ཐོན་མིའི་ཡིག་རྒྱུན་སྐབས་གསུམ་པའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་གྱི་བྱ་དགའ་སྐུར་བའི་སྐོར་གྱི་གནས་ཚུལ་གསལ་བཤད་དང་། འགྲེམ་ཚུད་བྱ་དགའ་ཐོབ་མཁན་རྣམས་ལ་བཏང་བའི་བརྡ་ཡིག
ཉིན་འགའི་སྔོན་ལ་བྱ་དགའ་ཐོབ་མཁན་གྱི་མིང་ཐོ་ལྟར་འབྲེལ་ཡོད་གནས་ཚུལ་དྲ་ལམ་ནས་ཐོ་འགོད་བྱས་རྗེས། ཆེས་མྱུར་མགྱོགས་ལྡན་པའི་སྒོ་ནས་ཨང་དང་པོ་ནས་གཉིས་པ། གསུམ་པ། ཕུལ་བྱུང་བཅས་ཀྱི་བྱ་དགའ་ཐོབ་མཁན་མི་༣༦གི་འབྲེལ་ཡོད་གནས་ཚུལ་འཚོལ་བསྡུ་ལེགས་པོར་འགྲུབ་རྐྱེན་ཟླ་༡༢ཚེས་༨ཉིན་སྦྲགས་སྲིད་བརྒྱུད་དེ་བྱ་དགའ་དང་དཔང་ཡིག་ཚང་མ་སྐུར་ཟིན། དེ་བས་ཆེད་དུ་ཨང་རིམ་དང་པོ་ནས་བཞི་བ་ཐོབ་མཁན་ཚང་མའི་ཐུགས་ཁུར་གཞོགས་འདེགས་རྒྱབ་སྐྱོར་ལ་བཀའ་དྲིན་ཞུ།
བྱ་དགའི་དཔང་ཡིག་སྐུར་བའི་གནས་ཚུལ་བརྙན་ཐུང་།
ཨང་དང་པོ་ནས་ཕུལ་བྱུང་བྱ་དགའ་ཐོབ་མཁན་གྱི་མི་༣༦གི་མིང་ཐོ།
འགྲེམ་ཚུད་བྱ་དགའི་དཔང་ཡིག་སྐུར་རྒྱུའི་ཐད་ཀྱི་བརྡ་སྦྱོར།
སྔོན་མ་དྲ་ལམ་ཐོ་འགོད་ཀྱི་བྱ་བའི་ཁྲོད་གསལ་བོར་བཤད་ཡོད་ནའང་འགྲེམ་ཚུད་བྱ་དགའ་ཐོབ་མཁན་གྱི་ཡིག་མཁན་མི་༡༡༠ལས་གང་མང་ཞིག་གིས་དུས་ད་ལྟ་ལ་ཐུག་གི་བར་དུ་བརྡ་སྦྱོར་དེ་མ་མཐོང་བའམ། ཐོ་འགོད་བྱེད་མི་ཤེས་པའི་རྐྱེན་གང་ཡིན་མི་གསལ་མོད། རང་གི་མིང་དང་ཁ་པར། དངོས་པོ་སྐུར་ཡུལ་གྱི་ས་གནས་ལམ་ཡིག་གསུམ་ཐོ་འགོད་བྱས་མེད་པས་འགྲེམ་ཚུད་བྱ་དགའ་ཐོབ་མཁན་ཚང་མའི་དཔང་ཡིག་སྐུར་རྒྱུ་མ་བྱུང་། རྒྱུ་མཚན་ནི་ཐོག་མའི་འགྲན་བསྡུར་བརྡ་སྦྱོར་ཁྲོད་ཁ་གསལ་བཤད་ཡོད་ནའང་། ངེས་པར་སྐུར་དགོས་པའི་ནང་དོན༼ རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་འགྲན་ཞུགས་པའི་མིང་དང་ཁ་པར་ཨང་གྲངས། སྐུར་ཡུལ་ས་གནས། ༽ དེ་དག་བྲིས་མེད་པ་དང་། བོད་ཡིག་ཡོད་ན་རྒྱ་ཡིག་མེད་པ། ཁ་པར་མེད་པ། ས་གནས་མིང་བྱང་ལ་རྒྱ་ཡིག་མ་བྲིས་པ། གནས་ཚུལ་མི་གསལ་བ་སོགས་ཀྱི་གནད་དོན་ཧ་ཅང་མང་བས་ཡིན།
དེ་རིང་ནས་བཟུང་མུ་མཐུད་དུ་འགྲེམ་ཚུད་བྱ་དགའ་ཐོབ་མཁན་གྱི་གོང་སྨྲས་གནས་ཚུལ་དག་ཐོ་འགོད་བྱ་རྒྱུ་ཡིན་པས་ཐོ་འགོད་གནང་རོགས་ཞུ།
གསལ་བོར་བཤད་རྒྱུ་ཞིག་ལ། དེ་སྔ་ཐོ་འགོད་བྱས་ཟིན་པའི་མི་དང་། ཨང་དང་པོ་དང་། གཉིས་པ། གསུམ་པ་ཐོབ་མཁན། ཕུལ་བྱུང་བྱ་དགའ་ཐོབ་མཁན་རྣམས་ཀྱིས་ཐོ་འགོད་བྱ་མི་དགོས། གཞན་གནས་ཚུལ་ཐོད་འགོད་བྱེད་སྐབས་“提交成功”དེ་དྲ་ལམ་ལ་ཐོན་རྗེས་ཐོ་འགོད་བྱས་ཟིན་པ་མཚོན་པ་ཡིན། དེ་བས་བསྐྱར་དུ་ཡང་ཡང་ཐོ་འགོད་མི་གནང་རོགས།
འགྲེམ་ཚུད་པའི་མིང་ཐོ།
རེའུ་མིག་ནང་དུ་རང་གི་རྒྱ་ཡིག་དང་བོད་ཡིག་གཉིས་ཀྱིས་བྲིས་པའི་མིང་ཡིག་དང་། ཁ་པར་ཨང་གྲངས་དང་། རྒྱ་ཡིག་གིས་བྲིས་པའི་ས་གནས་ལམ་ཡིག་སོགས་མི་གསལ་བ་དང་ནོར་འཁྲུལ་ཡོད་པ་དག་གིས་ཐོ་འགོད་གནང་རོགས། ཐོ་འགོད་མེད་ཚེ་གོང་གི་རེའུ་མིག་བཞིན་དཔང་ཡིག་བཟོ་རྒྱུ་དང་། དེ་བཞིན་དུ་སྐུར་རྒྱུ་ཡིན་པས་ཞིབ་དོན་རང་གིས་ཧ་གོ་བར་གནང་རོགས།
|