བློ་བཟང་བསྟན་འཛིན་གངས་ལྗོངས་གསེར་སྨྱུག་ཡིག་མཁན།
ཐོན་མིའི་ཡིག་རྒྱུན་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་སྡུར་ལས་མི་༣༦གི་ཁྲོད་དུ་ཚུད་པའི་ཡིག་མཁན་གྱི་བརྩམས་ཆོས་འགྲེམ་སྟོན།
སྔོན་བྱོན་མེས་པོའི་ཕྱག་རྒྱུན་ལ་སྙིང་ནས་དུང་བའི་བློ་བཟང་བསྟན་འཛིན་ནམ་གྲུ་ཆར་ནི། ༡༩༨༨ལོར་སི་ཁྲོན་རྔ་བར་སྐྱེས། ཆུང་དུས་ནས་སློབ་གྲྭ་སོགས་འགྲིམ་པའི་སྐལ་བ་མ་བྱུང་། ལོ་བཅོ་ལྔའི་སྟེང་ཨ་འདུས་ཡག་འགོ་དགོན་པའི་ཆོས་གྲལ་ཞུགས། ༢༠༠༨ ལོར་དུས་ཀྱི་འཕོ་འགྱུར་སྣ་ཚོགས་ཤིག་གི་དབང་གིས་འབྲི་ཀློག་སོགས་ལ་དཀའ་ཁག་མང་དུ་འཕྲད། རྐྱེན་དེ་ལ་བརྟེན་ནས་བཀའ་དྲིན་གསུམ་ལྡན་གྱི་དགེ་རྒན་བློ་བཟང་བསྟན་འཛིན་དང་། འཇིགས་མེད་ཆོས་དར། ཕུན་ཚོགས་ཐུབ་ཆེན། སེངྒེ་དར་རྒྱས་རྣམ་པའི་དྲུང་ནས་ཡིག་གཟུགས་སྦྱང་བའི་ཚུལ་ཙམ་བཟུང་སྟེ་ད་བར་དུ་སོན། འབྱུང་འགྱུར་ལའང་ཡིག་གཟུགས་སྒྱུ་རྩལ་གྱི་འཇིག་རྟེན་དུ་སོར་བཅུའི་འདེགས་འཇོག་གི་རྩེད་མོར་རོལ་འདོད་པའི་འདུན་པ་རབ་ཏུ་མཐོའོ།།
|