设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅ཡིག་གཟུགས་དུས་ཆེན་ཆེད་སྒྲིག书法日专题བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家སྡེ་ཁག་འོས་སྦྱོར།团体推介ཡིག་གཟུགས་ཁེ་ལས།书法企业ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

གར་ཙ་ནོར་བུ་སེམས་འབྱུང་གངས་ལྗོངས་གསེར་སྨྱུག་ཡིག་མཁན།

 二维码 3356
发表时间:2023-12-14 09:13作者:གར་ཙ་ནོར་བུ་སེམས་འབྱུང་།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།


གར་ཙ་ནོར་བུ་སེམས་འབྱུང་།


甘南建州70周年标志.jpg


ཐོན་མིའི་ཡིག་རྒྱུན་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་སྡུར་ལས་མི་༣༦གི་ཁྲོད་དུ་ཚུད་པའི་ཡིག་མཁན་གྱི་བརྩམས་ཆོས་འགྲེམ་སྟོན།



          གར་ཙ་ནོར་བུ་སེམས་འབྱུང་ནི་སྤྱི་ལོ1995ལོར་སྦྲ་ཆེན་ཁྲོམ་ཚང་ཡ་ང་གྲོང་ཚོ་བཅོ་བརྒྱད་པའི་ནང་དུ་སྐྱེས་ཤིང་རང་ལོ་བདུན་ནས་དྲིན་ཆེན་ཨ་ཕ་དྲོ་དགོང་དང་ཨ་མྱེས་དམ་པའི་མདུན་ནས་ཤེས་བྱའི་གཞི་མ་ཡི་གེ་འབྲི་ཀློག་སྦྱངས།ཞོར་དུ་ཡ་ང་ཆ་ཚང་སློབ་ཆུང་དགེ་རྒན་ཚེ་རིང་དགེ་སྒྲུབ་མདུན་ནས་ཚུགས་རིང་དང་འབྲུ་ཚ་གཉིས་ཀྱི་འབྲི་ལུགས་སྐོར་དང་གཞན་གྱི་ཉམས་མྱོང་ཐད་ལ་སློབ་སྦྱོང་བྱས།མ་ཚད་དགེ་བའི་བཤེས་གཉེན་ཆེན་མོ་སྨོན་ལམ་ཚུལ་ཁྲིམས་དང་གཡུང་དྲུང་བསྟན་པ་སོགས་ཀྱི་མདུན་ནས་སུམ་རྟགས་དག་གསུམ་དང་སྙན་ངག་གི་སློབ་ཁྲིད་ཞུས་ཏེ་རང་ནུས་གང་ཡོད་ཀྱིས་འབད་བཞིན་ཡོད།གང་ལྟར་ཁོང་གི་མི་ཚེའི་སྟོད་ནི་ཡིག་བྲིས་ལ་བསྟིམས་ཤིང་ད་ལྟ་ཡང་ཁྲོམ་སྲོལ་རྒྱུན་ཤེས་རིག་དང་ཡིག་གཟུགས་ཀྱི་དགེ་རྒན་ཕྱག་ལས་གནང་མུས།   ཁོང་གིས་སྔ་གཞུག་ཏུ་བཞེས་པའི་བྱ་དགའི་སྐོར་ནི།སྤྱི་ལོ2021ལོར་སྦྲ་ཆེན་རྫོང་རིག་གནས་ཡུལ་སྐོར་ཅུས་དང་སྤ་ཚང་དགོན་ཟུང་ནས་སྤེལ་བའི་ཡིག་གཟུགས་འགྲན་བསྡུར་ཁྲོད་དབུ་ཅན་ཨང་དང་པོའི་བྱ་དགའ་ཐོབ།བཙན་པོའི་མ་ཡིག་ཚང་གིས་སྤེལ་བའིརྒྱལ་སྤྱིའི་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་སྐབས་འཁྱུག་བྲིས་ཨང་དང་པོ་ཐོབ། 2022ལོའི་ལྗོན་བཟང་ཤེས་རིག་ལྟེ་གནས་ཀྱིས་བསྒྲུབས་པའིརྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་སྐབསཤེས་ཡོན་པའི་བྱ་དགའ་ཨང་དང་པོ་ཐོབ་མྱོང་། 2022ལོའི་རེ་བའི་སྨྱུག་འཛིན་ཚང་གི་ཐེངས་དང་པོའི་དྲ་ལམ་ཡིག་གཟུགས་འགྲན་བསྡུར་ཁྲོད་དཔྱད་འདེམས་པ་བྱས།2023ལོའི་རོམ་འགག་གྲོང་ཚོས་གཙོ་གཉེར་བྱས་པའི་ཁྲོམ་གནའ་དེང་ཡིག་གཟུགས་ཞེས་པའི་དགེ་རྒན་བྱས།   2022ཀྲུང་གོའི་ཡིག་གཟུགས་སྒྱུ་རྩལ་མཁས་པའི་མཐུན་ཚོགས་ཀྱིས་ཀྲུང་གོའི་རིག་གནས་ཡིག་གཟུགས་དར་སྤེལ་ཐད་བྱས་རྗེས་གཟེངས་སུ་ཐོན་པའི་མི་སྣ་རུ་བདམས་པའི་གཟི་བརྗིད་དཔང་ཡིག་ཐོབ།མ་ཚད་ཀྲུང་གོའི་ཡིག་གཟུགས་སྒྱུ་རྩལ་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི། 2023ལོའི་བོད་རང་སྐྱོངས་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་པ་དང་བོད་རང་སྐྱོངས་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་གཉིས་ཀྱིས་གཙོ་གཉེར་བྱས་པའི་རིག་གནས་ཀྱི་རང་སྟོན་རང་དར་ལ་སྐུལ་འདེད་བཏང་སྟེ།ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་བོད་ལྗོངས་ཡིག་གཟུགས་བརྩམས་ཆོས་དྲ་རྒྱའི་འགྲེམ་སྟོན་ནང་ཚུད་པ་བཅས་མདོར་ན་ཁོང་གི་དགའ་ཕྱོགས་ལ་ནི་ཡིག་བྲིས་ལ་བསྟིམས་ཤིང་འབྲས་བུ་ཡང་མི་དམན་པ་བྱུང་ཡོད་པ་བཅས་སྟོང་སྲས་པས་ངོ་སྤྲོད་ཙམ་དུ་བྲིས།


罗布才角 (1).jpg


罗布才角 (6).jpg



罗布才角 (2).jpg


罗布才角 (3).jpg



罗布才角 (8).jpg


罗布才角 (7).jpg



罗布才角 (5).jpg


罗布才角 (9).jpg


罗布才角 (4).jpg