ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་བོད་ཀྱི་ཡིག་གཟུགས་བརྩམས་ཆོས་དཔྱད་འདེམས་ཚད་གཞི།
སྐབས་དང་པོ་ཡིག་གཟུགས་འགྲན་བསྡུར་གྱི་རྨང་གཞིའི་སྟེང་ལེགས་བཅོས་བྱས་ཏེ་སྐབས་གསུམ་པའི་དཔྱད་འདེམ་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བ།
གཅིག བརྗོད་བའི་ཆ་ནས་སྐར༡།
1.བརྗོད་བྱ་འབུར་དུ་ཐོན་ལ་བྱ་འགུལ་གྱི་བརྗོད་དོན་དང་འབྲེལ་ཆགས་པསྐར༠.༥།
2.ནང་དོན་ཁ་གསལ་ཞིང་ཡར་སྐུར་ལྡན་པ།སྐར༠.༥
གཉིས།ཡིག་གཟུགས་ཀྱི་ཆ་ནས་སྐར༤།
1.ཡིག་གཟུགས་ཚད་ལྡན་ཡིན་ལ་བྲིས་རྒྱུན་ཚད་ལྡན་ལ་སྦྱང་བ་སོང་ཡོད་པ། སྐར༡
2.ཡིག་གཟུགས་ཀྱི་རུས་རྐང་བརྟན་པོར་ཆགས་པ་དང་།ཤ་གཟུགས་ལེགས་ལ་མཛེས་ཉམས་དོད་པོ་ཆགས་པ།སྐར༢
3.ཡིག་རྒྱུན་གང་ཡིན་པ་དེའི་སྤྱིའི་ཁྱད་ཆོས་མངོན་གསལ་དོད་པོ་ཆགས་པ་དང་དག་སྙོམ་མཛེས་གསུམ་ཐོན་པ།སྐར༡
གསུམ།པར་ངོས་ཀྱི་ཆ་ནས།སྐར༢
1.པར་ངོས་བཀོད་སྒྲིག་ཁྱད་ཆོས་ལྡན་ལ།བཀོད་སྒྲིག་ཚགས་དམ་ཞིང་སྙོམ་པོར་ཆགས་པ།ཡིད་དབང་འཕྲོག་པའི་ཡོན་ཏན་དང་ལྡན་པ།སྐར་༡
2.སྣག་ལམ་སྙོམ་པོ་ཡོད་པ་དང་སྤྱིའི་ཆ་ནས་འཇམ་མཉེན་དམ་དྲག་གི་རྣམ་འགྱུར་གསལ་བ།སྐར་༡
བཞི། ཟུར་རྒྱན་གྱི་ཆ་ནས། སྐར༣།
1.མཇུག་བྱང་འགོད་ཚུལ་ལུགས་མཐུན་ཡིན་པ།སྐར༡
2.ཡིག་ཐམ་སྤྱོད་ཚུལ་སྲོལ་རྒྱུན་དང་མཐུན་ལ། ཐམ་ཀའི་མང་ཉུང་ཆེ་ཆུང་དང་དབྱིབས་གཟུགས་སོགས་བརྩམས་ཆོས་དང་ཆ་མཐུན་ཡོད་པ།ཤོག་བུ་དང་སྣག་ཚའི་འདེམ་ཀ་ལ་མཁས་པ། སྐར༡
3.ཡིག་སྲོལ་སུམ་རྟགས་ཀྱི་དགོངས་པ་དང་མཐུན་ལ་ནོར་འཁྲུལ་མེད་པ།༡
བོད་ཀྱི་ཡིག་གཟུགས་དྲ་བའི་དྲུང་ཡིག་ཁང་།
༢༠༢༣ལོའི་ཟླ༦ཚེས༡༠ཉིན།
|