设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

ལོ་སར་ཤིས་ཚིག་བྲི་བའི་བྱེད་སྒོ་ཀླུ་ཀླུང་དར་འབབ་རིང་མོའི་འགྲམ་ངོགས་སུ་སྤེལ་བ།

 二维码 2793
发表时间:2024-02-01 22:31作者:མགོན་པོ་དོན་གྲུབ།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།

ལོ་སར་ཤིས་ཚིག་བྲི་བའི་བྱེད་སྒོ་ཀླུ་ཀླུང་དར་འབབ་རིང་མོའི་འགྲམ་ངོགས་སུ་སྤེལ་བ།


     ༢༠༢༤ལོའི་ཟླ་༡ཚེས༣༡ཉིན། ཀྲུང་གུང་ཀླུ་ཆུ་ཨུ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་མཛད་ཅིང་། རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡིས་འགན་སྒྲུབ་དང་། གུང་གཞོན་ཚོགས་པ་ཀླུ་ཆུ་རྫོང་ཨུ། རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས། རྫོང་བཟོ་ཚོགས། རྫོང་སློབ་གསོ་དང་ཚན་རྩལ་ཅུས། རྫོང་འཕྲོད་བསྟེན་བདེ་ཐང་ཅུས། རྫོང་ཁྲིམས་འཛིན་ཅུས་སོགས་ཀྱིས་རོགས་སྒྲུབ་མཛད་པའི་ཀླུ་ཆུ་རྫོང་༢༠༢༤ལོའི"ང་ཡི་ཀྲུང་གོའི་རྨི་ལམ། རིག་གནས་ཁྱིམ་ཚང་ཁྲི་ལ་སྐྱོད་པ"དང"ཀན་སུའུ་བུ་རྒྱུད་བློ་ཁ་ཏང་ལ་ཕྱོགས།། གཡུ་འབྲུག་འཁྱུག་རྩལ་སྐྱེན་པོས་ལོ་སར་བསུ།།"ཞེས་པའི་རིག་གནས་གཞི་རིམ་དུ་སྐྱོད་པའི་བྱེད་སྒོ་རྫོང་ལུས་རྩལ་ར་བ་ནས་གཟབ་རྒྱས་ངང་སྤེལ།


2024碌曲文化下乡 (1).jpg

   


2024碌曲文化下乡 (3).jpg

རྫོང་ཨུའི་རྒྱུན་ཨུའམ་དྲིལ་བསྒྲགས་པུའུ་ཀྲང་ལིས་ཡེན་ཧེན་གྱིས་གཏམ་བཤད་གནང་།


2024碌曲文化下乡 (2).jpg

མཛད་སྒོ་ཧྲིལ་བོ་རྫོང་རིག་གནས་ཡུལ་སྐོར་དང་རྒྱང་བསྒྲགས་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་ཝང་ལིན་གྱིས་མདོ་འཛིན་མཛད།


2024碌曲文化下乡 (6).jpg


     བྱེད་སྒོའི་ཁྲོད་ཡིག་མཁན་མཐུན་ཚོགས་ཀྱིས་རྒྱ་ཆེའི་མང་ཚོགས་ཀྱི་དགོས་མཁོ་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་གྱི་ཆེད་དོན་ལ་དམིགས་པའི་ལེགས་བཤད་། ཁ་གཡང་། སྨོན་ཚིག   མཆོད་བསྟོད། རྗེས་དྲན། གསལ་འདེབས། དྲན་སྐུལ་སོགས་བརྗོད་དོན་བྱས་པའི་ལོ་སར་ཤིས་ཚིག་གི་ཡིག་ཕུད་སྒོ་དར་༥༨༠ལྷག་དང་། བྲིས་པ་ཉི་ཤུ་ལྷག་གི་ཡུལ་དངོས་ཕྱག་བྲིས་༣༠༠ལྷག་རྒྱ་ཆེའི་རོང་འབྲོག་མང་ཚོགས་དང་ལས་བྱེད་པ། ཚོང་འདུས་མགྲོན་པོ་རྣམས་ལ་ལོ་སར་གྱི་ལེགས་སྐྱེས་ཤིག་གི་ཚུལ་དུ་རིན་མེད་དུ་གནང་སྦྱིན་བྱས།



2024碌曲文化下乡 (9).jpg



2024碌曲文化下乡 (7).jpg


     ཡིག་མཁན་ཚོས་བོད་ཀྱི་ཡིག་གཟུགས་རིག་གནས་མང་ཚོགས་ལ་ངོ་སྤྲོད་བྱེད་པའི་མཚུངས་སུ་ཡིག་གཟུགས་ཀྱི་སྒོ་དར་རེ་རེ་རང་ཁྱིམ་གྱི་རྒྱན་ཆ་ཞིག་ཏུ་ཇི་ལྟར་སྤྲོས་པའི་ཚུལ་དང་། དེའི་དམིགས་བསལ་གྱི་དགེ་མཚན། ཁྱིམ་ཚང་རང་གི་གཞིས་ཁྱིམ་དུ་ཡིག་གཟུགས་བརྩམས་ཆོས་བཀལ་བའི་དགེ་མཚན། ཁྱིམ་ཚང་གི་དཔལ་ཡོན་ཆུ་ཚད་མཐོར་འདེགས་གཏོང་བའི་དམིགས་བསལ་ནུས་པ་སོགས་ཀྱི་བསམ་བློ་རྒྱུད་སྒྲོག་བྱས་ཏེ་ཀྲུང་ཧྭ་རིག་གནས་ཀྱི་ཡིད་ཆེས་དང་། ས་གནང་མང་ཚོགས་ཀྱི་རིག་གནས་ཀྱི་ངེས་ཤེས་དང་རིག་གནད་ཀྱི་ཡིད་ཆེས།   རིག་གནས་ཀྱི་གདངས་ཚོད་སོགས་མཐོར་རུ་གཏོང་བར་ནུས་པ་གང་ལེགས་བཏོན་ཡོད།


2024碌曲文化下乡 (8).jpg




2024碌曲文化下乡 (10).jpg



2024碌曲文化下乡 (11).jpg


2024碌曲文化下乡 (12).jpg


2024碌曲文化下乡 (13).jpg



2024碌曲文化下乡 (17).jpg



2024碌曲文化下乡 (14).jpg



2024碌曲文化下乡 (15).jpg



2024碌曲文化下乡 (16).jpg

བྱེད་སྒོ་ལ་ཞུགས་པའི་སློབ་ཆུང་སློབ་མ།


2024碌曲文化下乡 (18).jpgབྱེད་སྒོར་ཞུགས་པའི་སློབ་ཆེན་སློབ་མ།



2024碌曲文化下乡 (4).jpg