设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女子展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

​​《ཆོས་འཁོར་བསྟན་འཛིན་རྒྱ་མཚོའི་ཡིག་གཟུགས་གཅེས་བཏུས》འགྲེམ་སྤེལ་བྱས།

 二维码 8
发表时间:2023-05-19 22:01作者:པད་མ་ཚེ་རིང་། མགོན་པོ་ཚེ་བརྟན།来源:ཀན་ལྷོ་ཉིན་རེ་ཚགས་པར་བོད་ཡིག་པར་གཞི།网址:https://mp.weixin.qq.com/s/GMEU_l4lZwcXBmpFO-zvow

ཆོས་འཁོར་བསྟན་འཛིན་རྒྱ་མཚོའི་ཡིག་གཟུགས་གཅེས་བཏུསའགྲེམ་སྤེལ་བྱས།



IMG_20230520_101646.jpg




青科旦增书法作品集合作发布会 (7).jpg


      ཟླ5ཚེས19ཉིན། ཀན་ལྷོའི་ལྷ་རིས་སྒྱུ་རྩལ་བའམ་ཡིག་གཟུགས་པ་གྲགས་ཅན་ཆོས་འཁོར་བསྟན་འཛིན་རྒྱ་མཚོ་ལགས་ཀྱི་ཡིག་གཟུགས་དཔེ་དེབཆོས་འཁོར་བསྟན་འཛིན་རྒྱ་མཚོའི་ཡིག་གཟུགས་གཅེས་བཏུསཀྱི་འགྲེམ་སྤེལ་མཛད་སྒོ་གཙོས་སུ་འཚོགས། ཀན་ལྷོའི་ཡིག་གཟུགས་མཁན་རྣམས་གདན་གཅིག་ཏུ་འཛོམས་ནས་ཆོས་འཁོར་བསྟན་འཛིན་རྒྱ་མཚོ་ལགས་ཀྱི་ཡིག་གཟུགས་དཔེ་དེབ་འགྲེམ་སྤེལ་བྱས་པར་རྟེན་འབྲེལ་ཞུས་པ་དང་། མཁས་པ་རྣམས་ཀྱིས་ཡིག་གཟུགས་རིག་གནས་གོང་འཕེལ་གཏོང་བའི་ཕྱོགས་ནས་གླེང་མོལ་མཛད།


青科旦增书法作品集合作发布会 (1).jpg

ཆོས་འཁོར་བསྟན་འཛིན་རྒྱ་མཚོ།




     དེབ་འདིའི་རྩོམ་པ་པོ་ཆོས་འཁོར་བསྟན་འཛིན་རྒྱ་མཚོ་ལགས་ནི་ཡུལ་མདོ་སྨད་ཀྱི་སའི་ཆ་ཆོས་འཁོར་ཚོ་བ་བཅུ་གཉིས་ཀྱི་ནང་གསེས་ཆོས་འཁོར་རུ་བཞི་ཞེས་པའི་སྡེ་བར་རབ་བྱུང་བཅུ་དྲུག་པའི་ཆུ་ཡོས་སྤྱི་ལོ་༡༩༦༣ལོར་སྐུའི་ལང་ཚོའི་མེ་ཏོག་གསར་དུ་བཞད།ཆུ་བྱི་སྤྱི་ལོ་༡༩༨༢ལོར་ཤིས་ཚང་སྒར་སར་དགོན་པའི་ཆོས་སྒོར་ཞུགས་ཏེ་གཞུང་བཀའ་པོད་ལྔས་བསྡུས་པའི་མདོ་རྒྱུད་རིག་གནས་ཀུན་ལ་ཐོས་བསམ་ལྷོད་མེད་གནང་། སྤྱི་ལོ་༡༩༨༤ལོ་ནས་སྤྱི་ལོ་༡༩༨༨ལོའི་བར་བླ་བྲང་བཀྲ་ཤིས་འཁྱིལ་དུ་དགེ་བའི་བཤེས་གཉེན་དམ་པ་ཁོང་སྨད་སོག་བཛྲ་ཚང་དང་། སྨྱུག་འཛིན་དབང་བོ་སོག་པོའི་དཀོན་མཆོག་ཚང་། ཨ་ཁུ་ཐབས་མཁས་ཚང་སོགས་ཀྱི་མདུན་ནས་སུམ་རྟགས་དག་གསུམ་དང་།ལཉྪ།ཝརྟུ།ཀུན་མཁྱེན་འཇིགས་མེད་དབང་བོའི་ཕྱག་རྒྱུན་ལྟར་གྱི་བོད་ཀྱི་ཡི་གེ་དབུ་ཅན་དང་། ཀུན་མཁྱེན་སྐུ་ཕྲེང་ལྔ་བའི་སྐུ་རིང་བླ་བྲང་རྩེ་སློབ་གྲྭ་ཚུགས་སྐབས་མདོ་སྨད་དུ་ཕྱག་རྒྱུན་བྱུང་བ་དགའ་ལྡན་ཡིག་གསར་སོགས་ལ་སྦྱངས་པ་མཐིལ་ཕྱིན་མཛད།རབ་བྱུང་བཅུ་བདུན་པའི་ས་འབྲུག་སྤྱི་ལོ་༡༩༨༨ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་བཟོ་གྲགས་ཅན་རེབ་གོང་བ་ཨ་ཁུ་ཆོས་གྲགས་ལགས་ཀྱི་མདུན་ནས་ཐིག་རྩ་ནས་བཟུང་ལྷ་བྲིས་ཀྱི་གོ་རིམ་ཚང་མར་བརྩོན་སེམས་དྲག་པོས་སྦྱངས་པ་བྱས་མཐར་ཁོང་གི་སློབ་མ་ཀུན་གྱི་གྲས་ནས་སྦྱངས་པ་རྩེར་སོན་པར་གྱུར། བླ་བྲང་བཀྲ་ཤིས་འཁྱིལ་དུ་སྡེ་ཁྲི་རིན་པོ་ཆེའི་འཇམ་དབྱངས་ཀུན་གཟིགས་ལྷ་ཁང་གི་ལཉྪ་ཆ་ཚང་དང་།ཇུན་དཀར་མཁན་པོ་ཚང་གི་ཇོའི་ཁང་གི་གདུང་བྲིས་ལཉྪ། ཤིས་ཚང་དགོན་པའི་ཚོགས་ཆེན་གྱི་འདོན་སྒྲིག་དང་འགྲིག་ཡིགགདན་རབས་དཀར་ཆགའདུ་ཁང་དང་ལྷ་ཁང་གི་གདུང་བྲིས་ལཉྪ་བཅས་བྲིས་གནང་མཛད་པ་མ་ཟད། རྟེན་བཞེངས་གང་ཡིན་གྱི་ཇུས་འགོད་དང་ཤིང་བརྐོས་རི་མོའི་མ་ཕྱི་ཕྱག་བྲིས་གནང་བ་སོགས་དགོན་པར་བཀའ་དྲིན་ཤིན་ཏུ་ཆེ།


青科旦增书法作品集合作发布会 (2).jpg


青科旦增书法作品集合作发布会 (3).jpg


    ད་ལྟ་ཁོང་གིས་ཤིས་ཚང་དགོན་པའི་རིག་གནས་སློབ་གྲྭའི་སློབ་གཙོ་ཟུར་བ་དང་ཡིག་གཟུགས་དགེ་རྒན་གྱི་འགན་བཞེས་མུས་སུ་ཡོད། ད་སྔ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་ཕྱི་ནང་གི་ཡིག་གཟུགས་འགྲན་སྡུར་གྱི་གསེར་གྱི་རྟགས་མ་དང་ཨང་དང་པོ་སོགས་ཀྱི་བྱ་དགའ་ཉི་ཤུ་ལྷག་ཐོབ་མྱོང་ལ། བརྩམས་ཆོས་མང་པོ་ཞིག་རྒྱལ་ཁབ་དཔེ་མཛོད་ཁང་སོགས་ལས་ཁུངས་དང་སློབ་གྲྭ་ཆེན་མོ། སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་ན་ཉར་ཚགས་གནང་ཡོད། ཁོང་གི་བརྩམས་ཆོས་གཙོ་བོ་ལ་རྒྱལ་ཁབ་པར་དབང་སྲུང་སྐྱོང་ལྟེ་གནས་ཀྱིས་བདག་དབང་ཐོབ་པའི་ལཉྩ་དང་ཝརྟུའི་རྩིས་འཁོར་ཡིག་མཛོད་(༢༠༡༨.༣)དང་། དབུ་ཅན་གྱི་ཡིག་གཟུགས་མ་ཕྱི་བློ་གསལ་བྱིས་པའི་འཇུག་ངོགས།(མི་རིགས་དཔེ་སྐྲུན་ཁང་།༢༠༡༤.༡༡)དབུ་མེད་ཀྱི་ཡིག་གཟུགས་མ་ཕྱི་བློ་གསལ་བྱིས་པའི་འཇུག་ངོགས།(མི་རིགས་དཔེ་སྐྲུན་ཁང་། ༢༠༡༤.༡༡)ལཉྩ་དང་ཝརྟུའི་ཕྱི་མོ་བློ་གསལ་བྱིས་པའི་འཇུག་ངོགས།(མི་རིགས་དཔེ་སྐྲུན་ཁང་། ༢༠༡༤.༡༡)ཝརྟུའི་ཕྱི་མོ་བློ་གསལ་བྱིས་པའི་འཇུག་ངོགས།(ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨.༨)གཙུག་ལག་ཁང་སོགས་ལ་བརྐོས་རིས་བཟོ་ཚུལ་གྱི་མ་ཕྱི་བློ་ལྡན་མིག་གི་དགའ་སྟོན(མི་རིགས་དཔེ་སྐྲུན་ཁང་།༢༠༡༩.༡)སོགས་ཡོད།



青科旦增书法作品集合作发布会 (4).jpg


        བོད་ཀྱི་ཡིག་གཟུགས་ནི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་དང་ཀྲུང་ཧྭ་མི་རིགས་ཀྱི་གཏེར་མཛོད་ཁྲོད་དུ་འོད་མདངས་འཚེར་བའི་མུ་ཏིག་གི་རྡོག་རྒྱན་ཞིག་ཏུ་གྱུར་ཡོད། བོད་ཀྱི་ལོ་རྒྱུས་ཡོངས་གྲགས་སུ་བོད་ཀྱི་ཡིག་གཟུགས་ནི་སློབ་དཔོན་ཐོན་མིས་ཐོག་མར་གསར་བཟོ་གནང་བའི་རྨང་གཞིའི་སྟེང་དུ་གནའ་དེང་བོད་ཀྱི་སྐྱེས་ཆེན་དག་གི་རྣམ་དཔྱོད་འོ་མཚོ་བསྲུབས་པའི་ཀློང་ནས་ཉེར་བར་འཁྲུངས་པའི་གཞུང་ཆེན་མུ་ཏིག་ལྟ་བུ་རྣམས་ཀྱི་ལེགས་པར་བཤད་པའི་གཏམ་གྱི་དོན་ཀུན་རྣམ་པར་མཚོན་ཞིང་མི་ཉམས་མི་འཐོར་བའི་འཁུར་ཆེན་གཉའ་བར་བཏེགས་ནས་ཀྱག་ཀྱོག་མི་སྙོམས་པའི་ལོ་རྒྱུས་ཀྱི་ཆུ་རྒྱུན་དེད་དེ་ད་ལ་ཐུག་གི་བར་དུ་སླེབས་ཐུབ་པ་བྱུང་བ་ནི་ངོ་མཚར་ཆེ་ལ། རི་བོའི་གཏོས་དང་མཉམ་པའི་གསུང་རབ་ཀྱི་བསྟན་བཅོས་ཡོད་དོ་ཅོག་ཡིག་གཟུགས་རིག་གནས་འདི་ལ་བརྟེན་ནས་མ་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོ། འཐོར་བ་འཚོལ་སྡུད་ཀྱི་ལས་སྒྲུབ་དོན་འཁྱོངས་ཡོང་བར་བྱས་པ་ཡིན་པས། ང་ཚོ་ཕྱི་རབས་པ་ཚོས་དཔྲལ་བའི་མིག་བཞིན་སྲུང་སྐྱོང་དང་ཁོག་གི་སྙིང་བཞིན་གཅེས་སྤྲས་གནང་རྒྱུ་ཤིན་ཏུ་གལ་ཆེའོ། །



བཅར་འདྲི།   ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་གི་དགེ་རྒན་ཟམ་ཚ་ཚེ་རིང་དོན་འགྲུབ།



青科旦增书法作品集合作发布会 (5).jpg


རྩོམ་སྒྲིག་པ།   མགོན་པོ་ཚེ་བརྟན།

རྩོམ་སྒྲིག་འགན་འཁུར་པ།   པད་མ་ཚེ་རིང་།

ཞུ་དག་པ།   ཧོར་གཙང་དོན་འགྲུབ།

ལྟ་སྐུལ་བ།   གཡུང་དྲུང་སྐྱབས།

སྤྱིའི་ལྟ་སྐུལ་བ།   ཝང་ཧུང་ལིན།