设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

སྐལ་བཟང་ཚེ་རིང་།

 二维码 1164
发表时间:2023-07-16 00:55作者:སྐལ་བཟང་ཚེ་རིང་།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།

སྐལ་བཟང་ཚེ་རིང་།


尕藏才狼作品 (4)_副本.jpg



         པིར་མིང་ལ་སྤྱང་སྐལ་དུ་འབོད། ཡུལ་མདོ་ཁམས་སྨད་ཀྱི་སའི་ཆར་གཏོགས་འབྲོག་སྡེ་ཟངས་དཀར་སྟོད་ཀྱི་སྐྱ་མགོའི་ཤར་བ་ཚང་ཟེར་བའི་ཁྱིམ་ཚང་རྙིང་བ་ཞིག་ཏུ་སྐྱེས། ཕ་དང་ཨ་མྱེ་གཉིས་ཀར་ལག་བདེ་བ་ལས་གཞན་མ་སྐོར་ལ་ཡང་ལག་བདེ་མོ་ཡོད་སྟབས་ཉེ་སྐོར་གྱི་མིང་ལ་ཡང་བཅའ་བཟོ་བ་ཞེས་ཡུལ་མི་ཚོས་འབོད་སྲོལ་ཡོད། ཁོ་ཡང་ཆུང་དུས་ནས་འདིའི་ཕྱོགས་ལ་གཞན་ལས་ལྷན་སྐྱེས་ཀྱི་འཇོན་ནུས་ལྡན། ལོ་བདུན་གྱི་སྟེང་རིམ་བཞིན་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་བརྒྱུད་དེ་སློབ་མཐར་ཕྱིན་ནས་དགེ་རྒན་གྱི་ལས་གནས་སུ་ཞུགས།   དུས་དེར་བོད་ཀྱི་ཡིག་གཟུགས་འདི་ཉིད་ལ་སྔར་མེད་ཀྱི་མཐོང་ཆེན་དང་གསར་དར་བྱེད་པའི་སྒང་ཡིན་པས་ཁོ་ཡང་ཡིག་གཟུགས་ལ་མོས་པ་ཆེན་པོ་ཡོད་ཁར་བོད་ཁམས་ན་མིང་གྲགས་ཆེ་བའི་ཡིག་མཁན་ཨ་ཁུ་པད་དཀར་འབངས་དང་དགེ་མང་འཇམ་དཔལ་སོགས་དང་མཇལ་ཏེ། ཡིག་གཟུགས་ཀྱི་སྐོར་ནས་ལུང་དང་མན་ངག་སོགས་ཀྱི་གདམས་པ་སྣ་ཚོགས་ཐོབ་པས་ཡིག་གཟུགས་ལ་སྔར་ལས་དུངས་པར་འགྱུར།   སྔ་རྗེས་སུ་བོད་ཀྱི་ཡིག་མཁན་བསྟན་འཛིན་དང་སེང་གེ་དར་རྒྱས། སངས་རྒྱས་བཀྲ་ཤིས། རྡོར་བྷ་སོགས་ཡིག་མཁན་མཁས་པ་བཅུ་གྲངས་ལས་ཡིག་གཟུགས་བྲིས་རྒྱུན་གྱི་ལུང་ཐོབ། རྔ་བ་རྫོང་དུ་བོད་ཀྱི་ཡིག་གཟུགས་སྐོར་ནས་བྱ་འགུལ་དང་ཕྱག་ལས་མང་དུ་གནང་བས་ས་གནས་དེར་བོད་ཀྱི་ཡིག་གཟུགས་དར་རྒྱས་གོང་འཕེལ་དུ་གཏོང་བར་མཛད་པའི་བྱས་རྗེས་བླ་ན་མཐོ། ད་ལྟ་རྔ་ཁུལ་ཡིག་གཟུགས་མཐུན་ཚོགས་བོད་ཡིག་ཡིག་གཟུགས་ཀྱི་དྲུང་ཡིག་དང་།   རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ། ཁུལ་རིམ་པའི་ཡིག་གཟུགས་འགྲེམ་སྟོན་རབ་དང་རིམ་པར་ཞུགས་ཏེ་གཟེངས་རྟགས་དང་བསྟོད་པའི་བསྔགས་བརྗོད་གང་མང་ཐོབ་ལ། ད་ལྟ་ལས་ཞོར་དཔྱད་འདེམ་པའི་ཕྱག་ལས་གནང་བཞིན་ཡོད།

                                        གདན་ཚྭ་སེང་གེ་ཡིས།


尕藏才狼作品 (9).jpg



尕藏才狼作品 (7).jpg



尕藏才狼作品 (8).jpg



尕藏才狼作品 (6).jpg




尕藏才狼作品 (5).jpg



尕藏才狼作品 (2).jpg



尕藏才狼作品 (1).jpg



尕藏才狼作品 (3).jpg