེ་རྒན་བཀྲ་ཤིས་དོན་གྲུབ། མ་ངེས་ལྟེ་བའི་སློབ་གྲྭའི་ཡིག་གཟུགས་དགེ་རྒན་འཕགས་པ་ཚེ་རིང་། རྫོང་བོད་རིགས་སློབ་འབྲིང་གི་ཡིག་གཟུགས་དགེ་རྒན་བསོད་ནམས་རབ་བརྟན། རྫོང་བོད་རིགས་སློབ་ཆུང་གི་ཡིག་གཟུགས་དགེ་རྒན་འཇིགས་བྱེད་འཚོ། ཟམ་ཚ་ཆོས་འཁོར་སློབ་གྲྭའི་ཡིག་གཟུགས་དགེ་རྒན་ལྷ་མོ་སྐྱབས་བཅས་ཡིག་མཁན་བདུན་ལ་སློབ་རའི་ཕུལ་བྱུང་ཡིག་གཟུགས་མཛུབ་སྟོན་དགེ་རྒན་གྱི་མཚན་རྟགས་གནང་པ་དང་།   རྫོང་ཨུའི་སྲིད་ཇུས་དྲིལ་བསྒྲགས་ཚོགས་པའི་ཚོགས་གཙོའམ་རྫོང་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེ་མོ། ཡིག་མཁན་བཀྲ་ཤིས་དོན་གྲུབ་ལ་སློབ་ཕྱིའི་ཡིག་གཟུགས་ཁྲིད་སྟོན་དགེ་རྒན་གྱི་མཚན་རྟགས་གནང་། གཞན་ད་དུང་ཀླུ་ཆུ་རྫོང་མཛེས་རྩལ་དང་ཡིག་གཟུགས་མཐུན་ཚོགས་ཀྱི་དྲུང་ཡིག་ཆེ་མོའམ་ཡིག་མཁན་སྐལ་བཟང་ཚེ་བརྟན་དང་། མཐུན་ཚོགས་ཀྱི་སློབ་སྦྱོང་ཨུ་ཡོན་འཇིགས་བྱེད་སྐྱབས་གཉིས་ལ་ཕུལ་བྱུང་ལས་འཛིན་གྱི་མཚན་རྟགས་གནང་།


6.jpg

མགོ་ཁྲིད་རྣམ་པས་ཡིག་གཟུགས་སློབ་སྟོནདགེ་རྒན་ལ་བྱ་དགའ་གནང་བཞིན་པ།



4.jpg5.jpg

མགོ་ཁྲིད་རྣམ་པས་ཡིག་གཟུགས་སློབ་སྟོནདགེ་རྒན་ལ་བྱ་དགའ་གནང་བཞིན་པ།


       ཀླུ་ཆུ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་མཛེས་རྩལ་དང་ཡིག་གཟུགས་མཐུན་ཚོགས་ཀྱི་ལས་དོན་ལ་བླ་མེད་ཐུགས་ཁུར་དང་མཐོང་ཆེན་གནང་ཞིང་། ཐེངས་འདིའི་བྱེད་སྒོའི་ཁྲོད་ཚོགས་ཞུགས་མགོ་ཁྲིད་ཀྱིས་བོད་ཀྱི་ཡིག་གཟུགས་རྒྱུན་འཛིན་གྱི་ལས་དོན་ལ་མཛད་བཟང་བླ་མེད་སྐྱོང་བཞིན་པའི་གཞི་རིམ་དགེ་རྒན་དང་ཡིག་གཟུགས་ལས་འཛིན་རྣམས་ཀྱི་བྱ་བར་བསྔགས་བརྗོད་དང་ཁག་ཐེག་ནན་མོ་གནང་བ་མ་ཟད། ཀྲུང་ཧྭ་རིག་གནས་རྒྱུན་འཛིན་དར་སྤེལ་གྱི་ལས་དོན་ཁྲོད་རྫོང་ཡོངས་ཀྱི་ཡིག་མཁན་རྣམས་ཀྱིས་གཙོ་འཛིན་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་པས་མཛུབ་སྟོན་བྱས་ཏེ།   ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཁྲོད་ཀྲུང་ཧྭ་རིག་གནས་ཀྱི་དར་རྒྱས་ལ་བརྩོན་པ་ཤུགས་དྲག་དང་། གཙོ་འཛིན་ཞི་ཅིན་ཕིང་གི་ལོ་རྒྱུས་ཀྱི་རང་རྟོག་དང་། རིག་གནས་ཀྱི་གདང་ཚོད་མཐོ་རུ་གཏོང་དགོས་པའི་སྐོར་གྱི་གསུང་བཤད་ཀྱི་དགོངས་དོན་གཞིར་བཟུང་སྟེ། གསར་རྩོམ་བརྩམས་ཆོས་ཚང་མ་དུས་རབས་ལ་མི་གནོང་པའི་ཕུལ་བྱུང་བརྩམས་ཆོས་ཁོ་ན་ཡིན་དགོས་པ་དང་། མི་དམངས་གཞི་རྩར་བཟུང་པའི་གསར་རྩོམ་གྱི་བླང་བྱས་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཀྲུང་གོའི་སྙིང་སྟོབས་རིག་རྩལ་བྱ་བའི་བླ་སྲོག་ཏུ་འཛིན་པ་དང་། ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ལ་སློབ་སྦྱོང་ནན་ཏན་བྱས་ནས། ཡང་དག་པའི་རྒྱུན་འཛིན་ལམ་ཕྱོགས་རྒྱུན་འཁྱོངས་དང་།   སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་དར་སྤེལ་གཏོང་རྒྱུ་བཅས་ནི་ཁྱེད་ཅག་རིག་རྩལ་ལས་དོན་སྒྲུབ་མཁན་ཚོས་ཐོག་མཐའ་བར་གསུམ་དུ་འབོར་མི་རུང་བའི་བཀའ་སློབ་ཡིན་ཞེས་གསུང་གླེང་ནན་མོ་གནང་བ་དང་། ཁྱད་པར་དུ་ཡིག་གཟུགས་མཐུན་ཚོགས་ཀྱི་ལས་དོན་ལ་སྔར་ལས་ལྷག་པའི་ཞིབ་ཚགས་ལྡན་པ། སྔར་ལས་ལྷག་པའི་འཆར་གཞི་ལྡན་པ། སྔར་ལས་ལྷག་པའི་གོ་རིམ་ལྡན་པ་བཅས་སྔར་ལས་ལྷག་པ་གསུམ་གྱི་སྒོ་ནས་རྫོང་ཡོངས་ཀྱི་ལས་དོན་གལ་ཆེན་ཁྲོད་རིག་རྩལ་ལས་བྱེད་པའི་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་བྱས་ཏེ། རྫོང་ཨུའི་ཡང་དག་སྟོབས་ལྡན་གྱི་མགོ་ཁྲིད་འོག   རྫོང་མི་དམངས་སྲིད་གཞུང་གི་ལས་དོན་གལ་ཆེན་དང་། མཛེས་བདུན་ཀླུ་ཆུའི་འཛུགས་སྐྲུན་སོགས་ས་གནས་རང་གི་སྲིད་འབྱོར་རིག་གསུམ་གྱི་འཕེལ་རྒྱས་ཁྲོད་རང་ནུས་ཅི་ལྕོགས་ཀྱི་ནུས་པ་འདོན་སྤེལ་བྱ་དགོས་པའི་རེ་བ་དང་འབོད་སྐུལ་ནན་མོ་བཏོན།




7.jpg

ཡིག་མཁན་ནམ་རྫོང་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུ་ཀྲང་མཁའ་འགྲོ་འབུམ་ལགས་ཀྱིས་བརྩམས་ཆོས་བྲི་བཞིན་པ།



8.jpg

ཡིག་མཁན་ནམ་རྫོང་རྒྱུན་ལས་རྫོང་དཔོན་ཚེ་རིང་རྡོ་རྗེ་ལགས་ཀྱིས་བརྩམས་ཆོས་བྲི་བཞིན་པ།




      ཐེངས་འདི་ཡིག་རྩལ་སྤྲོ་ཚོགས་སུ་ཀླུ་ཆུའི་བྲིས་པ་ཚོས་ཐོག་མར་བྲི་གཞི་གཏན་འཁེལ་གྱི་སྒོ་ནས་ཡིག་རྩལ་ཚོགས་རྒྱུགས་ཕུལ་བ་དང་། དེ་དང་འབྲེལ་ནས་སྨོན་ལམ་དབུ་ཅན་གྱི་ཡིག་རྒྱུན་འཛིན་སྟངས་དང་། ཁྲིད་རྒྱུན་སྤེལ་ཚུལ། སྨྱུག་ཁམ་བསྒྱུར་སྟངས།   བྲིས་ཉམས་འདོན་ཚུལ།   དཀའ་གནད་འགྲོལ་ཐབས་སོགས་ཀྱི་ཐད་ནས་མཉམ་མྱོང་བརྗེས་རེས་བྱས་ཤིང་། ཁྱད་པར་དུ་བྲིས་པ་ཚོས་ལེགས་ཉེས་མཉམ་གླེང་། དགེ་སྐྱོན་ཟུང་འབྲེལ་གྱི་བྱ་ཐབས་བརྒྱུད་དེ་སྨོན་ལམ་ཡིག་རྒྱུན་འཁྲུལ་མེད་ཅིག་རྒྱུད་འཛིན་ཇི་ལྟར་བྱ་དགོས་པའི་བརྗོད་དོན་སྐོར་ལ་གཏམ་གླེང་ཞིབ་རྒྱས་དང་།   ཡུལ་དངོས་བརྩམས་ཆོས་དང་འབྲེལ་ནས་རང་ཉིད་ཀྱི་ཡིག་རྩལ་ཇི་ལྟར་མཐོར་འདེགས་གཏོང་དགོས་པའི་ཐབས་ལམ་ཞིབ་འཇུག་དང་། སྨོན་ལམ་དབུ་ཅན་གྱི་ཐིག་ཚད་དང་བྲིས་གཟུགས་བར་གྱི་འབྲེལ་བ། ཡིག་རྩལ་དང་ཐིག་ཚད་བར་གྱི་འགྱུར་བ་འབྱུང་སྟངས་སོགས་ལ་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་ལྟ་བ་དོན་འཁྱོལ་ཡོང་བར་ཐོ་བརྒལ་རང་བཞིན་དང་། རྣམ་པ་གསར་བའི་རོ་བཅུད་སྣུམ་པའི་ཡིག་རྩལ་སྤྲོ་ཚོགས་ཞིབ་རྒྱས་སུ་འཚོགས།


11.jpg


9.jpg


10.jpg