设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女子展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

ཡིག་གཟུགས་བརྩམས་ཆོས་དཔྱད་འདེམས་སྲོལ་ཡིག

 二维码 174
发表时间:2023-06-10 14:55作者:རྩོམ་སྒྲིག་ཁང་།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།

ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་ཡིག་གཟུགས་བརྩམས་ཆོས་དཔྱད་འདེམས་སྲོལ་ཡིག

སྐབས་གཉིས་པའི་ཐོན་མིའི་ཡིག་རྒྱུན་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ཁྲོད་གཏན་འབེབ་བྱས་ཤིང་། སྐབས་གསུམ་བའི་བྱ་འགུལ་སྐབས་ལེགས་བཅོས་བྱས་ཤིང་ཟླ༦ཚེས༡༠ཉིན་གྱི་དཔྱད་འདེམ་གྲོས་ཚོགས་ཐོག་གྲོས་བསྡུར་བྱས་ཏེ་གྲོས་འཆམ་བྱུང་བ།


དང་པོ། ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་ཡིག་གཟུགས་བརྩམས་ཆོས་དཔྱད་འདེམས་སྲོལ་ཡིག་ནི་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་ཡིག་གཟུགས་བརྩམས་ཆོས་དཔྱད་འདེམས་བྱ་འགུལ་སྣ་ཚོགས་ལ་བཀོལ་སྤྱོད་བྱ་རྒྱུའི་ཡིག་ཆ་ཡིན།གཤམ་ནས་སྲོལ་ཡིག་ཏུ་འབྲི།

གཉིས་པ། སྲོལ་ཡིག་གི་སྤྱོད་ཡུལ་ནི།ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་བརྩམས་ཆོས་དཔྱད་འདེམས་ཀྱི་རིགས་ཚང་མ་ལ་ཐུན་མོང་དུ་བེད་སྤྱོད་གཏོང་རྒྱུ།

གསུམ།གོང་བཀོད་བྱ་འགུལ་ཁྲོད་ཡིག་གཟུགས་བརྩམས་ཆོས་ལ་དཔྱད་འདེམས་བྱེད་སྐབས་བྱ་འགུལ་ལ་ཞུགས་མཁན་གྱིས་ངེས་པར་དུ་སྲོལ་ཡིག་གི་ནང་དོན་ཁས་ལེན་པ་མ་ཟད།ལྷག་པར་དུ་སྲོལ་ཡིག་ལྟར་གདན་ཞུའི་དཔྱད་འདེམ་ཨུ་ཡོན་ལྷན་ཚོགས་ཀྱི་དཔྱད་འདེམས་མཇུག་འབྲས་དང་ཡིག་གཟུགས་བརྩམས་ཆོས་ལ་སྤེལ་བའི་དཔྱད་བརྗོད་སྣ་ཚོགས་ལ་ཡང་དག་པའི་གོ་བ་ལེན་པ་དང་དཔྱད་བརྗོད་སྤྱི་སྡོམ་ལ་བརྩི་འཇོག་བྱ་དགོས།

བཞི།དཔྱད་འདེམ་དང་དཔྱད་བརྗོད་མཇུག་འབྲས་ལ་བསམ་འཆར་ཡོད་ཚེ་ལུགས་མཐུན་གྱིས་སྒོ་ནས་འབྲེལ་གཏུག་བྱེད་པ་ལས་ཨུ་ཡོན་མི་སྒེར་ལ་གུས་ལུགས་མེད་པའི་གཏམ་སྤྱོད་སོགས་སྤེལ་མི་ཆོག

ལྔ།དྲ་ཚིགས་ཀྱི་བྱ་འགུལ་སྣ་ཚོགས་ལ་ཞུགས་མཁན་ཚང་མས་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་བརྩམས་ཆོས་དཔྱད་འདེམ་ཚད་གཞིའིགཏན་འཁེལ་ནང་དོན་ཚང་མ་ཁས་ལེན་བྱས་པ་མཚོན་པ་མ་ཟད།ཚད་གཞི་ལྟར་དཔྱད་འདེམས་བྱས་བའི་མཇུག་འབྲས་ལེགས་ཉེས་གང་ཡིན་རུང་ཁས་ལེན་དང་མོས་མཐུན་བྱ་དགོས།མོས་མཐུན་མེད་ཚེ་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་བྱ་འགུལ་ལ་ཞུགས་པའི་ཐོབ་ཐང་ཤོར་བ་ཡིན།

དྲུགཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་བརྩམས་ཆོས་དཔྱད་འདེམས་ཀྱི་བྱ་བ་ཚང་མ་དཔྱད་འདེམས་ཨུ་ཡོན་ལྷན་ཚོགས་ཀྱིས་ཡུལ་དུས་གནས་སྐབས་དང་བསྟུན་པའི་ཐག་བཅད་ལྟར།དྲ་ལམ་མམ་ཡིག་སྐུར་དང་། དཔྱད་འདེམ་དགེ་རྒན་གྱི་མདུན་དུ་ངོ་གཏུགས་བྱེད་པ།ཡང་ན་དཔྱད་འདེམས་དགེ་རྒན་ཚུར་ལ་གདན་འདྲེན་ཞུ་བ་སོགས་ཀྱི་རྣམ་པའི་སྟེང་ནས་དཔྱད་འདེམས་བྱ་བ་བསྒྲུབ་རྒྱུ་ཡིན།

བདུན། དཔྱད་འདེམ་དགེ་རྒན་ནི་ལོ་ལྔ་རེ་ནས་གནས་ཚུལ་ལྟར་བསྐྱར་འདེམས་བྱེད་པའམ།ཁ་གསབ་གདན་ཞུ་བྱས་ནས་མི་སྣ་ཞེ་གཉིས་ཀྱི་གྲངས་ཀ་འདང་ངེས་བྱ་རྒྱུ།

བརྒྱད། བརྩམས་ཆོས་དཔྱད་འདེམ་ལ་དཔྱད་འདེམ་ཨུ་ཡོན་གྱི་སྤྱིའི་ཁ་གྲངས་ཀྱི་བརྒྱ་ཆ་སུམ་ཅུ་སོ་ལྔ་འདང་དུས་བརྩམས་ཆོས་དཔྱད་འདེམ་གྱི་བྱ་བ་སྤེལ་ཆོག་པ་མ་ཟད།དཔྱད་འདེམ་མཇུག་འབྲས་ཀྱང་ནུས་ལྡན་དུ་བརྩི་རྒྱུ་ཡིན།

དགུ།ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་བརྩམས་ཆོས་དཔྱད་འདེམ་ཨུ་ཡོན་ལྷན་ཚོགས་ཀྱིས་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་བརྩམས་ཆོས་དཔྱད་འདེམ་ཚད་གཞིགཏན་འཁེལ་དང་ལེགས་བཅོས་གཏོང་རྒྱུ་ཡིན།

བཅུ། དཔྱད་འདེམ་ཚད་གཞིའི་ནང་དོན་དཔྱད་འདེམས་ཨུ་ཡོན་ལྷན་ཚོགས་ཐུན་མོང་གིས་གྲོས་བསྡུར་བྱས་ནས་བསྒྱུར་བཅོས་གཏོང་བ་ལས་མི་སྒེར་གྱིས་གང་འདོད་དུ་སྣོན་འཕྲི་བྱ་རྒྱུ་མིན།

      བཅུ་གཅིག   སྲོལ་ཡིག་འདི་གྲོས་བསྡུར་ཐག་གཅོད་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

བཅུ་གཉིས། སྲོལ་ཡིག་དང་ཚད་གཞིའི་ནང་དོན་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་རྩོམ་སྒྲིག་ཁང་གིས་དོན་འགྲེལ་བརྒྱབ་པ་ལྟར་རོ།།