བཀྲ་ཤིས་དོན་གྲུབ་གངས་ལྗོངས་གསེར་སྨྱུག་ཡིག་མཁན།
ཐོན་མིའི་ཡིག་རྒྱུན་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་སྡུར་ལས་མི་༣༦གི་ཁྲོད་དུ་ཚུད་པའི་ཡིག་མཁན་གྱི་བརྩམས་ཆོས་འགྲེམ་སྟོན།
བཀྲ་ཤིས་དོན་གྲུབ་ནི་ཀུན་མཁྱེན་ལྷ་སྡེ་སྟེ་མདོ་ལྷོ་ཀླུ་ཆུའི་དཔའ་གུར་སྡེ་བར་སྐྱེས། གཅེས་མིང་ལ་བཀྲ་བྷོ་དང་པིར་མིང་ལ་ཀླུ་རྡེའུ་ཞེས་འབོད། དམའ་འབྲིང་སྐབས་ནས་བཟུང་ཡིག་མཁན་རྟ་མགྲིན་མགོན་པོའི་དྲུང་ནས་བོད་ཀྱི་ཡིག་གཟུགས་ལ་སྦྱངས་པ་བྱེད་མགོ་བརྩམས་ཤིང་། རིམ་བཞིན་སློབ་འབྲིང་དང་སློབ་ཆེན་སོགས་ནས་ཀྱང་སྦྱངས་པ་གང་ལེགས་བྱས་པ་མ་ཟད། བྱ་བའི་ལས་གནས་སུ་ཞུགས་ཚུན་དུ་ལས་ཞོར་ནས་དགེ་རྒན་དུ་མའི་ཞབས་ལ་གཏུག་ཏེ་ཡིག་གཟུགས་རིགས་སྣ་མང་ལ་སྦྱངས་པ་བྱས། དུས་མཚུངས་སུ་སློབ་མ་བརྒྱ་ཕྲག་ལྷག་ཙམ་ལ་ཡིག་གཟུགས་ཟུར་ཁྲིད་བྱས་ཏེ་འབྲས་བུའང་མི་དམན་པ་བླངས། ད་སྐབས་ཀླུ་ཆུའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་གི་འགན་འཁུར་ཞོར་ཡིག་གཟུགས་སྒྱུ་རྩལ་ལ་སྔར་ལས་སྦྱངས་པ་བྱེད་བཞིན་བདོག།
|