设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅ཡིག་གཟུགས་དུས་ཆེན་ཆེད་སྒྲིག书法日专题བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家སྡེ་ཁག་འོས་སྦྱོར།团体推介ཡིག་གཟུགས་ཁེ་ལས།书法企业ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

ཡིག་གཟུགས་འགྲེམ་སྟོན་དང་བྱ་དགའ་སྟེར་བའི་མཛད་སྒོའི་བརྡ་ཡིག

 二维码 1732
发表时间:2023-07-17 10:04作者:འགྲན་བསྡུར་རྩ་འཛུགས་ཚན་ཆུང་།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་༧༠ལོན་པར་རྟེན་འབྲེལ་ཞུ་བའི་“ཐོན་མིའི་ཡིག་རྒྱུན་"རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ཆེན་མོ་སྐབས་གསུམ་པའི་བྱ་དགའ་སྟེར་བ་དང་བརྩམས་ཆོས་འགྲེམ་སྟོན་གྱི་མཛད་སྒོའི་བརྡ་ཡིག



甘南建州70周年标志.jpg


བོད་མདོ་དབུས་ཁམས་གསུམ་གྱི་ཡིག་མཁན་དང་བྱ་དགའ་ཐོབ་པའི་འགྲན་ཞུགས་པ་རྣམས་ལ་ཞུ་གསོལ།

    སྤྱི་ཟླ་༧པའི་ཚེས་༢༤ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུའི་སྟེང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་ཤ་བཙོས་ཐང་རིག་གནས་ཡུལ་སྐོར་ཐོན་ལས་གླིང་ནས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་༧༠ལོན་པར་རྟེན་འབྲེལ་ཞུ་བའི་ཐོན་མིའི་ཡིག་རྒྱུན་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་སྐབས་གསུམ་པའི་བྱ་དགའ་སྟེར་བ་དང་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་”གྱི་མཛད་སྒོ་སྤེལ་རྒྱུ་ཡིན་པས།   བྱ་དགའ་ཐོབ་པའི་ཡིག་མཁན་དང་སྐུ་མགྲོན་རྣམ་པས་བོད་ཁམས་ཡོངས་ཀྱི་ས་ཕྱོགས་སོ་སོ་ནས་ཐོན་པའི་ཡིག་གཟུགས་སྣ་བརྒྱའི་བརྩམས་ཆོས་འགྲེམ་སྟོན་ལ་ཡུལ་དངོས་ནས་རོལ་མྱོང་དང་གཟིགས་ཞིབ་གནང་འདོད་མཁན་ཚང་མ་དུས་ལྟར་ཕེབས་པར་དགའ་བསུ་ཞུ།

   འགྲེམ་སྟོན་མཛད་སྒོ    ཟླ༧ཚེས༢༤ཉིན་གྱི་སྔ་དྲོའི་ཆུ་ཚོད་༩བ།

   འགྲེམ་སྟོན་ས་གནས།   ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ཤ་བཙོས་ཐང་རིག་གནས་ཡུལ་སྐོར་ཐོན་ལས་གླིང་།

   འགྲེམ་སྟོན་དུས་ཡུན། ༢༠༢༣ལོའི་ཟླ༧ཚེས༢༤ཉིན་ནས་ཟླ༨ཚེས་༢༤ཉིན་བར།

   ལམ་ཐིག་སྣེ་ཁྲིད་ས་ཁྲ།    སྦྲེལ་གནས་འདི་མནན་ན་ལམ་ཐིག་ལ་ལྟ་ཐུབ།

གསལ་བཤད།   བྱ་དགའ་ཐོབ་པའི་ཡིག་མཁན་ལས་ས་ཐག་རིང་བའི་དབང་གིས་ཡུལ་དངོས་སུ་ཡོང་མ་ཐུབ་ན་བྱ་དགའི་དཔང་ཡིག་དང་བྱ་དགའི་དངུལ། ལེགས་སྐྱེས་བཅས་སྦྲགས་སྲིད་བརྒྱུད་དེ་སྐུར་རྒྱུ་ཡིན་པས་རང་གི་ཐོབ་དཔང་ཨང་རྟགས་དང་ས་མིང་ནོར་ཡོད་མེད་ལ་དོ་ཁུལ་གནང་རོགས།