གདུགས་དཀར་ཚེ་རིང་།
གདུགས་དཀར་ཚེ་རིང་ངམ་པིར་མིང་ལ་སྨྱུག་འཛིན་དུ་འབོད་པ་ཁོ་ནི། ༢༠༠༠ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཐང་དཀར་མ་གྲོང་རྡལ་བྲག་དཀར་སྡེ་བ་རུ་སྐྱེས། ཕ་མའི་བཀའ་དྲིན་འོག་ཆུང་དུས་ནས་སློབ་གྲྭར་སློབ་སྦྱོང་བྱེད་པའི་གོ་སྐབས་བྱུང་བ་དང་། ཆུང་དུས་ནས་བཟུང་ཡིག་གཟུགས་དང་མཛེས་རྩལ་ལ་ཧ་ཅང་དགའ་བས། ༢༠༡༧ལོ་ནས་བཟུང་དགེ་རྒན་བླ་མ་ཚེ་རིང་དང་དེ་བཞིན་དགེ་རྒན་གཞན་ཁ་ཤས་ཀྱི་བཀའ་སློབ་འོག་སྙེ་བྲིས་དང་། སུག་རིང་། པཎ་ཆེན་སུག་རིང་། སྡེར་ནང་ས་བྲིས་སོགས་ཀྱི་ཡིག་གཟུགས་མི་འདྲ་བ་སྦྱངས་པ་དང་། དེའི་རྗེས་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་ཐང་གའི་ཆེད་ལས་འཛིན་གྲྭར་ཞུགས་ནས་ཐང་ག་ལ་སྦྱངས་པ་བྱས། ༢༠༡༦ལོར་གུང་གཞོན་ཚོགས་པ་གསེར་ཆེན་རྫོང་ཨུད་ཀྱི་མི་རིགས་མཐུན་སྒྲིལ་དཔེ་བཟང་ན་གཞོན་རྟགས་མའི་བྱ་དགའ་ཐོབ་པ་དང་། ༢༠༡༨ལོར་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་སྐབས་བཞི་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་ཡིག་གཟུགས་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ། ༢༠༡༩ལོར་གསེར་ཆེན་རྫོང་སློབ་གྲྭ་ཆུང་འབྲིང་གི་ཡིག་གཟུགས་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ། ༢༠༢༠ལོར་མཚོ་ལྷོ་ཁུལ་གྱིས“བདུན་གཅིག” བསུ་བའི་དུས་ཆེན། སློབ་ཆུང་གི་ཡིག་གཟུགས་དང་རི་མོ་འགྲེམས་སྟོན་ཡིག་གཟུགས་རིགས་ཀྱི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ། ༢༠༢༠ལོར་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་དུ། བོད་ཡིག་ཡིག་གཟུགས《དཀར་ནག་གི་ཕྲ་ཚོམ》ཞེས་པའི་ཡིག་གཟུགས་བརྩམས་ཆོས་ཐོག་མར་སྤེལ། ༢༠༢༠-༢༠༢༡ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བའི“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་པ་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་བརྩོན”ཞེས་པའི་བརྗོད་དོན་གཙོ་བོའི་ཡིག་གཟུགས་འགྲན་བསྡུར་གྱི་བྱེད་སྒོའི་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པ་མ་ཟད། ༢༠༢༡ལོར“ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། དད་སེམས་ཇེ་བརྟན་དུ་བཏང་སྟེ་ཏང་གི་རྗེས་སུ་འབྲང་ནས་ལོ་ངོ་བརྒྱ་འཁོར་བའི་འཁྲུངས་སྐར་བསུ་བའི་སློབ་གྲྭ་དང་ཁྱིམ་ཚང་གི་མཐུན་འབྲེལ་སློབ་མའི་བརྩམས་ཆོས་འགྲེམས་སྟོན་ཁྲོད་ཐང་ག་དང་དར་གོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ། ༢༠༢༡ལོར་སློབ་གྲྭ་རིམ་པའི་རྩལ་ནུས་འགྲན་བསྡུར་ཁྲོད་གྲུབ་འབྲས་གཟེངས་སུ་ཐོན་ནས་བྱ་དགའ་ཨང་གསུམ་པ་ཐོབ། ༢༠༢༢ལོའི་བོད་ཡིག་ཡིག་གཟུགས་བརྩམས་ཆོས“ཀྲུང་གོའི་ཕུགས་འདུན་བསྐྱར་དར་རྟགས་མའི”རྒྱལ་ཡོངས་ཀྱི་ཡིག་གཟུགས་དང་རི་མོ། པར་ལེན་སྒྱུ་རྩལ་འགྲན་བསྡུར་ཁྲོད་ཕུལ་བྱུང་གི་བྱ་དགའ་ ཐོབ་པ་དང་འབྲེལ། ཀྲུང་གོའི་དེང་རབས་ཡིག་གཟུགས་དང་སྒྱུ་རྩལ་མཁས་ཅན་གྱི་གཟི་བརྗིད་མཚན་སྙན་ཡང་ཐོབ། ༢༠༢༢ལོར་སློབ་གྲྭར་སློབ་སྦྱོང་ལ་འབད་ནས་སྦྱངས་འབྲས་ལེགས་པ་དང་། དགེ་རྒན་ལ་བརྩི་བཀུར་ལྡན་པ། སློབ་མ་ལ་མཐུན་སྒྲིལ་ལྡན་པས་ཕུལ་བྱུང་མཐར་ཕྱིན་སློབ་མར་བདམས། ༢༠༢༢ལོའི་མཛེས་རྩལ་ཐང་གའི་བརྩམས་ཆོས་ལ “ངོ་མཚར་བའི་ཆུ་རིས་སྨྱུག་ཤིང་བུམ་པ་རྟགས་མ”རྒྱལ་ཡོངས་ཀྱི་ཡིག་གཟུགས་དང་རི་མོའི་ཕུལ་བྱུང་བྱ་དགའ་ཐོབ། ༢༠༢༢ལོའི་ཟླ༡༠ཚེས༢༧ཉིན་ནས་ཟླ༡༠ཚེས༢༩ཉིན་བར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་དུ“གསེར་ཆེན་རྫོང་རིག་གནས་ཁང་གི༢༠༢༢ལོའི་ཐང་གའི་ལག་རྩལ་གསོ་སྦྱོང་འཛིན་གྲྭར”ཞུགས་ནས། སློབ་སྦྱོང་ཁག་ཡོངས་འགྲུབ་བྱས་པ་དང་།༢༠༢༣ལོའི་ཟླ༢ཚེས༦ཉིན་ནས་ཚེས༡༦ཉིན་བར་དྲ་ལམ་དུས་ཐུང་ཡིག་གཟུགས་གསོ་སྦྱོང་འཛིན་གྲྭར་ཞུགས་ནས་སྲོལ་རྒྱུན་ཡིག་གཟུགས་རིག་པའི་གཞུང་ལུགས་ཀྱི་རྨང་གཞིའི་ཤེས་བྱ་དང་སྨོན་ལམ་ཡིག་གཟུགས་ལ་སྦྱངས་པ་བྱས། ༢༠༢༣ལོར“ཤེས་རིག་ང་ལ་ཡོད། དང་བླངས་སྲུང་སྐྱེལ”ཞེས་པའི་ཡ་རབས་ཡུལ་སྐོར་གྱི་གཞོན་ནུ་དང་བླངས་ཞབས་ཞུའི་བྱ་སྤྱོད་ཁྲོད་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་ནས་ཕུལ་བྱུང་གི་དང་བླངས་པར་བདམས། སྔ་རྗེས་སུ་དུས་དེབ་འདྲ་མིན་ལ་བརྩམས་ཆོས་མང་པོ་བཀོད་པ་དང་ཆབས་ཅིག་མཚན་སྙན་མང་པོ་ཐོབ་པ་དང་། ༢༠༢༣ལོར་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭར་མཐར་ཕྱིན་རྗེས་།ད་ལྟ་ཅང་སུའུ་ཞིང་ཆེན་ཁྲང་ཀྲོའུ་འཁེལ་འཐག་གྱོན་ཆས་ལས་རིགས་ལག་རྩལ་སློབ་གླིང་དུ་སློབ་ཆེན་དུ་སློབ་གཉེར་བྱེད་པ་དང་།བོད་ཡིག་ཡིག་གཟུགས་སྣ་ཚོགས་དང་བོད་རིགས་ཐང་གའི་རིག་གནས་ལ་མུ་མཐུད་དུ་འབད་བརྩོན་བྱེད་བཞིན་ཡོད།
|