གཏེར་ལུང་དགོན་པས་སྐབས་དང་པོའི་ཡིག་གཟུགས་ཟབ་སྦྱོང་འཛིན་གྲྭ་བསྒྲུབས་པ།
༢༠༢༣ལོའི་དབྱར་གནང་གི་གོ་སྐབས་དང་བསྟུན། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གཏེར་ལུང་དགོན་པས་བོད་ཀྱི་ཡིག་མཁན་ཆེན་མོ་རྒན་སངས་རྒྱས་བཀྲ་ཤིས་ལགས་གདན་འདྲེན་གྱིས་ཡིག་གཟུགས་ཀྱི་ཟབ་སྦྱོང་འཛིན་གྲྭ་སྒྲུབ་པའི་སྐལ་བཟང་རེ་བའི་འབྲས་སུ་སྨིན་ཞིང་། དགོན་པའི་གྲྭ་ཚང་ཐུན་མོང་གིས་ཟབ་སྦྱོང་གི་ལས་ཀར་ཐོག་མཁའ་བར་གསུམ་དུ་མཐོང་ཆེན་རྒྱ་ཆེར་གནང་ཞིང་། གྲྭ་བ་རྒན་དར་གཞོན་གསུམ་ཚང་མ་ཡིག་གཟུགས་ཀྱི་ཡུན་ཐུང་གསོ་སྦྱོང་འཛིན་གྲྭར་ཞུགས་ཏེ་དབུ་ཅན་དང་དབུ་མེད་སོགས་གོ་རིམ་བཞིན་སྦྱང་མགོ་ཚུགས།
རྒན་ཁོང་གིས་རང་གི་བླ་མའི་གདན་ས་ནས་ཡིག་གཟུགས་ཁྲིད་རྒྱུ་བྱུང་བ་ཧ་ཅང་ནས་སྐལ་བ་བཟང་ངོ་ཞེས་པའི་གསུངས་གིས་མདུན་བསུས་ཏེ་བོད་ཀྱི་ཡིག་གཟུགས་རིག་པའི་བྱུང་བ་དང་འབྲེལ་ཏེ་ལག་ལེན་ལ་ཇི་ལྟར་འདེབས་པའི་ཚུལ་རྒྱས་པར་བསླབ།
|