设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女子展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

ཀན་ལྷོ་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀླུ་ཆུ་རྫོང་གི་རིག་གནས་སྒྱུ་རྩལ་ལས་དོན་ཐད་ཀྱི་བྱ་བར་རྟོག་ཞིབ་

 二维码 2295
发表时间:2023-10-24 15:02作者:རྩོམ་སྒྲིག་པ་རྟ་མགྲིན་མགོན་པོ།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།

ཀན་ལྷོ་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀླུ་ཆུ་རྫོང་གི་རིག་གནས་སྒྱུ་རྩལ་ལས་དོན་ཐད་ཀྱི་བྱ་བར་རྟོག་ཞིབ་ཏུ་ཕེབས་པ།



    ཟླ་འདིའི་ཚེས་༢༤ཉིན་གྱི་སྔ་དྲོ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཀྲང་གཞོན་པའམ། ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཚོགས་གཙོ་ཀྲོའོ་ལིན་ཧོང་ལགས་ཀྱིས་ཟླ་ཟེར་རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པའམ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་རྒན་ཕྱག་རྡོར་ཚེ་རིང་དང་། སྐལ་བཟང་མེ་ཏོགདུས་དེབ་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་གཞོན་པའམ། རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོའོ་ཀྲུང་། ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་གཞུང་ལས་ཁང་གི་ཀྲུའུ་རེན་ཨ་པན་སོགས་འབྲེལ་ཡོད་མི་སྣ་ཁྲིད་དེ་ཀླུ་ཆུ་རྫོང་གི་རིག་གནས་སྒྱུ་རྩལ་ལས་དོན་ཐད་ཀྱི་བྱ་བར་རྟོག་ཞིབ་ཏུ་ཕེབས།   



2.jpg

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཀྲང་གཞོན་པའམ། ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཚོགས་གཙོ་ཀྲོའོ་ལིན་ཧོང་གིས་གསུང་བཤད་གནང་བཞིན་པ།



       ཐེངས་འདིའི་རིག་རྩལ་རྟོག་ཞིབ་བྱ་བར་ཡུལ་དངོས་རྟོག་ཞིབ་དང་།   བགྲོ་གླེང་གྲོས་ཚོགས་བཅས་གོ་རིམ་གཉིས་སུ་བསྡུས་ཤིང་། ཐོག་མར་པར་ལེན་དང་རྒྱ་བོད་ཡིག་གཟུགས།   མཛེས་རིས་མཛེས་རྩལ། བརྙན་ལམ་འོས་སྦྱོར་སོགས་ཀྱི་ལམ་ནས་མཚོན་པའི་ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་འདུ་ཤེས་དང་། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་བཅས་ཀྱི་བརྗོད་དོན་འགྲེམ་སྟོན་ལ་གཟིགས་སྐོར་མཛད་པ་དང་ཆབས་ཅིག       ཀླུ་ཆུ་རྫོང་ཤ་བཙོས་ཐང་རིག་གནས་ཐོན་ལས་གླིང་གི་ཉིས་ཐོག་གྲོས་ཚོགས་ཁང་ནས་ཆུ་ཚོད་གཉིས་དང་ཕྱེད་རིང་གི་བགྲོ་གླེང་ཚོགས་འདུ་བསྡུས། བགྲོ་གླེང་ཚོགས་འདུ་ཧྲིལ་བོ་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡི་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྲུའུ་རེན་གཅོད་པ་སྐྱབས་ཀྱིས་མདོ་འཛིན་མཛད།


1.jpg

རྫོང་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀླུ་མཚོ་སྨན་གྱིས་༢༠༢༣ལོ་ཚུན་གྱི་ཀླུ་ཆུའི་རིག་རྩལ་ལས་དོན་སྐོར་གྱི་བྱ་བའི་སྙན་ཞུ་འབུལ་བཞིན་པ།



       ཚོགས་ཐོག་ཏུ་རྫོང་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀླུ་མཚོ་སྨན་གྱིས་༢༠༢༣ལོ་ཚུན་གྱི་ཀླུ་ཆུའི་རིག་རྩལ་ལས་དོན་སྐོར་གྱི་བྱ་བ་ཚང་མ་ཞིབ་དག་གསལ་གསུམ་གྱི་སྒོ་ནས་ཚོགས་འདུ་ལ་སྙན་ཞུ་ཕུལ།   གཞན་པར་ལེན་མཐུན་ཚོགས་དང་། མཛེས་རྩལ་དང་ཡིག་གཟུགས་མཐུན་ཚོགས། རྩོམ་པ་པོ་མཐུན་ཚོགས། རོལ་མོ་མཐུན་ཚོགས། རྣམ་ཐར་དང་གླུ་གར་མཐུན་ཚོགས། རྩོམ་པ་པོའི་སྐུ་ཚབ་དང་བཅས་མཐུན་ཚོགས་དྲུག་གི་བྱ་བའི་ཆ་ནས་ལོ་གཅིག་རིང་གི་ཀླུ་ཆུའི་རིག་རྩལ་ལས་དོན་ཐད་གོང་རིམ་རྫོང་ཨུ་དང་རྫོང་སྲིད་གཞུང་། རྫོང་ཨུའི་དྲིལ་བསྒྲགས་པུའུ་སོགས་ཀྱི་ཡང་དག་མགོ་ཁྲིད་གནང་ཚུལ་དང་། བྱམས་བརྩེའི་ཐུགས་ཁུར་གནང་ཚུལ། རྫོང་རིག་གནས་ཡུལ་སྐོར་ཅུས། རྫོང་རིག་གནས་ཁང་སོགས་འབྲེལ་ཡོད་ལས་ཁུངས་སོ་སོས་རྒྱ་ཆེའི་རོགས་སྐྱོར་མཛད་ཚུལ།   འཐབ་ཕྱོགས་སོ་སོ་ནས་ཆེ་འབྲིང་ཆུང་གསུམ་གྱི་གྲུབ་འབྲས་གསར་བ་ཐོབ་ཚུལ། དེང་ཕྱིན་གྱི་སྒྱུ་རྩལ་ལམ་བུའི་འཚོལ་རྟོག་དང་ལམ་བུ་གསར་གཏོད། དམིགས་སྔའི་དཀའ་ཁག   མ་འོང་འཆར་གཞི་སོགས་ཀྱི་ཆ་ནས་གཅིག་རྗེས་གཉིས་མཐུད་ཀྱི་གཏམ་གླེང་སྣ་ཚོགས་རྒྱ་ཆེར་མཛད།   ཁྱད་པར་དུ་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཀྲོའོ་ལིན་ཧོང་གིས་ཐོག་མར་ཀླུ་ཆུའི་ལོ་འདི་འགའི་རིག་རྩལ་ལས་དོན་དང་ཁྱད་པར་ཡིག་གཟུགས་དང་པར་ལེན་སོགས་ཀྱི་བྱ་བར་གདེངས་འཇོག་མཐོན་པོར་གནང་ཞིང་། གཙོ་འཛིན་ཞི་ཅིན་ཕིང་གི་རྒྱལ་ཡོངས་རིག་རྩལ་བྱ་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཞིང་ཆེན་སྐབས་དྲུག་པའི་རིག་རྩལ་འཐུས་ཚོགས་ཆེན་མོའི་དགོངས་དོན་སོགས་གཞིར་བཟུང་ནས་རྫོང་ཡོངས་ཀྱི་རིག་རྩལ་མི་སྣ་གསོ་སྐྱོང་དང་། སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་བྱེད་སྒོ་སྤེལ་བའི་བརྒྱུད་ལམ་དང་ཐབས་ཤེས།   སྤྱི་ཚོགས་ལས་རིགས་དང་ཁུལ་དང་རྫོང་ཡོངས་ཀྱི་ལས་དོན་གལ་ཆེན་ལ་ཞབས་ཞུ་བསྒྲུབ་སྟངས།   ཚོགས་མིའི་བསམ་བློའི་སློབ་གསོ་དང་སྤྱི་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་འཛུགས་གཉེར། དམིགས་སྔའི་དཀའ་ཁག་སེལ་ཐབས་བཅས་ཀྱི་ཆ་ནས་གྲོས་འདོན་དང་མཛུབ་སྟོན་གང་ལེགས་མཛད། གཞན་དེང་ཕྱིན་གྱི་བྱ་བའི་ཁྲོད་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས་གོང་འོག་དཔུང་བ་མཉམ་གཤིབ་ཀྱིས་དཀའ་སྤྱད་འབད་བརྩོན་དང་། མཐུན་སྒྲིལ་གཅིག་རྟེན་བཅས་ཀྱི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་དེང་ཕྱིན་གྱི་བྱ་བ་མ་ལུས་རྒྱུ་སྤུས་མཐོ་པོའི་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་དགོས་བའི་བླང་བྱ་ནན་མོ་བཏོན།    དེར་མཐུད་དེ་རྩོམ་སྒྲིག་པ་ཕྱག་རྡོར་ཚེ་རིང་ལགས་ཀྱིས་ཁུལ་ཡོངས་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ལས་དོན་བསྒྲུབས་ཚུལ་དང་།   ཁྱད་པར་ཀླུ་ཆུའི་རྩོམ་པ་པོ་མཐུན་ཚོགས་ཀྱི་བྱ་བའི་གྲུབ་འབྲས་ལ་ཕྱོགས་གསུམ་གྱི་སྤྱི་སྡོམ་དང་བསྔགས་བརྗོད་བྱས་པ་མ་ཟད། མ་འོངས་ལས་དོན་ལ་ཡང་ཐབས་འདོན་ཇུས་འདོན་གང་མང་གནང་།


3.jpg

སྐལ་བཟང་མེ་ཏོགདུས་དེབ་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་གཞོན་པའམ། རྩོམ་སྒྲིག་པ། རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོའོ་ཀྲུང་གིས་གཏམ་བཤད་གནང་བཞིན་པ།




4.jpg