设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女子展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

ཀུན་བཟང་ཆོས་འབྱོར།

 二维码 818
发表时间:2023-03-08 00:14作者:ཀུན་བཟང་ཆོས་འབྱོར།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲབ།

ཀུན་བཟང་ཆོས་འབྱོར།


1.jpg


    པིར་མིང་ལ་བསེ་རུར་འབོད་པའི་བོད་ཀྱི་གཞོན་སྐྱེས་ཡིག་གཟུགས་པ་ཀུན་བཟང་ཆོས་འབྱོར་ནི་ཕ་ཡུལ་རྫ་ཆུ་ཁ་སེར་ཤུལ་སྡེ་བ་ནས་སྤྱི་ལོ༡༩༩༧ཟླ་༣ཚེས་༡ཉིན་འབྲོག་ཁྱིམ་དཀྱུས་མ་ཞིག་དུ་ཚེ་སྲོག་གི་མྱུ་གུ་འབུས་ཤིང་། སོར་མོའི་སྒྱུ་རྩལ་གྱི་རིགས་ལ་དགའ་ཞེན་དང་དུང་བ་བླ་ལྷག་ལྡན།

     སྤྱི་ལོ༢༠༡༨ལོར་སེར་ཤུལ་ལས་གཉེར་སློབ་གྲྭ་ནས་མཐར་ཕྱིན་ཞིང་ད་ལྟ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་སློབ་གཉེར་བྱེད་བཞིན་མཆིས། དགུན་གནང་སྐབས་དབུས་ཀྱི་ཡིག་མཁན་ཆེན་མོ་རྒན་ཁ་སྤུ་ཅན་གྱི་སྐུ་མདུན་ནས་འཁྱུག་མ་ཚུགས་དང་འཁྱུག་ཡིག   རྒན་ཨ་བུ་དྲི་མེད་དབང་ཕྱུག་ལགས་ཀྱི་སྐུ་མདུན་ནས་སྙེ་བྲིས་དང་ལན་ཝར་སོགས་ཀྱི་དཔེ་ཁྲིད་ཐོབ། རྒན་བསྟན་པའི་རྒྱལ་མཚན་གྱི་མདུན་ནས་འབྲུ་ཚ་སོགས་ཀྱི་དཔེ་ཁྲིད་ཐོབ།   ད་སྔོན་དཀར་མཛེས་ཁུལ་གྱི་ཡིག་གཟུགས་བྱ་འགུལ་སོགས་སུ་ཞུགས་ལ། དཀར་མཛེས་ཁུལ་གྱི་ཡིག་གཟུགས་འགྲན་བསྡུར་ལས་དབུ་ཅན་དང་མཛེས་རྩལ་ཡིག་གཟུགས་ཀྱི་ཕུལ་བྱུང་བྱ་དགའ་ཐོབ་པ་དང་། སློབ་གྲྭ་སོགས་ཀྱི་ཡིག་གཟུགས་བྱ་འགུལ་ལས་ཕུལ་བྱུང་གི་ཨང་རིམས་སོགས་ཀྱང་ཐོབ་ཡོད།   ཉེ་བའི་ཟླ་གཅིག་གི་སྔོན་དུ་གྲོགས་བོད་ཞོགས་དང་མཉམ་འབྲེལ་གྱིས་སེར་ཤུལ་ནས་ཡིག་གཟུགས་སྣ་མང་གི་འགྲེམ་སྟོན་དང་། ན་གཞོན་ཡི་གེ་བ་རྣམས་ཡུལ་ངོས་དེ་ནས་ཡིག་གཟུགས་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ་ལ་སྡེ་དགོན་ཟུང་གི་བླ་ཆེན་མི་གྲགས་སོགས་ནས་དགའ་བསུ་དང་རྒྱབ་སྐྱོར་བླ་མེད་ཐོབ་ཡོད།



赛日 (1).jpg



赛日 (2).jpg



赛日 (3).jpg



赛日 (4).jpg



赛日 (5).jpg



赛日 (6).jpg



赛日 (7).jpg



赛日 (8).jpg



赛日 (9).jpg



赛日 (10).jpg



赛日 (11).jpg




赛日 (12).jpg



赛日 (13).jpg



赛日 (15).jpg



赛日 (16).jpg



赛日 (14).jpg



赛日 (17).jpg



赛日 (18).jpg