འབྲུག་ཆུ་དང་ཐེ་བོ་རྫོང་གི་ཡིག་མཁན་མཐུན་ཚོགས་ཀྱིས་མཉམ་དུ་བྱེད་སྒོ་སྤེལ་བ།
—— ཡིག་གཟུགས་སློབ་རར་སྐྱོད་པའི་བྱེད་སྒོ།
༢༠༢༣ལོའི་ཟླ་༡༢ཚེས་༡ཉིན་ནས་ཟླ་༡༢ཚེས་༧ཉིན་བར་ཀན་སུའུ་ཞིང་ཆེན་འབྲུག་ཆུ་རྫོང་བོད་ཡིག་ཡིག་གཟུགས་མཐུན་ཚོགས་དང་ཐེ་བོ་རྫོང་ཡིག་གཟུགས་དང་མཛེས་རྩལ་མཐུན་ཚོགས་ཀྱིས་མཉམ་སྒྲུབ་བྱས་པའི་ཡིག་གཟུགས་སློབ་རར་སྐྱོད་པའི་བྱེད་སྒོ་སྤེལ། བྱེད་སྒོ་འདིས་བྱང་ཚད་སློབ་གསོ་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་སྲོལ་རྒྱུན་རིག་གནས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། རིག་གནས་ཀྱི་གདེང་ཚོད་རྒྱུན་འཛིན་བྱེད་པ། དགེ་སློབ་ཚོར་རྒྱ་བོད་ཡིག་གཟུགས་ཀྱི་ཡིད་དབང་འཕྲོག་པའི་ཁྱད་ཆོས་ཚོར་ཐུབ་པ་བྱ་རྒྱུ་བཅས་ཀྱི་ཆེད་དུ། འབྲུག་ཆུ་རྫོང་དང་ཐེ་བོ་རྫོང་གི་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱིས་འབྲུག་ཆུའི་སློབ་འབྲིང་དང་པོ་དང་། ཐེ་བོ་རྫོང་བོད་རིགས་སློབ་འབྲིང་། ཐེ་བོ་རྫོང་བོད་རིག་སློབ་ཆུང་། འབྲུག་ཆུའི་བོད་རིགས་སློབ་འབྲིང་བཅས་ཀྱི་ཡུལ་དངོས་སུ་སོང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བཅངས་པའི་རྒྱ་བོད་ཡིག་གཟུགས་སྐོར་སྐྱོད་འགྲེམས་སྟོན་རྒྱ་ཆེར་བཤམས།
ཡིག་གཟུགས་ཀྱི་བློ་སེམས་སྦྱོང་བ་དང་། སྣག་སྣུམ་གྱིས་སློབ་ར་ཁྱབ་པའི་བྱེད་སྒོའི་ཁྲོད་དགེ་སློབ་རྣམས་ལ་བརྩམས་ཆོས་འབྲི་བ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ཀྱི་གདེང་ཚོད་སེམས་ངོགས་སུ་འཛུགས་པ། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ། སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཡིག་གཟུགས་བྲིས་རྩལ་སློབ་ཁྲིད་ཁྱབ་གདལ་བཅས་གཏོང་བ་སོགས་ཀྱི་དམིགས་ཡུལ་མངོན་འགྱུར་བྱུང་།
ཐེངས་འདིའི་བྱེད་སྒོ་སྤེལ་བར་འབྲུག་ཆུ་རྫོང་དང་ཐེ་བོ་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པ་དང་། རྫོང་གཉིས་ཀྱི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་སོགས་ཐོག་མཐའ་བར་གསུམ་དུ ༼ ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི ༽སྐོར་སྐྱོད་ཡིག་གཟུགས་འགྲེམས་སྟོན་གྱི་མཛད་སྒོར་ཞུགས་པ་དང་། སློབ་གྲྭ་ཁག་གིས་གཞོགས་འདེགས་ཧུར་ཐག་བྱས་ནས་ཡིག་གཟུགས་སློབ་གྲྭར་ཁྱབ་གདལ་གཏོང་རྒྱུར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་མ་ཟད། རྫོང་གཉིས་ཀྱི་རྒྱ་བོད་ཡིག་གཟུགས་མཁས་ཅན་བརྒྱད་ཀྱིས་ཉིན་བདུན་གྱི་ལམ་ཐག་དང་ངལ་བ་རྒྱབ་དུ་བོར་ནས་བྱེད་སྒོ་འཆར་གཞི་དང་བཀོད་སྒྲིག་ཚང་མ་མཐའ་འཁྱོངས་ཡོང་བར་བྱས།
རྒྱ་བོད་ཡིག་གཟུགས་སྐོར་སྐྱོད་འགྲེམས་སྟོན་གྱི་བྱེད་སྒོ་ལས་བོད་ཡིག་ཡིག་གཟུགས་བརྩམས་ཆོས་དང་རྒྱ་ཡིག་ཡིག་གཟུགས་བརྩམས་ཆོས་༨༠ལྷག་འགྲེམས་སྟོན་བྱས་ཤིང་། སློབ་གྲྭ་ཁག་ལ་དཔེ་དེབ་དང་ཡིག་གཟུགས་བརྩམས་ཆོས་བཅས་ཀྱི་ལེགས་སྐྱེས་སུ་ཕུལ།
ཡིག་གཟུགས་དང་རི་མོ་མཁན་ཚོས་རང་ཉིད་ལ་བྱང་གོམས་ཆེ་བའི་རི་མོ་དང་བོད་རྒྱ་ཡིག་གཟུགས་ཀྱི་ངོ་མཚར་ཁྱད་ཆོས་གང་ལེགས་ཞིག་དགེ་སློབ་ཚོའི་དགའ་སྟོན་དུ་བཤམས་ནས། ཡིག་གཟུགས་སློབ་གསོའི་སྤྲོ་བ་བསླངས་ཤིང་ཡིག་གཟུགས་སྒྱུ་རྩལ་གྱི་འཚོ་བཅུད་མངར་མོར་དགའ་ཞེན་སྐྱེས་ཞིང་ཡིད་འགུལ་རྒྱ་ཆེར་ཐེབས་པ་མ་ཟད། ཡིག་གཟུགས་ཆེད་མཁས་ཚོས་སློབ་ཕྲུག་ཚོར་བཅངས་པའི་རེ་བ་ནན་པོ་ཡང་མཚོན།
རྫོང་གཉིས་ཀྱིས་ཁྱབ་རྒྱ་ཆེན་པོའི་སྒོ་ནས་ཡིག་གཟུགས་འགྲེམས་སྟོན་གྱི་སྐོར་སྐྱོད་བྱེད་སྒོ་འདི་འདྲ་ཞིག་སྤེལ་བ་ལས། རྫོང་གཉིས་ཀྱི་ཡིག་གཟུགས་ཆེད་མཁས་དབར་གྱི་རིག་གནས་སྤེལ་རེས་དང་། དགེ་རྒན་དང་སློབ་མ། ཡིག་མཁན་བཅས་ཀྱི་དབར་ལའང་ཐུན་མོང་ཐོག་སློབ་སྦྱོང་དང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་གར་སྟེགས་ཆེན་པོ་ཞིག་གསར་བསྐྲུན་བྱས་པ་མ་ཟད། རིག་གནས་ཀྱི་རང་རྟོགས་དང་རིག་གནས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་བརྟན་དུ་གཏོང་བ། སྲོལ་རྒྱུན་གྱི་རིག་གནས་ལས་ཡིག་གཟུགས་ཀྱི་སློབ་གསོ་འདི་ཉིད་སློབ་གྲྭའི་ཁོར་ཡུག་དུ་ཁྱབ་པ་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།
舟曲-迭部书法家协会联袂开展书法进校园活动
ཐེ་བོ་རིན་ཆེན་གྱིས་གསར་འགྱུར་མཁོ་འདོན་དང་།
རྟ་མགྲིན་གྱིས་བསྒྱུར་སྒྲིག་བྱས།
|