设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

ལོ་སར་གྱི་སྔ་ཕྱིའི་བར་ནས་ཡིག་གཟུགས་ཀྱི་བྱེད་སྒོ་སྤེལ་བ།

 二维码 1891
发表时间:2023-02-24 16:33作者:ཀླུ་ཆུའི་ཡིག་མཁན་མཐུན་ཚོགས།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།

   ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་གིས་༢༠༢༢ལོའི་ཟླ༡༡ཚེས་༨ཉིན་ནས་༢༠༢༣ལོའི་ཟླ་༢ཚེས་༢༡བར་རྫོང་ཡོངས་ཀྱི་རིག་གནས། ཚན་རྩལ། འཕྲོད་བསྟེན། བཅའ་ཁྲིམས་བཅས་ཀྱི་སྡེ་ཁག་བཞི་གཞི་རིམ་དུ་སྐྱོད་པ་དང་ང་ཚོའི་ཀྲུང་གོའི་ཕུགས་འདུན་ཞེས་པ་བརྗོད་དོན་བྱས་པའི་རིག་གནས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་པའི་མཛད་སྒོ་ཀླུ་ཆུ་རྫོང་མ་ངེ་གྲོང་རྡལ་དཔའ་སྒར་སྡེ་བ་ནས་ཚོགས།   མཛད་སྒོའི་སྟེང་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཞི་ཕྲུག་དང་དྲིལ་བསྒྲགས་པུའུ་ཀྲང་ལིས་ཡེའུ་ཧེན་སོགས་ཞུགས་པ་མ་ཟད། ཧྲུའུ་ཅི་ཞི་ཕྲུག་ལགས་ནས་མཛད་སྒོའི་གཏམ་བཤད་གནང་།

    ཁོང་གིས་གསུངས་རྒྱུར་རིག་གནས་ནི་ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཡིན་ལ། ས་ཁུལ་དང་ཁྱིམ་ཚང་དར་རྒྱས་ཀྱི་འབྱུང་ཁུངས་ཡིན་པས་ང་ཚོ་ཚང་མས་རང་རང་གི་ངོས་ནས་རིག་གནས་ལ་མཐོང་ཆེན་དང་། རིག་གནས་ལ་བརྩི་བཀུར། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་པ་དང་དར་སྤེལ་གཏོང་དགོས་ཤེས་གསུངས་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་རིག་གནས་དང་སྔོན་ཐོན་རིག་གནས་ཀྱི་བདག་པོ་ནི་རྒྱ་ཆེའི་མི་དམངས་ཡིན་པས། དུས་དང་རྣམ་པ་ཀུན་ཏུ་རིག་གནས་ལ་བདག་པོ་རྒྱག་དགོས་པའི་བླང་བྱ་ནན་མོ་བཏོན། ཁོང་གིས་ད་དུང་ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་དང་། བྱ་ཐབས། ཕན་ནུས། མཇུག་འབྲས་བཅས་ཀྱི་ཆ་ནས་བྱེད་སྒོར་ཞུགས་པའི་སྡེ་ཁག་དང་ལས་བྱེད་མི་སྣ་ཡོངས་ལ་བླངས་བྱ་ནན་མོ་བཏོན་ནས་གཞི་རིམ་དུ་བསྐྱོད་པའི་བྱེད་སྒོའི་ནུས་པ་མཐོ་རུ་གཏོང་དགོས་པར་བསྟན།


碌曲县2023文化下乡 (1).jpg


རྫོང་ཨུའི་ཧྲུའུ་ཅི་ཞི་ཕྲུག་ལགས་ཀྱིས་་གཏམ་བཤད་གནང་བ།


   ཐེངས་འདིའི་བྱེད་སྒོའི་ཁྲོད་ཀླུ་ཆུ་རྫོང་མཛེས་རྩལ་དང་ཡིག་གཟུགས་མཐུན་ཚོགས་ཀྱིས་རྒྱ་བོད་ཡིག་གཟུགས་བརྩམས་ཆོས་ཀྱི་ལོ་སར་ལེགས་སྐྱེས་དང་། ཤིས་ཚིག་འབུལ་བའི་བྱེད་ཐབས་ལ་བརྟེན་ན་ནས་ཀྲུང་ཧྭ་རིག་གནས་ཁྲོད་འོད་དུ་འཚེར་བའི་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་སྐོར་གྱི་རིག་གནས་སྒྱུ་རྩལ་དམངས་ཁྲོད་དུ་ཁྱབ་སྤེལ་བྱས། བྱེད་སྒོའི་ཐོག་མཐའ་བར་གསུམ་ནས་བྲིས་པ་བྲིས་མ་ཚོས་མང་ཚོགས་ཀྱི་འདུན་པ་དང་དགོས་མཁོ་གཙོ་བོར་བཟུང་ནས་ཡིག་གཟུགས་བརྩམས་ཆོས་འབྲི་བ་དང་། ཞོར་དུ་བྲི་བཞིན་པའི་ཡིག་རྒྱུན་གང་དེའི་ལོ་རྒྱུས་དང་། བྲིས་རབས། ཁྲིད་རྒྱུན་དང་བྲིས་གཟུགས་ཀྱི་ཁྱད་ཆོས་སོགས་ངོ་སྤྲོད་བྱས་བ་དང་། ཡིག་གཟུགས་སྒྱུ་རྩལ་གྱི་རིན་ཐང་དང་ཁྱིམ་ཚང་གི་ནང་དུ་ཡིག་གཟུགས་ཡོད་པའི་དགོས་པ་སོགས་ཅི་ཐུབ་ཀྱིས་འོས་སྦྱོར་བྱས།

དང་པོ། ༢༠༢༢ལོའི་ཟླ་༡༡ཚེས་༩ཉིན་སྔ་དྲོ་མ་ངེ་གྲོང་རྡལ་དཔའ་སྒར་སྡེ་བ་ནས་བྱེད་སྒོའི་མགོ་ཚུགས་མཛད་སྒོ་སྤེལ་བ།


碌曲县2023文化下乡 (9).jpg


རྫོང་ཨུའི་ཧྲུའུ་ཅི་ཞི་ཕྲུག་དང་དྲིལ་བསྒྲགས་པུའུ་ཀྲང་ལིས་ཡེའུ་ཧེན་རྣམ་གཉིས་མང་ཚོགས་དང་མཉམ་དུ་བྱེད་སྒོའི་ཁྲོད་ཡིག་གཟུགས་ལ་རོལ་མྱོང་གནང་བཞིནཔ།




碌曲县2023文化下乡 (2).jpg


ཡིག་གཟུགས་ཀྱི་ལེགས་སྐྱེས་ཐོབ་པའི་མང་ཚོགས།




碌曲县2023文化下乡 (5).jpg


ལོ་སར་ཤིས་ཚིག་ལེན་མཁན་གྱི་ཁྱིམ་གྱི་བདག་མོ།




碌曲县2023文化下乡 (6).jpg


བོད་ཀྱི་ཡིག་གཟུགས་ལ་སྤྲོ་བ་སྐྱེད་པའི་ལོ་ཆུང་བྱིས་པ།




碌曲县2023文化下乡 (7).jpg


བོད་ཀྱི་ཡིག་གཟུགས་ལ་སྤྲོ་བ་སྐྱེད་པའི་ལོ་ཆུང་བྱིས་པ།




碌曲县2023文化下乡 (8).jpg


མང་ཚོགས་ཀྱི་དགོས་མཁོ་ལྟར་བྲིས་གཟུགས་མཁོ་སྤྲོད་དང་ཡུལ་དངོས་གསར་རྩོམ་གནང་བཞིན་པའི་ཀླུ་ཆུའི་ཡིག་མཁན།




碌曲县2023文化下乡 (10).jpg


མང་ཚོགས་ཀྱི་དགོས་མཁོ་ལྟར་བྲིས་གཟུགས་མཁོ་སྤྲོད་དང་ཡུལ་དངོས་གསར་རྩོམ་གནང་བཞིན་པའི་ཀླུ་ཆུའི་ཡིག་མཁན།



 



གཉིས་པ།   ཟླ་༡༡ཚེས་༩ཉིན་ཨ་ལ་ཞིང་ཐེ་མདོ་སྡེ་བར་སོང་ནས་བྱེད་སྒོ་སྤེལ་བ།


碌曲县2023文化下乡 (11).jpg


ཨ་ལ་ཞང་ཐེ་མདོ་སྡེ་བ་ནས་ཡིག་གཟུགས་ཀྱི་ལེགས་སྐྱེས་འབུལ་བ།



碌曲县2023文化下乡 (12).jpg


ཨ་ལ་ཞང་ཐེ་མདོ་སྡེ་བ་ནས་རིག་རྩལ་འཁྲབ་སྟོན་སྤེལ་བ།




碌曲县2023文化下乡 (13).jpg


བྲིས་པ་ཚོས་ཡུལ་དངོས་ནས་དགོས་མཁོ་ལྟར་ཡིག་གཟུགས་འབྲི་བཞིན་པ།



碌曲县2023文化下乡 (14).jpg



碌曲县2023文化下乡 (15).jpg





གསུམ་པ།   ཟླ༡༡ཚེས་༩ཉིན་གྱི་ཕྱི་དྲོ་ཟམ་ཚ་གྲོང་བརྡལ་ཟམ་ཚ་རི་མོ་ཆེ་སྡེ་བར་སོང་ནས་བྱེད་སྒོ་སྤེལ།


碌曲县2023文化下乡 (25).jpg



碌曲县2023文化下乡 (26).jpg



碌曲县2023文化下乡 (17).jpg






བཞི་བ།   ༢༠༢༣ལོའི་ཟླ༢ཚེས་༡༧ཉིན་གྱི་སྔ་དྲོ་ཀླུ་ཆུ་རྫོང་བླ་རི་མགུལ་ཞིང་རྫས་ཚ་ཡུལ་སྡེ་བ་ནས་བྱེད་སྒོ་སྤེལ་བ།



碌曲县2023文化下乡 (27).jpg



碌曲县2023文化下乡 (28).jpg


ལྔ་བ།   ༢༠༢༣ལོའི་ཟླ༢ཚེས་༡༧ཉིན་གྱི་ཕྱི་དྲོ་ཀླུ་ཆུ་རྫོང་ཤིས་ཚང་གྲོང་རྡལ་དགུན་ས་སྡེ་བ་ནས་བྱེད་སྒོ་སྤེལ་བ།




碌曲县2023文化下乡 (29).jpg



碌曲县2023文化下乡 (30).jpg



碌曲县2023文化下乡 (31).jpg





དྲུག་པ།   ༢༠༢༣ལོའི་ཟླ༢ཚེས་༢༡ཉིན་གྱི་སྔ་དྲོ་ཀླུ་ཆུ་རྫོང་མ་ངེ་གྲོང་རྡལ་རྒྱ་སྒར་སྡེ་བ་ནས་བྱེད་སྒོ་སྤེལ་བ།



碌曲县2023文化下乡 (32).jpg




碌曲县2023文化下乡 (33).jpg





བདུན་པ།   ༢༠༢༣ལོའི་ཟླ༢ཚེས་༢༡ཉིན་གྱི་ཕྱི་དྲོ་ཀླུ་ཆུ་རྫོང་མཚོ་ཉིན་གྲོང་རྡལ་ཀ་ཤུལ་སྡེ་བ་ནས་བྱེད་སྒོ་སྤེལ་བ།



碌曲县2023文化下乡 (35).jpg



碌曲县2023文化下乡 (34).jpg


བྲིས་པ་བཀྲ་ཤིས་དོན་གྲུབ་ཀྱིས་ཡིག་གཟུགས་ཀྱི་འཁྱུག་རྩལ་སྟོན་པ།



碌曲县2023文化下乡 (36).jpg


ཆོས་འཁོར་བསྟན་འཛིན་ལགས་ཀྱིས་རྒ་རྒས་ཀྱི་རེ་བ་བཞིན་ལཉྫའི་ཡིག་གཟུགས་འབྲི་བཞིན་པ།



碌曲县2023文化下乡 (38).jpg


བྲིས་པ་བསོད་ནམས་རབ་བརྟན། མགོན་པོ་སྐྱབས། བཀྲ་ཤིས་དོན་གྲུབ་ཀྱིས་ཡིག་གཟུགས་འབྲི་བཞིན་པ།




碌曲县2023文化下乡 (39).jpg


བྲིས་པ་བཀྲ་ཤིས་དོན་གྲུབ། མགོན་པོ་སྐྱབས། བསོད་ནམས་རབ་བརྟན་གསུམ་གྱིས་མང་ཚོགས་ཀྱི་འདུན་པ་ལྟར་ཤིས་ཚིག་འབྲི་བཞིན་པ།




碌曲县2023文化下乡 (40).jpg




碌曲县2023文化下乡 (41).jpg


ཡིག་གཟུགས་བརྩམས་ཆོས་ཐོབ་པའི་འབྲོག་པའི་བུ་མོ།




碌曲县2023文化下乡 (42).jpg


ཡིག་གཟུགས་ལ་རོལ་མྱོང་བྱེད་བཞིན་པའི་སྟག་ཤར་གཞོན་ནུ།




碌曲县2023文化下乡 (43).jpg


བྲིས་པ་མགོན་པོ་སྐྱབས་ཀྱིས་མང་ཚོགས་ཀྱི་དགོས་མཁོ་སྐོང་བཞིན་པ།




碌曲县2023文化下乡 (44).jpg


ཀ་ཤུལ་འབྲོག་སྡེ་གསར་བའི་རིག་གནས་འདུ་ཐང་གི་ཡིག་གཟུགས་བྱེད་སྒོའི་ཡུལ་དངོས་ཟུར་ཅིག




碌曲县2023文化下乡 (45).jpg


ལཉྫ་དང་སྨོན་ལམ་དབུ་ཅན་གྱི་འཁྱུག་རྩལ་པིར་སྨྱུག་གི་འདེགས་འཇོག་ལ་བསྒྱུར་བ།




碌曲县2023文化下乡 (37).jpg


ཀླུ་གར་ཚོགས་པའི་སྟག་ཤར་དང་མ་སྲི་ཚོས་ཡིག་གཟུགས་དང་མཉམ་པར་རྒྱག་པ།