ན་གཞོན་ཡིག་མཁན་སྟག་ཚང་བཀྲ་ཤིས་དོན་གྲུབ་ཀྱི་བརྩམས་ཆོས་གདམ་བཀོད།
སྟག་ཚང་བཀྲ་དོན་ནམ་བཀྲ་ཤིས་དོན་གྲུབ་ནི་སྤྱི་ལོ་༢༠༠༡ལོའི་ཟླ་༥བར་མདོ་སྨད་ཀན་ལྷོ་ཀླུ་ཆུའི་སྟག་ཚང་ལྷ་མོར་སྐྱེས་ཤིང་།ཆུང་དུས་ནས་རིག་པ་དང་རྣམ་དཔྱོད་ཀྱི་རྩལ་རྩེར་སོན་པའི་སློབ་མ་ཞིག་ཡིན་ལ།སློབ་ཆུང་འགྲིམས་པའི་སྐབས་སུ་བཟང་གསུམ་སློབ་མའི་བྱ་དགའ་ཐེངས་དུ་མར་བླངས་ཤིང་།བསླབ་ཚན་སོ་སོའི་དགེ་རྒན་རྣམས་ཀྱིས་དམིགས་བསལ་གྱིས་ཁོ་ལ་རེ་བ་ཆེན་པོ་འཛིན་ཚུལ་ཁོའི་སློབ་གྲོགས་རྣམས་ཀྱི་ངག་ནས་ཡང་ཡང་ཐོས་མྱོང་།ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་ནས་སློབ་གཉེར་བྱེད་སྐབས་ཡང་རྩོམ་ཡིག་དང་གྲངས་རིག་ཤེས་བྱའི་འགྲན་བསྡུར།དེ་མིན་རྩེད་རིགས་སྣ་ཚོགས་ཀྱི་འགྲན་བསྡུར་ནས་ཀྱང་བྱ་དགའ་ཅི་རིགས་བླངས་མྱོང་བའི་ཁར།ཁོ་ལ་རྩོམ་འབྲིའི་རྣམ་དཔྱོད་ཤིན་ཏུ་རྒོད་ལ་དུས་རྒྱུན་འཚོ་བའི་ཁྲོད་ནས་བཅད་རྩོམ་ཚེག་བར་རིང་ཐུང་ཅི་རིགས་སྤེལ་བའི་རྩོམ་ཡིག་བརྩམས་ཆོས་མང་པོ་ཡོད་ལ།ཁོས་བྲིས་པའི་སྙན་རྩོམ་དག་ནི་སྡེབ་ལེགས་ཤིང་སྙན་ཆ་ལྡན་པས་ཀློག་པ་པོའི་ཡིད་དབང་གསོ་ཐུབ་པ་ཞིག་ཡིན་པ་སྨྲས་མ་དགོས་སོ།།ཁོ་མཐོ་འབྲིང་གཉིས་པའི་སྐབས་སུ་ཡིག་གཟུགས་འབྲི་སྦྱོང་ལ་གོམ་པ་ཐོག་དང་པོར་སྤོས་ཤིང་།ད་སྔ་བར་དུ་མི་ལོ་དྲུག་ལྷག་ཕྱིན་འདུག་ལ།ཁོས་དཀའ་བ་ཁྱད་དུ་བསད་ནས་ཡིག་གཟུགས་འབྲི་སྦྱོང་ཐད་གཞན་ལས་ལྷག་པའི་ཉམས་མྱོང་བསྡུ་ལེན་དང་གསོག་འཇོག ཤོག་ངོས་ཇུས་འགོད་སོགས་རང་ལུགས་སུ་ཆགས་པའི་བརྩམས་ཆོས་མང་པོ་འབྲི་ཅི་ཐུབ་བྱས་ཡོད་པ་ཁོའི་ཡིག་གཟུགས་བརྩམས་ཆོས་དག་ལས་མཐོང་ཐུབ་བོ།།ཁོ་རང་ལས་བསོད་ནམས་དང་ཚེ་སྔོན་གྱི་བསགས་སྦྱོང་བཟང་པོས་སློབ་ཆེན་དུ་ཞུགས་པ་ནས་ངེས་དོན་བོད་ཀྱི་ཡིག་མཁན་ཆེན་མོ་རྒན་སངས་རྒྱས་བཀྲ་ཤིས་ལགས་ཀྱི་མདུན་ནས་བརྒྱུད་ལྡན་བོད་ཀྱི་ཡིག་གཟུགས་རིགས་བཅུ་ཕྲག་གཉིས་ལྷག་ཚད་ལྡན་དུ་སྦྱངས་ཐུབ་པ་བྱུང་།༢༠༡༩ལོར་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་ནས་མཐོ་འབྲིང་མཐར་ཕྱིན་ནས་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་དུ་སློབ་གཉེར་གྱི་མགོ་བརྩམ་པ་ནས་བཟུང་།རྒན་སངས་རྒྱས་བཀྲ་ཤིས་ཀྱི་མཛུབ་སྟོན་འོག་དང་ཁོ་རང་གི་བརྩོན་པའི་རྒྱུན་མ་ལྷོད་པའི་འབྲས་རྟགས་སུ“在全国首届“妙墨中华杯”书画大赛中,表现突出,特授予,中国艺坛新秀”称号 !”དང་།“在全国首届“妙墨中华杯”书画大赛中,荣获 书法 组 三等奖”དང་།“在全国首届“妙墨中华杯”书画大赛中,经专家评委会,严格评定,荣获铜奖 ,并授予“书画艺术英才”称号!”དང་།“在藏语系藏文书法协会以“喜迎二十大、青春在行动”为主题的藏文书法大赛中,荣获:楷书体一等奖”དང་། 在藏语系藏文书法协会以“学习与贯彻党的二十大”为主题的藏文书法大赛中荣获:楷书体特等奖”དང་།“被评为甘肃民族师范学院藏语系藏文书法协会2021-2022学年度:优秀干部”དང་།“在藏语系藏文书法协会以“学习与贯彻党的二十大”为主题的藏文,书法大赛中荣获:社团优秀工作人员奖”སོགས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ།སློབ་གྲྭ་རིམ་པ།སྡེ་ཁག་རིམ་པ་སོགས་ཀྱི་བྱ་དགའ་ཚད་རིམ་མཐོན་པོ་ཅན་བླངས་མྱོང་བ་ལས་ཀྱང་ཁོའི་ཡིག་གཟུགས་འབྲི་སྦྱོང་གི་ཆུ་ཚད་དང་ལོ་དུ་མའི་རིང་གི་རྒྱུན་འཁྱོངས་ཤེས་ཐུབ།ཁོས་སློབ་ཆེན་ལོ་རིམ་གཉིས་པ་ནས་ཀན་སུའུ་དགེ་འོས་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་གཙོའི་འགན་ཁུར་ཏེ་སློབ་གྲྭ་ནས་ཡར་སྔོན་སྤེལ་མ་མྱོང་བའི་ཡིག་གཟུགས་འབྲི་སྦྱོང་སྐོར་གྱི་བྱ་འགུལ་སྣ་ཚོགས་སྤེལ་མྱོང་ལ།སློབ་གྲྭའི་ངོས་ཐད་ནས་ཀྱང་ཁོས་ཡིག་གཟུགས་འབྲི་སྦྱོང་ཐད་ལ་བྱས་རྗེས་མི་ཉུང་བ་བཞག་མྱོང་།ཕྱོགས་གཞན་ཞིག་ནས་བལྟས་ན།ཁོ་ནི་རྩོམ་རིག་ལ་དུང་བ་ཆེར་ཡོད་པའི་ན་གཞོན་དམིགས་བསལ་བ་ཞིག་ཡིན་ཏེ།གོང་ནས་བཤད་ཟིན་པ་བཞིན་ཁོ་ནི་བཅད་རྩོམ་འབྲི་བར་ཤིན་ཏུ་དགའ་བའི་ན་གཞོན་རྩོམ་པ་པོ་དང་བོད་ཀྱི་སྲོལ་རྒྱུན་རིག་རྩལ་སྣ་ཚོགས་ལ་འབྲེལ་འདྲིས་གཏིང་ཟབ་བྱེད་ཤེས་པའི་མི་རབས་འདིའི་ཚབ་མཚོན་མི་སྣ་ཞིག་ཏུ་ཆགས་རྒྱུའི་རེ་བ་ཡོད་ལ།ད་ནས་ཅང་མ་འགོར་བར་ཁོའི་བཅད་རྩོམ་སྙན་དེབ་ཐོག་མ་《ཁ་བའི་ཁྲོད་ཀྱི་རྐང་རྗེས་》ཞེས་པའང་དཔར་བསྐྲུན་ལེགས་པར་གྲུབ་ནས་མི་ཡུལ་དུ་བཀྲམ་ལ་ཉེ་བས།ཁོའི་རྣམ་དཔྱོད་ཀྱི་རྩལ་གྱིས་ཁྱེད་ཅག་སྒྱུ་རྩལ་གྱི་དག་ཞིང་གཞན་ཞིག་ཏུ་ཁྲིད་ངེས་སོ།། མདོར་ན།ཁོ་ནི་སྣ་གཅིག་ཙམ་མ་ཡིན་པར་ཕྱོགས་མང་པོ་ཞིག་ནས་ཀྱང་མི་སྣ་འཇོན་ཐང་ཅན་ཞིག་ཡིན། སྤྱིར་སྟག་ཚང་བཀྲ་དོན་ཁོ་ནི་ཁེངས་པ་སྤངས་ཤིང་རང་རློམ་ཆུང་ལ། མི་གཞན་ལ་བརྩི་བཀུར་ཆེ་ཞིང་གྲོགས་ལ་ཕྱི་ཐག་རིང་བའི་མི་བུ་ཞིག་ཡིན་པ་མ་ཟད།ཁ་ཞེ་གཉིས་མེད་ཀྱིས་མི་གཞན་ལ་རོགས་ཅི་ཐུབ་བྱེད་མཁན་གྱི་མི་བུ་ལྷག་བསམ་ཅན་ཞིག་ཡིན་པ་ཀུན་གྱིས་གཅིག་མཚུངས་སུ་སྨྲའོ།།
|