设为首页 | 收藏本站
 
新闻中心གསར་འགྱུར།公告སྤྱི་བསྒྲགས།古籍收藏གནའ་དཔེ་ཉར་ཚགས།书法艺术ཡིག་གཟུགས་སྒྱུ་རྩལ།书法常识ཤེས་བྱའི་ཟེགས་མ།论  文དཔྱད་རྩོམ།集体展厅ཐུན་མོང་འགྲེམ་སྟོན་ཁང་།地区展厅ས་ཁུལ་འགྲེམ་སྟོན་ཁང་།书法名家ཡིག་གཟུགས་མཁས་དབང་།书法家ཡིག་གཟུགས་མཁན་པོ།书法达人ཡིག་གཟུགས་བྲིས་ཆེན།书法新秀ཡིག་གཟུགས་བྲིས་ཆུང་།书法爱好者ཡིག་གཟུགས་དགའ་ཞེན་པ།女性书法展厅སྐྱེ་མའི་ཡིག་གཟུགས།校园展厅སློབ་རའི་འགྲེམ་སྟོན་ཁང་།书法日专题ཡིག་གཟུགས་དུས་ཆེན་ཆེད་སྒྲིག视频教程བརྙན་གཟུགས་དཔེ་ཁྲིད།书法讲堂འཆད་ཁྲིད་དོ་ར།字帖ཡིག་གཟུགས་ཀ་དཔེ།学习资料བསླབ་དེབ།古近代名家གནའ་ཉེ་རབས་ཡིག་མཁན།现代名家དེང་རབས་ཡིག་མཁན།团体推介སྡེ་ཁག་འོས་སྦྱོར།ཡི书法企业ག་གཟུགས་ཁེ་ལས།文件下载ཡིག་ཆ་ཕབ་ལེན།其它下载སྣ་ཚོགས་ཕབ་ལེན།

བླ་མ་ཚེ་རིང་གངས་ལྗོངས་དངུལ་སྨྱུག་ཡིག་མཁན།

 二维码 4348
发表时间:2023-12-20 23:40作者:བླ་མ་ཚེ་རིང་།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།


བླ་མ་ཚེ་རིང་གངས་ལྗོངས་དངུལ་སྨྱུག་ཡིག་མཁན།


甘南建州70周年标志.jpg


ཐོན་མིའི་ཡིག་རྒྱུན་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་སྡུར་ལས་བྱ་དགའ་ཐོཔ་པའི་ཡིག་མཁན་༡༠༠ཡི་བརྩམས་ཆོས་འགྲེམ་སྟོན།


拉么才让(0).jpg


      བླ་མ་ཚེ་རིང་ངམ་པིར་མིང་ལ་བྱ་ཚེ་རིང་དུ་འབོད་པ་ཁོང་ནི༡༩༧༡ལོར་མཚོ་ལྷོ་མང་རྫོང་བྱ་མདོ་སྤྲེལ་ནག་སྡེ་བར་སྐྱེས།   རང་ལོ་བརྒྱད་ནས་བཟུང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བརྒྱུད་དེ་རང་ནུས་གང་ཡོད་ཀྱིས་སློབ་གཉེར་བྱས་ཏེ།   ༡༩༩༡ལོར་བྱ་བར་ཞུགས་ཤིང་མཚོ་སྐོར་བོད་ཡིག་སློབ་འབྲིང་དང་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་དུ་བོད་ཡིག་དང་གྲངས་རིག   མཛེས་རྩལ། ཡིག་གཟུགས་སོགས་ཀྱི་དགེ་རྒན་གྱི་ལས་ཀ་གཉེར། ཁོང་ནི་མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པའི་ཚོགས་མི་དང་མཚོ་ལྷོ་ཁུལ་མཛེས་རྩལ་དང་ཡིག་གཟུགས་མཐུན་ཚོགས་ཀྱི་ཁོངས་མི་ཡིན།ཆུང་དུས་ནས་རི་མོའི་སྒྱུ་རྩལ་དང་ཡིག་གཟུགས་ལ་མོས་པ་ཆེན་པོ་ཡོད་སྟབས།སྔ་ཕྱིར་བྲིས་པ་གྲགས་ཅན་མང་པོ་བསྟེན་ནས་བྲིས་རྒྱུན་སྣ་ཚོགས་ལ་འབྲི་སྦྱོང་བྱས་ཤིང་།   ལྷག་པར་དུ༢༠༡༥ལོར་མཚོ་སྔོན་ཞིང་ཆེན་གྱི་“ཐོན་མིའི་ཡིག་རྒྱུན”ཡིག་གཟུགས་མཐོ་རིམ་གསོ་སྦྱོང་སྐབས་དང་པོར་ཞུགས་ནས་གཙང་གི་ཡིག་མཁན་་ཆེན་མོ་དགེན་ལྷ་ཁང་བློ་བཟང་རྡོ་རྗེ་མཆོག་དང་དབུས་ཀྱི་ཡིག་མཁན་ཆེན་མོ་དགེན་སྙེ་འཕྲིན་ལས་རྒྱལ་མཚན་མཆོག   ཁམས་ཀྱི་ཡིག་མཁན་མི་རྣམ་སྤྲུལ་སྐུ་མཆོག   ཨ་མདོ་མགོ་ལོག་གི་ཡིག་མཁན་དགེན་ངག་དབང་རྒྱ་མཚོ་ཚང་ །མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་དགེ་རྒན་ཆེན་མོ་དོན་གྲུབ་ཚེ་རིང་སོགས་ལས་གཙང་བྲིས་ཚུགས་ཆེན་དང་ཚུགས་ཆུང་།   ཚུགས་མ་འཁྱུག སྙེ་བྲིས།   གཞུང་བྲིས།   ནང་བྲིས་ནོར་བུ་མ།   བཀའ་བརྒྱུད་བྲབ་བྲིས། སྡེར་ནང་ས་བྲིས་སོགས་བྲིས་གཟུགས་མི་འདྲ་བ་བརྒྱད་ཀྱི་བྲིས་རྒྱུན་དང་གདམས་པ་ཚུལ་བཞིན་མནོས། ༢༠༢༡ལོར་མཁས་དབང་སྨོན་ལམ་རྒྱ་མཚོའི་དངོས་སློབ་དགེ་རྒན་རྡོར་བྷ་མཆོག་གི་མདུན་ནས་སྨོན་ལམ་ཡིག་གཟུགས་ཀྱི་བྲིས་རྒྱུན་བླངས་ཏེ་སྦྱང་བརྩོན་བྱས།   དེའི་ཕྱིར།   ཡིག་གཟུགས་སྒྱུ་རྩལ་ལ་འཇུག་པའི་སྤྲོ་བ་སྔར་ལས་ཆེས་ཆེར་འཕེལ་ཏེ་༢༠༡༦ལོར་ཐོན་མིའི་ཡིག་རྒྱུན་སྐབས་དང་པོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲ་ཐོག་འགྲན་བསྡུར་ཆེན་མོའི་ཁྲོད་ཁོའི་ཡིག་གཟུགས་ལ་ཕུལ་བྱུང་བྱ་དགའ་ཐོབ། སྐབས་གཉིས་པའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲ་ཐོག་འགྲན་བསྡུར་ཆེན་མོའི་ཁྲོད་ཨང་གསུམ་པའི་བྱ་དགའ་ཐོབ། ༢༠༡༧ལོར་ཐེངས་དང་པོའི་བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་གྱི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ཆེན་མོའི་ཁྲོད་བྱ་དགའ་རིམ་པ་གཉིས་པ་ཐོབ་པ་དང་བརྩམས་ཆོས་གཉིས་བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱིས་ཉར་ཚགས་བྱས།སྔ་གཞུག་ཏུ་གངས་རྒྱན་ན་ཆུང་ཚགས་པར་དང་མཚོ་སྔོན་མང་ཚོགས་སྒྱུ་རྩལ》《མཚོ་སྔོན་བོད་ཡིག་ཚགས་པར》   《སྦྲང་ཆར་སོགས་གཞུང་སྒེར་གྱི་དུས་དེབ་སྟེང་ཡིག་གཟུགས་དང་རི་མོའི་བརྩམས་ཆོས་སུམ་ཅུ་ལྷག་སྤེལ་མྱོང་ཞིང་། ༢༠༡༥ལོར་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་བོད་ཀྱི་ཡིག་གཟུགས་འབྲི་སྦྱོང་སློབ་དེབརྩོམ་སྒྲིག་བྱས་ནས་གཙང་བྲིས་ཚུགས་ཆེན་དང་སྨོན་ལམ་ཡིག་གཟུགས།སྙེ་བྲིས་སོགས་ཚད་ལྡན་བྲིས་རྒྱུན་སྤེལ་བའི་སློབ་ཁྲིད་ཀྱི་རྒྱུན་སྐྱོང་བཞིན་རི་མོ་དང་ཡིག་གཟུགས་སྒྱུ་རྩལ་གྱི་འགྲེམས་སྟོན་བྱ་འགུལ་སོགས་ཐེངས་གང་མང་སྤེལ་ཅིང་།   དེ་དག་ནི་གཞན་ལ་ངོམ་ཆོག་པའི་སློབ་གྲྭའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཏུ་གྲུབ་ཡོད།   ད་ལྟ་སྔར་བཞིན་རི་མོ་དང་ཡིག་གཟུགས་སྒྱུ་རྩལ་གྱི་སློབ་ཁྲིད་ལ་འཇུག་ཞོར་བརྩམས་ཆོས་མང་བོ་སྤེལ་དང་སྤེལ་བཞིན་པའི་སྒང་ལགས་སོ།།   


拉么才让 (1).jpg


拉么才让 (18).jpg


拉么才让 (2).jpg


拉么才让 (3).jpg


拉么才让 (4).jpg


拉么才让 (5).jpg


拉么才让 (6).jpg


拉么才让 (7).jpg


拉么才让 (8).jpg


拉么才让 (9).jpg


拉么才让 (10).jpg


拉么才让 (11).jpg


拉么才让 (12).jpg


拉么才让 (13).jpg


拉么才让 (14).jpg


拉么才让 (15).jpg


拉么才让 (16).jpg


拉么才让 (17).jpg