སྐབས་གསུམ་པའི་“ཐོན་མིའི་ཡིག་རྒྱུན་”རྒྱལ་ཡོངས་ཀྱི་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་དང་བརྩམས་ཆོས་འགྲེམ་སྟོན་གྱི་བརྡ་ཡིག
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་བྱས་ཏེ་རིག་གནས་ཀྱི་ཡིད་ཆེས་དང་གདེང་ཚོད་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་༧༠ལོན་བར་རྟེན་འབྲེལ་ཞུ་བ་བཅས་ཀྱི་ཆེད་དུ། ཡིག་གཟུགས་སྒྱུ་རྩལ་གྱི་རྣམ་པའི་སྟེང་ནས་ཀན་ལྷོ་ཁུལ་བཙུགས་ཚུན་གྱི་ལོ་ངོ་བདུན་ཅུའི་རིང་གི་ཆབ་སྲིད་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་བཅས་ཀྱི་འཕེལ་རྒྱས་གྲུབ་འབྲས་མཚོན་ཕྱིར། སྐབས་གསུམ་པའི་ཐོན་མིའི་ཡིག་རྒྱུན་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་དང་བརྩམས་ཆོས་འགྲེམ་སྟོན་གྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པས། ཞིབ་དོན་གཤམ་ལྟར།
གཅིག བྱེད་སྒོའི་བརྗོད་བྱ་གཙོ་བོ།
ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལྟ་བ་བརྟན་པོར་བཙུགས་ནས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་རླབས་ཆེན་བསྐྱར་དར་བསྐྲུན་པ།
གཉིས་པ། རྩ་འཛུགས་ལས་ཁུངས།
གཙོ་སྒྲུབ། ཀྲུང་གུང་ཀླུ་ཆུ་རྫོང་ཨུ། ཀླུ་ཆུ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། ཀྲུང་གུང་ཀླུ་ཆུ་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ།
ཀྲུང་གུང་ཀླུ་ཆུ་རྫོང་ཨུའི་དྲིལ་སྒྲོག་པུའུ།
ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།
རོགས་སྒྲུབ། རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས། རྫོང་དམག་མིའི་ལས་དོན་དོ་དམ་ཅུས། གུང་གཞོན་ཚོགས་པ་ཀླུ་ཆུ་རྫོང་ཨུ། རྫོང་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས། རྗོང་བཟོ་ཚོགས། རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས། རྫོང་རིག་གནས་ཁང་། རྫོང་དཔེ་མཛོད་ཁང་། རྫོང་མཛེས་རྩལ་དང་ཡིག་གཟུགས་མཐུན་ཚོགས།
གསུམ བྱ་འགུལ་གྱི་དུས་བཅད།
༡.བརྩམས་ཆོས་བསྡུ་ཡུན། ཟླ་༤ཚེས་༡ནས་ཟླ་༥ཚེས༡༥ཉིན་བར།
༢.དཔྱད་འདེམས། ཟླ་༥ཚེས་༡༦ནས་ཟླ༦ཚེས་༡༨བར།
༤.མཇུག་འབྲས་སྤྱི་བསྒྲགས། ཟླ་༦ཚེས༢༠ཉིན།
༥.འགྲེམ་སྟོན་གྲ་སྒྲིག ཟླ་༧ཚེས་༡ནས་ཟླ༧ཚེས༢༥ཉིན།
༦.འགྲེམ་སྟོན་མཛད་སྒོ། ཟླ་༧ཚེས༢༦ཡས་མས།
བཞི། འགྲན་ཞུགས་ཁྱབ་ཁོངས།
རྒྱལ་ཡོངས་བོད་ཀྱི་ཡིག་མཁན་དང་ཡིག་གཟུགས་དགའ་ཞེན་པ།
ལྔ། བརྩམས་ཆོས་ཀྱི་བླང་བྱ།
1.འགྲན་བསྡུར་ནང་ཞུགས་པའི་བོད་ཡིག་ཡིག་གཟུགས་བརྩམས་ཆོས་ལ་ཡིག་རྒྱུན་དང་ཡིག་གཟུགས་ཀྱི་དབྱེ་བ་མི་དགར།
2.འགྲན་ཞུགས་པ་མི་གཅིག་ལ་འགྲན་ཞུགས་བརྩམས་ཆོས་གཉིས་ལས་མི་བརྒལ་བ།
3. བརྩམས་ཆོས་འབྲི་ཤོག བོད་ཤོག་དང་རྒྱ་ཤོག་(宣纸)
4.བརྩམས་ཆོས་ཀྱི་ཡིག་རིགས།བོད་ཡིག་གི་ཡིག་རྒྱུན་ཚད་ལྡན་དང་སྔོན་བྱུང་ཕུལ་བྱུང་རིག་གནས་ཀྱི་ཉིང་བཅུད་འདུས་པ། བརྩམས་ཆོས་ནང་དོན་ལ་ཧུར་བརྩོན་ཡར་སྐུལ་གྱི་རང་བཞིན་ལྡན་པ། ཀན་ལྷོ་དང་ཀླུ་ཆུའི་འདས་མ་ད་གསུམ་གྱི་འཕོ་འགྱུར་མཚོན་པ། མཐུན་སྒྲིལ་ཡར་ཐོན། དཀའ་སྤྱད་འབད་བརྩོན་གྱི་སྤྱོད་བཟང་དར་སྤེལ་བྱེད་པ། ཁྲིམས་མཐུན་ལུགས་མཐུན་ཡིན་པ་བཅས་ཡོང་དགོས།
5.བརྩམས་ཆོས་ངེས་པར་དུ་རང་ཉིད་ཀྱི་ཡིན་དགོས་ལ་གསར་རྩོམ་དང་པར་དབང་གནད་དོན་མེད་པ་ཡིན་དགོས།
6.ཤོག་བུའི་ཆ་ཚད།སྤྱིར་རིང་ཐུང་ལ་137cmདང་། ཞེང་ཚད་ལ་69cmཅན་གྱི་ཚད་ལྡན་ཤོག་བུ་ལས་མི་ཆུང་བ། བོད་ཤོག་ཡིན་ན་རིང་ཐུང་ལ་130cmདང་ཞེང་ཚད་ལ་60cmལས་མི་ཆུང་བ།
7.བརྩམས་ཆོས་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བས་ཉར་ཚགས་བྱ་རྒྱུ་ལས་ཕྱིར་སྐུར་རྒྱུ་མིན།
8.འགྲན་ཞུགས་པས་ངེས་པར་དུ་བརྩམས་ཆོས་ཀྱི་གཡོན་ངོས་རྒྱབ་ཕྱོགས་སུ་རྩོམ་པ་པོའི་མིང་དང་། བརྩམས་ཆོས་ཀྱི་མིང་། ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་སོགས་ཞ་སྨྱུག་གིས་ཁ་གསལ་འགོད་དགོས་ལ། ཤོག་བུ་གཞན་པའི་སྟེང་དུ་རྒྱ་ཡིག་གི་ལམ་ནས་རྩོམ་པ་པོའི་མིང་དང་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས། འབྲེལ་གཏུག་བྱ་ཡུལ་གྱི་ས་མིང་དང་ཁ་པར་ཨང་གྲངས། བརྩམས་ཆོས་ཀྱི་ནང་དོན་རྒྱ་ཡིག་གི་བསྒྱུར་ཡིག རང་གི་འགྲན་ཞུགས་བརྩམས་ཆོས་དེའི་ཡིག་གཟུགས་དང་ཡིག་རྒྱུན་གྱི་མིང་། ཡིག་མཁན་རང་ཉིད་ངོ་སྤྲོད་མདོར་བསྡུས་སོགས་ཀྱི་ནང་དོན་ངེས་པར་དུ་ཚང་དགོས།
དྲུག བྱ་དགའི་རྣམ་གྲངས།
༡.ཨང་དང་པོའི་བྱ་དགའ་༡། སྒོར་༣༠༠༠.༠༠། ཨང་གཉིས་པའི་བྱ་དགའ་༢།སྒོར༢༠༠༠.༠༠། ཨང་གསུམ་པའི་བྱ་དགའ་༣། སྒོར༡༥༠༠.༠༠། ཨང་བཞི་བའི་བྱ་དགའ་༣༠། བྱ་དགའི་རིན་ཐང་སྒོར༢༠༠.༠༠། འགྲེམ་སྟོན་བརྩམས་ཆོས༡༣༦བཅས་འདེམ་རྒྱུ།
༢.འགྲེམ་སྟོན་དུ་ཚུད་པའི་བརྩམས་ཆོས་ཕྱོགས་སྒྲིག་གི་དཔེ་དེབ་པར་བསྐྲུན་བྱ་རྒྱུ།
༣.བྱ་དགའ་ཐོབ་པའི་ཡིག་མཁན་རྣམས་སྐབས་དགུ་བའི་ཀླུ་ཆུའི་སྐོར་བྲོ་འཁྲབ་སྟོན་དང་ཤིང་སློང་དུས་སྟོན་ལ་གདན་འདྲེན་ཞུ་རྒྱུ།
༤. འགྲེམ་སྟོན་ལ་ཚུད་པའི་ཡིག་མཁན་ཚང་མར་ཉར་ཚགས་དཔང་ཡིག་གནང་རྒྱུ།
༥.ཕུལ་བྱུང་བྱ་དགའ་ཐོབ་མཁན་ཡན་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་སྟེང་མི་སྒེར་འགྲེམ་སྟོན་ཁང་འབྱེད་པའི་ཐོབ་ཐང་སྤྲོད་རྒྱུ།
བདུན། བརྩམས་ཆོས་དཔྱད་འདེམས།
གཙོ་བསྒྲུབ་ལས་ཁུངས་ཀྱིས་ལྗོངས་ཞིང་ལྔའི་ཡིག་གཟུགས་ཆེད་མཁས་ལས་གདན་ཞུ་དང་ཐུན་མོང་ཐོག་དཔྱད་འདེམས་བྱེད་པའི་བྱ་ཐབས་རྒྱུད་འཛིན་བྱས་ནས་《ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་ཡིག་གཟུགས་བརྩམས་ཆོས་དཔྱད་འདེམས་སྲོལ་ཡིག》དང་《ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་ཡིག་གཟུགས་བརྩམས་ཆོས་དཔྱད་འདེམས་ཚད་གཞི》གཞིར་བཟུང་ཐོག་འདྲ་མཉམ། ཡོངས་བསྒྲགས། དྲང་གཞག་བཅས་ཀྱི་སྒོ་ནས་དཔྱད་འདེམ་བྱ་རྒྱུ།དཔྱད་འདེམས་མཇུག་འབྲས་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ་དང་། ཡིད་འོང་ཀླུ་ཆུའི་གཞུང་ཕྱོགས་སྤྱི་སྟེགས་སུ་ཡོངས་བསྒྲགས་བྱ་རྒྱུ་ཡིན།
བརྒྱད། བརྩམས་ཆོས་སྐུར་ཡུལ།
ས་གནས།ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་ཀུན་འདུས་སྨྱན་སྦྱོར་ལྟེ་གནས།
འབྲེལ་གཏུག་མི་སྣ། དཔལ་མགོན་ཚེ་རིང་།
འབྲེལ་གཏུག་ཁ་པར་ཨང་གྲངས།13893945552
དགུ། ཁ་གསབ་གསལ་བཤད།
ཐེངས་འདིའི་འགྲན་བསྡུར་དང་འགྲེམ་སྟོན་ལ་ཞུགས་མཁན་ཚང་མས་《ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་ཡིག་གཟུགས་བརྩམས་ཆོས་དཔྱད་འདེམ་སྲོལ་ཡིག་》དང་།《ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་ཡིག་གཟུགས་བརྩམས་ཆོས་དཔྱད་འདེམས་ཚད་གཞི》བརྩི་སྲུང་བྱ་དགོས་ལ། བརྩམས་ཆོས་དེ་འགྲན་ཞུགས་རྩོམ་པ་པོ་རང་ཉིད་ཀྱིས་བརྩམས་པའི་བརྩམས་ཆོས་ཁོ་ན་ཡིན་དགོས་པ་ལས་འདྲ་བཤུས་དང་མི་གཞན་གྱི་བརྩམས་ཆོས་བཤུ་འབྲི་བྱས་ནས་འགྲན་བསྡུར་ནང་ཞུགས་རྒྱུ་གཏན་འགོག་བྱ་རྒྱུ། བརྩམས་ཆོས་ཐད་ཀྱི་ཁྲིམས་ལུགས་ཀྱི་གནད་དོན་གང་རུང་ཚང་མ་འགྲན་ཞུགས་པའི་རང་འགན་ཡིན། བརྡ་ཐོ་འདིའི་མཐའ་མཇུག་གི་འགྲེལ་བཤད་འགྲན་བསྡུར་རྩ་འཛུགས་ལྷན་ཚོགས་ལ་ཡོད།
འགྲེམ་སྟོན་བྱ་ཡུལ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་ཡིན་ལ།དྲ་ལམ་འགྲེམས་སྟོན་ཡང་ཅིག་ཅར་དུ་སྤེལ་རྒྱུ་ཡིན་པས་ཞིབ་ཕྲའི་གནས་ཚུལ་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་“སྤྱི་བསྒྲགས་ལེ་ཚན་”དང“ཡིད་འོང་ཀླུ་ཆུའི”འཕྲིན་སྟེགས་སུ་གཟིགས་པར་འཚལ།
碌曲县庆祝甘南藏族自治州成立70周年暨
第三届“吞米真传”全国藏文书法赛大型展览活动征稿启示
为深入学习贯彻落实习近平新时代中国特色社会主义思想和党的二十大精神,增强文化自觉,坚定文化自信,继承和弘扬中华民族优秀传统文化,热烈庆祝甘南藏族自治州成立70周年,展示甘南州70年来政治、经济、社会、文化、生态各方面的进步和发展成就,展现全州各族干部群众迈步新征程、建功新时代的精神风貌。特举办“吞米真传”第三届全国藏文书法赛大型展览活动。
一、活动主题
铸牢中华民族共同体意识 同心共筑伟大复兴中国梦
二、组织机构
主 办:中共碌曲县委、碌曲县人民政府
承 办:中共碌曲县委统战部、中共碌曲县委宣传部
中国藏族书法网
协 办:碌曲县文体广电和旅游局、碌曲县退役军人事务管理局、共青团碌曲县委、碌曲县总工会、碌曲县文联、碌曲县妇联、碌曲县文化馆、碌曲县图书馆、碌曲县美术书法家协会
三、活动时间
1.截稿时间:2023年4月1日至5月15日
2.评审时间:2023年5月16日至6月1日
3.筹备时间:2023年6月2日至6月18日
4.结果公布:2023年6月29日
5.装裱时间:2023年7月1日7月25日
6.展览时间:2023年7月26日至8月20日
四、征稿范围
面向全国书画家及书画爱好者。
五、作品要求
1.参赛藏文书法作品不限书体;
2.参赛作者每人不得超过2幅作品;
3.作品纸材为各类藏纸、宣纸;
4.作品书体为正规派系,内容积极向上,不得含有涉及暴力、庸俗、法律禁止的内容;
5.投稿作品须由本人独立完成且为原创作品;
6.作品尺寸原则上不小于137cm×69cm标准四尺宣纸,藏纸原则上不小于66cm×130cm;
7.作品版权属中国藏族书法网,参赛作品一概不退;
8.投稿作者在作品右下方背面用铅笔注明作者姓名、作品名称及本人身份证号,另附以汉文书写的作者姓名、身份证号,详细联系地址、联系电话以及作品内容译文、书法字体名称、书法字体及作者简介等信息。
六、奖项设置
1.一等奖1名3000元,二等奖2名2000元,三等奖3名1500元,优秀奖30名价值200元,入围奖100名,参展作品共136幅;
2.统一制作大赛书法作品集;
3.入围作者邀请参加“中国锅庄之乡”第九届锅庄舞展演暨第三届“江河同源”音乐艺术节;
4.入围作品颁发收藏证;
5.对荣获第四名及以上名次的作者,在中国藏族书法网开设一次个人书法作品展。
八、作品评选
本次展览拟精选136幅优秀作品进行集中展出。主办方将组织五省区第一、二届35位评审委员会成员中临时抽签确定评审团成员,并严格按照《中国藏族书法网书法作品评审规则》、《中国藏族书法网书法作品评审标准》等对投稿作品进行公平、公开、公正评审。评审结果将在中国藏族书法网、魅力碌曲官方微信公众号公布。
九、收稿信息
收件地址:甘肃省碌曲县融媒体中心
联系人:华贡才让 电话:13893945552
十、其它事项
对参加本展览的作者,均视为已确认并遵守《中国藏族书法网书法作品评审规则》、《中国藏族书法网书法作品评审标准》及征稿启事的各项规定。投稿作品须为作者原创作品,严禁使用临摹、抄袭他人作品参赛。对于不遵守本规定而造成任何法律纠纷者,责任由投稿人自负。
本启事解释权归大赛组委会。参展作品展览将在甘肃省甘南藏族自治州碌曲县举办,并将在线上同步展出,详情请关注“中国藏族书法网”公告栏、“魅力碌曲”微信公众号平台。
|