设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅ཡིག་གཟུགས་དུས་ཆེན་ཆེད་སྒྲིག书法日专题བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家སྡེ་ཁག་འོས་སྦྱོར།团体推介ཡིག་གཟུགས་ཁེ་ལས།书法企业ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

དཔྱད་འདེམ་གོ་རིམ་དང་བྱ་དགའི་རྣམ་གྲངས་གནས་ཚུལ།

 二维码 304
发表时间:2023-06-10 08:05作者:རྩོམ་སྒྲིག་ཁང་ནས།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།

ཐོན་མིའི་ཡིག་རྒྱུན་སྐབས་གསུམ་པའི་རྒྱལ་ཡོངས་ཀྱི་ཡིག་གཟུགས་འགྲན་སྡུར་ཆེན་མོའི་བརྩམས་ཆོས་དཔྱད་འདེམ་གོ་རིམ་དང་བྱ་དགའི་རྣམ་གྲངས་གནས་ཚུལ།


དང་པོ། བརྩམས་ཆོས་དཔྱད་འདེམས་གོ་རིམ་དང་བླང་བྱ།

    ༡.ཐེངས་འདིའི་འགྲན་བསྡུར་གྱི་དཔྱད་འདེམ་བརྒྱུད་རིམ་ནི་དཔྱད་འདེམ་ཐོག་མ་དང་བར་མ། རྟིང་རྩོད་བཅས་གོ་རིམ་གསུམ་ངེས་པར་དུ་བརྒྱུད་དགོས།

    ༢.དཔྱད་འདེམ་ཐོག་མ་ནི་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་རྩོམ་སྒྲིག་ཁང་གིས་ཡིག་གཟུགས་ཆེད་མཁས་གསུམ་ལས་མི་ཉུང་བ་གདན་ཞུ་བྱས་ནས་འདི་གར་འབྱོར་བའི་བརྩམས་ཆོས་ཧྲིལ་བོ་ཐོ་འགོད་དང་། བྱ་འགུལ་གྱི་བརྗོད་དོན་དང་བླ་བྱ་སོགས་ལ་མི་མཐུན་པའི་བརྩམས་ཆོས་སོགས་ཕྱིར་འབུད་བྱས་ནས་བརྩམས་ཆོས་ཉིས་བརྒྱ་ཡས་མས་སུ་གཏོང་རྒྱུ།

    ༢.དཔྱད་འདེམ་བར་མ་ནི་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་དཔྱད་འདེམས་དགེ་རྒན་༤༢ལས་ཆ་རྐྱེན་གང་འཛོམས་དང་། འགྲན་བསྡུར་ལ་མ་ཞུགས་པའི་དཔྱད་འདེམས་པ་མི་༡༥ཡས་མས་ཡུལ་དངོས་སུ་གདན་འདྲེན་ཞུས་ནས་སྐར་མ་རྒྱག་པའི་ཐབ་ལམ་ལྟར་བརྩམས་ཆོས་མི་འདྲ་བ་༡༣༦་ཡས་མས་འདེམ་རྒྱུ།

    ༣.རྟིང་རྩོད་དཔྱད་འདེམ་ནི་བོད་ཀྱི་ཡིག་གཟུགས་དྲ་བའི་ལྗོངས་ཞིང་ལྔའི་དཔྱད་འདེམས་པ་དགེ་རྒན་༤༢ལས་རྒྱན་རྒྱག་པའི་ཐབས་ལྟར། དཔྱད་འདེམས་པ་མི་༡༥ཡན་གྱིས་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་བརྩམས་ཆོས་དཔྱད་འདེམ་སྲོལ་ཡིགདང་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་བརྩམས་ཆོས་དཔྱད་འདེམ་ཚད་གཞིསོགས་ཡིག་ཆ་གཞིར་བཟུང་ནས་དཔྱད་འདེམ་བར་མ་ལས་རྒྱལ་པའི་བརྩམས་ཆོས་ཡོད་ཚད་ལ་སྐར་མ་བརྒྱག་རྒྱུ། ཆ་སྙོམ་ཀྱི་སྡོམ་ཐོབ་སྐར་གྲངས་དམའ་མཐོ་ལྟར་ཨང་རིམ་སྒྲིག་རྒྱུ།

    ༤.གཞན་འགྲེམ་སྟོན་འདེམས་ཐོན་བརྩམས་ཆོས་འདེམ་པ་ལ། དྲ་ལམ་ནས་སྐར་མ་རྒྱག་པའི་ཐབས་ལམ་གྱིས་ཟུར་རྒྱན་དེ། ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་ལམ་གྱི་སྐར་མ་འགོད་པའི་བརྒྱུད་རིམ་ཁྲོད་ནས་ཆེས་དགའ་བསུ་ཐོབ་པའི་བརྩམས་ཆོས༣༠འདེམ་ནས་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་ཆེས་དགའ་བསུ་ཐོབ་པའི་ཡིག་མཁན་གྱི་དཔང་རྟགས་གནང་རྒྱུ།

གཉིས་པ། ཐེངས་འདིའི་བྱ་དགའི་ཨང་རིམ་རྣམ་གྲངས་དང་བྱ་དགའི་བདག་རྐྱེན་གནས་ཚུལ།

    ཐེངས་འདིའི་འགྲན་སྡུར་གྱི་ཡིག་རྒྱུན་དང་ཡིག་གཟུགས་ལ་དབྱེ་བ་མི་དགར་ཞིང་ཨང་དང་པོ་༡།   ཨང་གཉིས་པ་༢།   ཨང་གསུམ་པ་༣། ཕུལ་བྱུང་བྱ་དགའ་༣༠། ཆེས་དགའ་བསུ་ཐོབ་པའི་ཡིག་མཁན་༣༠།འགྲེམ་ཚུད་བརྩམས་ཆོས་༣༤བཅས་སྡོམ་པས་མི་༡༠༠ལ་བྱ་དགའ་བྱིན་རྒྱུ།

    ༡.ཨང་དང་པོ་དང་གཉིས་པ། གསུམ་པ་ཐོབ་མཁན་གྱི་ཡིག་གཟུགས་པ་རྣམས་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་ཡིག་གཟུགས་མཁས་འགྲེམ་སྟོན་ཁང་ནས་མི་སྒེར་གྱི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་བར་སྟོང་ཀྲོའོ༡༠༠༠ལོ་གཅིག་ལ་རིན་མེད་དུ་བྱིན་རྒྱུ་དང་།

    ༢.ཕུལ་བྱུང་བྱ་དགའ་ཐོབ་པའི་ཡིག་མཁན་ལ་བྱ་དགའི་དབང་ཡིག་གཅིག   ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་ཡིག་གཟུགས་མཁས་པའི་འགྲེམ་སྟོན་ཁང་ནས་མི་སྒེར་གྱི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་ཁང་གི་བར་སྟོང་ཀྲོའོ༥༠༠་ལོ་གཅིག་ལ་རིན་མེད་དུ་བྱིན་རྒྱུ།

    ༣. དྲ་ལམ་ནས་ཆེས་དགའ་བསུ་ཐོབ་པའི་ཡིག་མཁན་ལ་དབང་ཡིག་གཅིག   ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་ཡིག་གཟུགས་མཁས་པའི་འགྲེམ་སྟོན་ཁང་ནས་མི་སྒེར་གྱི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་ཁང་གི་བར་སྟོང་ཀྲོའོ༢༠༠་ལོ་གཅིག་ལ་རིན་མེད་དུ་བྱིན་རྒྱུ།

    ༤.འདེམས་ཐོན་ཡིག་གཟུགས་བརྩམས་ཆོས་ནང་ཚུད་པའི་ཡིག་གཟུགས་ཚང་མ་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་སྟེང་འགྲེམ་སྤེལ་བྱེད་པ་མ་ཟད། ཀྲུང་གོའི་སྐོར་བྲོའི་ཕ་ས་ཀླུ་ཆུའི་སྐོར་བྲོ་འགྲན་བསྡུར་གྱི་སྐབས་སུ་ཡུལ་དངོས་འགྲེམ་སྟོན་ཟླ་དྲུག་ལ་འཇོག་རྒྱུ།

    ༥.ཨང་དང་པོ། གཉིས་པ། གསུམ་པ་དང་ཕུལ་བྱུང་བྱ་དགའ་ཐོབ་མཁན་ཀྲུང་གོ་བོད་ཡིག་གཟུགས་དྲ་བའི་སྐབས་དང་པོའི་ཡིག་མཁན་ཚད་རིམ་ཡིག་རྒྱུགས་ལ་ཞུགས་པའི་བདག་དབང་ཐོབ་མ་ཟད། འགྲན་བསྡུར་མཇུག་རྫོགས་རྗེས་དཔྱད་འདེམས་པ་རྩ་འཛུགས་བྱས་ནས་ཡིག་མཁན་ཚད་རིམ་དཔྱད་བསྡུར་དང་དབང་ཡིག་གནང་རྒྱུ།