ཡིག་གཟུགས་དེབ་གསར་༼ ཆོས་འཁོར་བསྟན་རྒྱ་མཚོའི་ཡིག་གཟུགས་གཅེས་བཏུས་ ༽
ཞེས་པ་ཀླུ་ཆུ་རྫོང་ནས་འགྲེམ་སྤེལ་བྱས་པ།
དེ་རིང་ནི་༢༠༢༣ལོའི་བོད་ཟླ་༤ཚེས་༢ཡིན་ལ། བཀྲ་ཤིས་པའི་ཉིན་འདིར་ཀན་ལྷོ་ཁུལ་གྱི་ཡིག་གཟུགས་བྱེད་སྒོ་གལ་ཆེན་ཏེ་ལྷ་རིས་སྒྱུ་རྩལ་བའམ་བོད་ཀྱི་བྲིས་པ་གྲགས་ཅན་རྒན་ཆོས་འཁོར་བསྟན་འཛིན་རྒྱ་མཚོའི་ཡིག་གཟུགས་གཅེས་བཏུས་ཀྱི་དཔེ་དེབ་གསར་བ་འགྲེམ་སྤེལ་གྱི་མཛད་སྒོའི་དྲོད་ཁོལ་དང་མཐུད་དེ་ཀླུ་ཆུའི་རྫོང་མཁར་ནས་ཁོང་གི་དཔེ་དེབ་ལེགས་འགྲུབ་ལ་བཀྲ་ཤིས་རྟེན་འབྲེལ་ཞུ་བ་དང་། སྒྱུ་རྩལ་གྱི་རོ་བཅུད་མངར་བའི་དཔེ་དེབ་འདི་སྤྱི་ཚོགས་ཀྱི་ཕྱོགས་སོ་སོར་འགྲེམ་སྤེལ་བྱེད་པའི་མཐོ་རླབས་གསར་བ་བསྐྲུན།
བྱེད་སྒོར་འདིར་ཀླུ་ཆུའི་ཕྱོགས་སོ་སོ་ནས་ཕེབས་པའི་ཡིག་མཁན་དང་། སློབ་གྲྭ་ཆུང་འབྲིང་ཁག་གི་སློབ་གཙོ་དང་དགེ་རྒན། གཞི་རིམ་ཞིང་སྡེ་ནས་ཕེབས་པའི་ཡིག་གཟུགས་དགའ་ཞེན་པ། ཡུལ་མི་སྤུན་ཟླ་དང་ཁོང་གི་གཉེན་ཉེ་སོགས་མི་གྲངས་བཞི་བཅུ་ལྷག་གཞི་གཅིག་ཏུ་འཛོམས་ནས། ཡིག་གཟུགས་དེབ་གསར་འདིའི་འགྲེམ་སྤེལ་ལ་མཐོ་རླབས་དང་སེམས་ཤུགས་གསར་བ་བསྣན།
དེབ་གསེར་ནང་དོན་གདམ་བཀོད།
མཛད་སྒོའི་ཡུལ་དངོས་གནས་ཚུལ་པར་རིས།
གཏམ་བཤད་སྒྲ་ཐག་ཚན་བཏུས།
ཡིག་གཟུགས་ཀྱི་སྒྱུ་རྩལ་རོལ་མྱོང་བྱེད་བཞིན་པའི་བྲིས་པ་བྲིས་མ་དང་ཕྱི་རབས་བརྒྱུད་འཛིན་པའི་སྡེ།
ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་རྩོམ་སྒྲིག་ཁང་།
པར་ལེན། བཀྲ་ཤིས་དོན་གྲུབ་ཆེ་བ། བཀྲ་ཤིས་དོན་གྲུབ་ཆུང་བ།
གསར་འགོད་པ་། དཔལ་མགོན་ཚེ་རིང་།
བརྙན་ལེན་པ།བཀྲ་ཆུང་།
སྒྲིག་སྦྱོར་བ།ཧེ་རམ་པ།
|