བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་ཡིག་མཁན་ཆུང་ཆུང་། སློབ་བུ་བཀྲ་ཤིས་བཟང་པོའི་བརྩམས་ཆོས།
ཡིག་མཁན་ཆུང་ཆུང་བཀྲ་ཤིས་བཟང་པོ་འི་མཚམས་སྦྱོར་མདོར་བསྡུས། བཀྲ་ཤིས་བཟང་པོ་ནི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་འབྲི་རུ་གྲོང་རྡལ་འཕེལ་པ་གྲོང་ཚོའི་ཕ་དངོས་གྲུབ་ནོར་བུ་དང་། མ་བསོད་ནམས་སྒྲོལ་དཀར་གཉིསཀྱི་ཕྲུ་གུར་སྤྱི་ལོ་༢༠༡༡ ལོའི་ཟླ་བ་ ༧ པའི་་ཚེས་ ༣ ཉིན་སྐྱེས། དེ་ནས་སློབ་ལོ་ལོན་ནས་སྤྱི་ལོ་༢༠༡༨ལོའི་ཟླ་བ་ ༩ པར་འབྲི་རུ་རྫོང་བུ་བཅོལ་ཁང་དང་པོའི་ནང་དུ་སློབ་ཞུགས་བྱས། སྤྱི་ལོ་༢༠༡༩ལོའི་ཟླ་བ་ ༩ པའི་ནང་འབྲི་རུ་རྫོང་སློབ་ཆུང་དང་པོའི་ནང་སློབ་ཞུགས་བྱས་ནས་ད་ལྟ་ལོ་རིམ་ལྔ་པར་སླེབས། དེ་ནས་སློབ་གྲྭའི་བཀོད་སྒྲིག་བཞིན་འབྲི་རུ་རྫོང་སློབ་ཆུང་དང་པོའི་ཡིག་གཟུགས་སྦྱོང་བརྡར་གླིང་བཙུགས་ནས་དགེ་རྒན་བསླབ་གསུམ་སོགས་དགེ་བའི་གཤེས་གཉེན་ཚུལ་བཞིན་བསྟེན་ནས་བོད་ཡིག་ཡིག་གཟུགས་ལེགས་པར་སྦྱང་དང་བསྦྱང་བཞིན་པ་ཡིན། དེར་མ་ཟད་དགེ་རྒན་དང་ཕ་མ་གཉིས་ཀྱིས་ལམ་སྟོན་འོག་རིག་གནས་སྤྱི་ལ་འབད་པ་ཆེན་པོའི་སྒོ་ནས་སློབ་སྦྱོང་ཡང་དག་པ་བྱེད་བཞིན་ཡོད། ཕྲུ་གུ་རང་ཉིད་ཀྱི་སོར་མོའི་སྒྱུ་རྩལ་ལས་འཁྲུངས་པའི་ཡིག་གཟུགས་ཡག་པོ་བྱུང་བ་དེ་ལ་བྱ་དགའ་ཐེངས་མང་ཐོབ་མྱོང་ཡོད། ལོ་ན་ཆུང་ཆུང་སྐབས་ནས་བོད་ཡིག་་ཡིག་གཟུགས་བྲི་རྒྱུ་ནི་ཧ་ཅང་གི་དགའ་པོ་ཡོད་པ་ཞིག་ཡིན་ནོ།།
|