设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女子展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

སྙེ་མོ་པ་སངས།

 二维码 373
发表时间:2023-03-08 00:02作者:སྙེ་མོ་པ་སངས།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།

སྙེ་མོ་པ་སངས།


聂目巴桑.jpg



        ༄༅།   །སྙེ་མོ་པ་སངས། ལོ་རབས་དགུ་བཅུའི་དཀྱིལ་དུ་དབུས་གཙང་གཉིས་ཀྱི་འབྲེལ་མཚམས་སུ་གནས་པའི་སྙེ་མོ་ཕུ་སུམ་ཡུལ་གྱི་རོང་ཁྱིམ་ཕལ་པ་ཞིག་ཏུ་སྐྱེས།   ལོ་དྲུག་གི་སློབ་ཆུང་སློབ་གསོ་སློབ་མཐར་ཕྱིན་རྗེས་རང་ཡུལ་གྱི་ཡིག་མཁན་ཁྱིམ་རྒྱུད་པ་སྙེ་མོ་ཕུན་ཚོགས་དགེ་འཕེལ་ཞེས་བྱ་བ་སྔར་སྡེ་པ་གཞུང་གི་སྙེ་ཕྲུག་དབུ་ཆེན་མོ་བ།   དྲུང་ཡིག་དབུ་ཅན་པ།   ས་གནས་སྲིད་གཞུང་གི་ཡིག་ཁྲལ་བའི་ཁྱིམ་ཚང་སྒེར་པ།   མི་རབས་དུ་མ་ལ་སྙེ་བྲིས་ཡིག་གཟུགས་རྒྱུད་འཛིན་གནང་མཁན་སྙེ་མོ་དྲུང་ཏོག་པའི་མཚན་གནས་ཐོབ་པའི་ཁྱིམ་དེར་དགེ་རྒན་བློ་བཟང་ཚེ་དབང་ལགས་ཀྱི་ཞབས་དྲུང་དུ་ཕ་མ་གཉིས་ཀྱིས་ཆེད་དུ་མངགས་ནས་མི་ལོ་དྲུག་ཙམ་ཆེད་ལས་རང་བཞིན་གྱི་དབུ་ཅན་སྙེ་བྲིས་ཡིག་གཟུགས་ཀྱི་ཐོག་མའི་ཐིག་རྩ་དང་ཀ་ཁ་ཟློས་ཧྲལ་སོགས་རྨང་གཞིར་སྲོལ་རྒྱུན་ལྟར་དུ་སྦྱང་ཤིང་ཐོག་སློབ་གཉེར་ལོ་ཤས་གནང་།   དེ་རྗེས་རིག་པ་དཔེ་ཐོག་དུ་མ་ལུས་པར་དངོས་སུ་ལག་ལེན་བྱས་པའི་མགོ་བཙུགས་ཏེ་སྔ་རྗེས་སུ་ཡི་གེ་ཤོག་ཐོག་ཏུ་ཕབ་རྒྱུ་དང་ཀ་ཁ་ཟློས་ཧྲལ། དེ་བཞིན་མགོ་ཅན་བརྩེགས་མ་སོགས་སོར་མོའི་རྩལ་ལ་བརྩོན་པ་ལྷུར་ལེན་བྱས་ཐོག་འབྲས་བཟང་ཀྱང་ཀུན་གྱི་མཐོང་ཆོས་ཚུལ་དུ་སྨིན་པ་བྱུང་ཡོད།   དེ་བཞིན་དགེ་བའི་བཤེས་གཉེན་བཟང་པོའི་བཀའ་ལྟར་བོད་ཀྱི་བཅུ་ཕྲག་རིག་པའི་ཡ་གྱལ།   ཚར་བཅད་དང་གཞན་རྗེས་སུ་འཛིན་པའི་རིག་པ་གཉིས་ལས་གཞན་རྗེས་འཛིན་གྱི་རིག་པའི་ཁོངས་སུ་གཏོགས་པའི་བཟོ་རིག་ལག་ཤེས་ལ་སྦྱངས་པ་བྱས་ལ་རིན་ཆེན་གསེར་དངུལ་སོགས་ལས་སྣག་རྒྱུ་བྱས་ལ་བཻཌཱུར་མཐིང་ཤོག་ངོས་སུ་སངས་རྒྱས་གསུང་རབ་བཤུ་འབྲི་བྱེད་པའི་རྩལ་དང་སྒྲོལ་ཤིང་དུ་དྲེག་ལས་བོད་སྣག་བཟོ་ཚུལ།   དབུ་ཤོག་སྟེང་གི་ཡི་གེ་འབུར་གཟུགས་ས་བརྩེགས་འཐེན་ཚུལ་དང་སེར་ཁ་རྒྱབ་ཚུལ།   རེ་ལྕགས་རྩྭ་ལས་བོད་ཤོག་བཟོ་ཚུལ།   དེ་བཞིན་མཐའ་ཁའི་ལྕགས་རིའི་ཐིག་རིས་དང་ཞལ་ཁེབས་སོགས་འབྲེལ་ཡོད་ཤེས་བྱར་ཆེད་ལས་རང་བཞིན་གྱི་སློབ་སྦྱོང་བྱས་པས་ཉམས་མྱོང་ཟབ་མོ་ཐོབ་ཡོད་།   སྔ་རྗེས་སུ་རང་བྲིས་རྩམ་ཆོས་ལ་༢༠༡༤ལོར་དགེ་བའི་བཤེས་གཉེན་དང་ལྷན་དུ་ལྷ་ས་ཚེ་དཔག་ལྷ་ཁང་དུ་འཕགས་པ་བརྒྱད་སྟོང་དང་མདོ་སྐལ་བཟང་གཉིས་གསེར་བྲིས་སུ་བཞེངས། ༢༠༡༥ལོར་གཙང་བཀྲིས་ལྷུན་པོར་བཀའ་འགྱུར་གསེར་བྲིས་འབྲི་བཞེངས་ལས་ཀར་བཞུགས་ཏེ་དུས་ཡུན་ལོ་ངོ་བཞི་ཙམ་ལ་གླེགས་བམ་གསེར་བྲིས་པོད་བཞི་ལྷག་ཙམ་བྲིས་ཡོད་ལ་གདན་སའི་དགེ་བཤེས་ཆེན་མོ་སྐྱིད་ན་རྩེ་སློབ་གྲྭའི་རྒན་ལྷ་ཁང་བློ་བཟང་རྡོ་རྗེ་དང་བསམ་བློ་ཁང་མཚན་རྒན་ཚེ་དབང་ཕུན་ཚོགས། ཁལ་ཁ་རྒན་བློ་བཟང་རྒྱལ་མཚན་སོགས་ཀྱི་གམ་ནས་གདན་སའི་དམིགས་གསལ་བྲིས་རྒྱུན་ཚུགས་རིང་དང་ཚུགས་ཐུང་།   འབྲུ་ཙ།   ༸རྗེ་དགེ་འདུན་གྲུབ་པའི་ཕྱག་རྒྱུན་ལཉྫ་དང་ཝརྟུ། དེ་བཞིན་སུམ་རྟགས་གཟོང་ཆུང་རྣོན་པོ། སྣར་ཐང་ལོ་ཙཱའི་སྔགས་ཀློགས་སོགས་ཐུན་མོང་ཤེས་བྱར་གདམས་ངག་ཁྲིད་ལུང་ཞུས།   ༢༠༡༨ལོར་གྲུ་འཛིན་གཉིས་པ་ཕོ་བྲང་པོ་ཏཱ་ལར་ཡིག་མཁན་ཆེན་མོ་རྒན་སྙེ་འཕྲིན་ལས་རྒྱལ་མཚན་སར་གམ་བཅར་ཞུས་ཏེ་སླར་ཡང་སྙེ་བྲིས་དབུ་ཅན་གཙོར་བྱས་པོ་ཏཱ་ལ་རྩེ་སློབ་གྲྭའི་གཞུང་རིས་ཀ་ཁ་དང་ཟློས་ཧྲལ། ཚུགས་རིང་། ཚུགས་ཐུང་སོགས་ལ་ཆེད་སྦྱོང་བྱས།   ༢༠༡༩ནས་དབུས་ཀྱི་ཡིག་མཁན་ཆེན་མོ།   མངོན་མིན་ཤུལ་བཞག་རིག་གནས་ལཉྫའི་རྒྱུད་འཛིན་པ་ལྷ་ལྡན་ནོར་གླིང་ཕོ་བྲང་གི་དཔེ་རྙིང་ཞིབ་འཇུག་པ་རྒན་འགྱུར་མེད་ཚུལ་ཁྲིམས་ལགས་ཀྱི་སྐུ་མདུན་ནས་སྨན་གྲོལ་གླིང་པའི་ཕྱག་རྒྱུན་ལཉྫ་དང་ཝརྟུ།   ལྡན་ཡིག་སོགས་ལ་ལེགས་པར་སྦྱང་།   ལོ་དེར་ལྗོངས་ཡོངས་ཀྱི་ལས་བཟོའི་མི་རིགས་མཐུན་སྒྲིལ་རྟགས་མའི་ཡིག་གཟུགས་འགྲན་སྡུར་འཕྲོད་དབུ་ཅན་སྙེ་བྲིས་ལ་རིམ་པ་གཉིས་པའི་བྱ་དགའ་ཐོབ།   ༢༠༢༠ལོར་སྔར་ཀྱི་གཞུང་སའི་ཡིག་འབྲིའི་ཕྱག་ལས་མཁན་ཨེ་ཕྲུག་དང་སྙེ་ཕྲུག་ལས་ཁུངས་ཆེན་པོ་གཉིས་ལས་ཨེ་ཕྲུག་པའི་རྒྱུད་པ་འཛིན་པ་དེང་གི་དུས་སུ་ཧ་ལམ་མེད་པར་སོང་ཚར་བ་དང་། སྙེ་ཕྲུག་ཞེས་པ་དེའི་རྒྱུད་པ་འཛིན་པ་ཐར་ཐོར་ཙམ་ལས་ལྷག་མེད་པས་གཞུང་དེ་ཧ་ལམ་ཆད་ལ་ཉེ་བའི་སྐབས་སུ་འབབ་ཡོད་པས་དགེ་རྒན་དམ་པ་རྣམས་པའི་བཀའ་དང་རང་ཉིད་གྱི་མདུན་པ་དང་དུ་བླངས་ཐོག་སྙེ་ཕྲུག་པའི་བྱ་བ་སྐྱར་གསོ་དང་བྲིས་པ་གསོ་སྐྱོང་།   སྔར་ཡོད་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གྱི་ལས་དོན་འགན་ཁྲི་ཕྲག་དུ་ལེན་ཏེ་འབད་བརྩོན་ལྷོད་མེད་ངང་གཉེར་སྐྱོངས་བྱས།   ད་བར་དུ་དད་པ་དང་ལྷག་བསམ་གྱི་ངང་ནས་གཞོན་སྐྱེས་བྲིས་པ་བཅུ་ཁ་ལྷག་གསོ་སྐྱོང་བྱས་ཡོད།   ཁོ་ཅག་ཀྱང་ད་ལྟ་དངོས་སུ་གླེགས་བམ་བཤུ་འབྲིའི་ལག་རྩལ་ལ་མུ་མཐུད་སྦྱངས་པ་གནང་བཞིན་ཡོད་ལ་གསེར་བྲིས་འབྲི་རྒྱུའི་ནུས་པ་མི་ཚང་མེད་པར་ལྡན་ཡོད།   ཉེ་བའི་ལོ་ཤས་རིང་དུའང་རང་བྲིས་བརྩམ་བྱར་འཕགས་པ་ཤེར་ཕྱིན་བརྒྱད་སྟོང་དང་། ལམ་རིམ་ཆེན་མོ།   སྔགས་རིམ་ཆེན་མོ།   ཐར་མདོ། རྡོ་རྗེ་གཅོད་པ་སོགས་གསུང་རྟེན་དུ་མ་གསེར་བྲིས་དང་དངུལ་བྲིས་སུ་བཞེངས་ཡོད་པ་ལ་ཡོན་བདག་ཀུན་གྱིས་གདེང་འཇོག་ཆེན་པོར་ཐོབ། ད་ལྟ་བོད་ལྗོངས་སྙེ་ཕྲུག་པ་བཀའ་བསྟན་གསེར་བྲིས་ཁང་ཞེས་དབུས་ལྷ་ལྡན་དག་པའི་ཞིང་ཁྱད་པར་ཅན་དུ་གསུང་རབ་བཤུ་འབྲི་བྱ་བའི་འགན་གཙོར་འཛིན་ཅིང་ད་ལམ་རིན་པོ་ཆེ་སྣ་བདུན་གྱི་སྣག་རྒྱུས་འབུམ་པོད་བཅུ་གཉིས་འབྲི་བཞེངས་བྱེད་མུས་སུ་ཡིན་ལ་ལས་བཞོར་དུ་དབུས་གཙང་ཁུལ་གྱི་ཡིག་མཁན་མཁས་པ་དང་དེ་བཞིན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་འཆད་མཁན་བཤེས་གཉེན་དུ་མའི་ཞབས་དྲུང་ལ་བསྐོམ་པ་ཆུ་འདོད་ལྟར་དུ་སློབ་གཉེར་བྱེད་དང་བྱེད་མུས་ཡིན།   སརྦ་མངྒ་ལཾ།  



聂目巴桑 (1).jpg



聂目巴桑 (34).jpg



聂目巴桑 (2).jpg



聂目巴桑 (3).jpg



聂目巴桑 (4).jpg



聂目巴桑 (5).jpg



聂目巴桑 (6).jpg



聂目巴桑 (7).jpg



聂目巴桑 (8).jpg



聂目巴桑 (9).jpg



聂目巴桑 (10).jpg



聂目巴桑 (11).jpg



聂目巴桑 (12).jpg



聂目巴桑 (13).jpg



聂目巴桑 (14).jpg



聂目巴桑 (15).jpg



聂目巴桑 (16).jpg



聂目巴桑 (17).jpg



聂目巴桑 (18).jpg



聂目巴桑 (19).jpg



聂目巴桑 (20).jpg



聂目巴桑 (21).jpg



聂目巴桑 (22).jpg



聂目巴桑 (23).jpg



聂目巴桑 (24).jpg



聂目巴桑 (25).jpg



聂目巴桑 (26).jpg



聂目巴桑 (27).jpg



聂目巴桑 (29).jpg



聂目巴桑 (30).jpg



聂目巴桑 (31).jpg



聂目巴桑 (32).jpg



聂目巴桑 (33).jpg



聂目巴桑 (28).jpg