设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女子展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

མི་རིགས་མཐུན་སྒྲིལ་དང་བོད་ཀྱི་ཡིག་གཟུགས།

 二维码 801
发表时间:2023-05-16 20:24作者:ཅོ་ནེ་བ།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།

ཅོ་ནེ་རྫོང་གིས་མི་རིགས་མཐུན་སྒྲིལ་དང་བོད་ཀྱི་ཡིག་གཟུགས་ཟུང་འབྲེལ་གྱི་བྱེད་སྒོ་སྤེལ་བ།


     ཟླ༥ཚེས་༡༦ཉིན་གྱི་སྔ་དྲོ།ཅོ་ནེ་རྫོང་གིས་ཐོ་ཡན་ཡན་ཐང་ཆེན་དུཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་།དྲིལ་བསྒྲགས།ལག་བསྟར་བཅས་གཏིང་ཟབ་སྒོས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བབརྗོད་དོན་གཙོ་བོར་བྱས་པའི་ཅོ་ནེ་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་སྤེལ། དེ་ནི་ཀྲུང་དབྱང་དང་།ཞིང་ཆེན་ཏང་ཨུ།ཁུལ་ཨུ་བཅས་ཀྱི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། རྫོང་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཅིན་གོ་ཀྲེང་དང་།རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཧྭ་ཧྥིན།རྫོང་ཨུའི་རྒྱུན་ཨུའམ་དྲིལ་བསྒྲགས་པུའུ་ཀྲང་ཞེའུ་ཡན་ཞ། རྫོང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཀྲང་ཝང་ཞའོ་ཀོང་སོགས་མཛད་སྒོར་ཞུགས།


2023卓尼书法 (1).jpg

བྱེད་སྒོའི་ཡུལ་དངོས།


2023卓尼书法 (2).jpg


རྫོང་ཨུའི་ཧྲུའུ་ཅི་གཞོན་པ་སྐལ་བཟང་ཚེ་རིང་མཛད་སྒོར་ཞུགས་ཤིང་། དྲིལ་བསྒྲགས་ཟླ་བའི་འགོ་ཚུགས་པ་ཁྱབ་བསྒྲགས་དང་འབྲེལ་གསུང་བཤད་ཀྱང་གནང་།


2023卓尼书法 (3).jpg

རྫོང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་ཅིག་གྱུར་པུའུ་ཀྲང་མགོན་པོ་སྐྱབས་ཀྱིས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།


2023卓尼书法 (4).jpg   2023卓尼书法 (5).jpg


      འགོ་ཚུགས་མཛད་སྒོའི་ཐོག་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པའི་འཐུས་མི་དང་དེ་བཞིན་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པའི་འཐུས་མིས་གཏམ་བཤད་སྤེལ་བ་རེད།


2023卓尼书法 (6).jpg

འགོ་ཚུགས་མཛད་སྒོར་ཞུགས་མཁན་འགོ་ཁྲིད་ཀྱིས་ཀྲུང་ཧྭ་མི་རིགས་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་སྤྱི་ཆིངས་འགྲེམས་བྱང་ལ་མིང་རྟགས་བཀོད།


     དེ་མིན་ཡིག་གཟུགས་མཐུན་ཚོགས་ཀྱི་བྲིས་པ་རྣམས་ཀྱིས་ཀྲུང་ཧྭ་ཤུལ་བཞག་རིག་གནས་ཁྲོད་གཟི་འོད་མངོན་པར་མཚར་བའི་བོད་ཀྱི་ཡིག་གཟུགས་རིག་གནས་དར་སྤེལ་གཏོང་རྒྱུ་དེ་མི་རིགས་མཐུན་སྒྲིལ་གྱི་ལས་དོན་དང་ཟུང་འབྲེལ་བྱས་ནས། བྱེད་སྒོར་ཞུགས་པའི་འགོ་ཁྲིད་དང་རྒྱ་ཆེ་བའི་མི་དམངས་མང་ཚོགས་ལ་སྒྱུ་རྩལ་གྱི་ཉམས་འགྱུར་གསལ་བའི་ཡིག་གཟུགས་བརྩམས་ཆོས་གནང་སྦྱིན་བྱས་པ་དང་།བྲིས་པ་ཚོས་མང་ཚོགས་ཀྱི་དགོས་མཁོ་ལྟར་སྨྱུག་རྩལ་གྱི་འདེག་འཇོག་ཅི་དགར་བསྒྱུར་ཏེ་རྒྱ་ཆེའི་མང་ཚོགས་ལ་རིག་གནས་འཚོ་བའི་འཚོ་བཅུད་གྱ་ནོམ་པ་ཞིག་འདོན་སྤྲོད་བྱས་བ་མ་ཟད། བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཡིག་གཟུགས་སྐོར་གྱི་ཤེས་བྱ་དང་ཐུན་མོང་མ་ཡིན་པའི་སྒྱུ་རྩལ། འཛིན་སྐྱོང་སྤེལ་གསུམ་བཅས་ཀྱི་ཆ་ནས་བག་ཆགས་ཟབ་མོ་བཞག


2023卓尼书法 (7).jpg



2023卓尼书法 (9).jpg



2023卓尼书法 (10).jpg



2023卓尼书法 (11).jpg



2023卓尼书法 (12).jpg



2023卓尼书法 (8).jpg


2023卓尼书法 (13).jpg