བྱ་དགའ་ཐོབ་པའི་ཡིག་མཁན་རྣམས་ལ།
“ཐོན་མིའི་ཡིག་རྒྱུན”་སྐབས་གསུམ་པའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་སྡུར་ལས་ཨང་བཞི་བ་ཡན་ཐོབ་པའི་ཡིག་མཁན་རྣམས་ལ་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ་ནས་མི་སྒེར་གྱི་བརྩམས་ཆོས་འགྲེམ་སྟོན་ཁང་ཕྱེ་པའི་ཁེ་དབང་ལོ་གཅིག་ལ་སྤྲོད་པའི་བྱ་དགའི་རྣམ་གྲངས་ལྟར། ཟླ༡༢ཚེས་༡༣ཉིན་ནས་བཟུང་བྱ་དགའ་ཐོབ་མཁན་མི་༣༦གིས་རང་གི་བརྩམས་ཆོས་ཡག་ཤོས་བཅུ་ཕྲག་གཅིག་ལས་མི་བརྒལ་བ་བདམས་ནས་ངེད་རྩོམ་སྒྲིག་པའི་སྐར་འཕྲིན་ལ་སྐུར་དང་། འདི་གར་འབྱོར་བའི་སྔ་ཕྱི་ལྟར་དྲ་འགོད་བྱ་ངེས་ཡིན་ཞེས་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་ཐོན་མིའི་ཡིག་རྒྱུན་སྐབས་གསུམ་པའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་སྡུར་ཚོགས་ཆུང་གིས།
བརྩམས་ཆོས་སྐུར་ཚུལ། གཅིག་ནས་བརྩམས་ཆོས་ཚང་མར་རྩོམ་པ་པོའི་མིང་གིས་མིང་རྟགས་འགོད་པ་དང་། རང་ཉིད་ངོ་སྤྲོད། འཚོ་བའི་པར་གཅིག བརྩམས་ཆོས་བཅས་ཚང་མ་ཡིག་ཁུག་གཅིག་ལ་བཙིར་གནོན་བྱས་རྗེས་སྐད་འཕྲིནddv5237ལ་སྐུར་རོགས། བཙིར་གནོན་བྱ་ཚུལ་དང་སྐུར་ཚུལ་གཤམ་གྱི་དྲ་ལམ་བརྙན་རིས་ལ་གཟིགས་རོགས། མ་ཤེས་ན་13893977852ལ་ཁ་པར་ནས་བཀའ་འདྲི་གནང་ཆོག མི་གྲངས་ཅུང་མང་བས་ངེས་པར་དུ་འགྲོ་ལུགས་ལ་བརྩི་སྲུང་གནང་རོགས།
|