设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女子展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

འདྲེན་འཁྱུག་མན་ངག་བཞིན་འབྲི་བའི་བརྙན་རིས།

 二维码 2959
发表时间:2022-12-28 00:48作者:ཁ་སྤུ་ཅན།来源:ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲ་བ།

༄༅། །འདྲེན་འཁྱུག་མན་ངག་བཞིན་འབྲི་བའི་བརྙན་རིས།

        སྤྱིར་གཞུང་བྲིས་འཁྱུག་ཡིག་ནི་སྨྱུག་རིས་མང་པོ་མི་དགོས་པར་ཡི་གེ་ཕལ་ཆེ་བ་སྨྱུག་རིས་གཅིག་དང་གཉིས་ཀྱིས་བྲི་ཐུབ་པའི་མགྱོགས་བྲིས་ཀྱི་ཡིག་གཟུགས་ཁྱད་དུ་འཕགས་པ་ཞིག་ཡིན། འཁྱུག་ཆེན་ནམ་འདྲེན་འཁྱུག་ཅེས་པ་ནི་སྨྱུག་རིས་ཀྱི་འགྲོས་བཞིན་ཡི་གེ་སྔ་མས་ཕྱི་མ་འདྲེན་པའམ། ཡི་གེ་སྔ་ཕྱི་གཉིས་སྦྲེལ་ནས་འབྲི་བ་དཔེར་ན། སྔོན་འཇུག་གིས་མིང་གཞི་འདྲེན་པའམ། མིང་གཞིས་རྗེས་འཇུག་འདྲེན་པ། རྗེས་འཇུག་གིས་ཚེག་ཐུང་དང་ཡང་འཇུག་གང་རུང་འདྲེན་པ། དབྱངས་ཀྱིས་ཚེག་ཐུང་དང་རྗེས་འཇུག་འདྲེན་པ། དེ་བཞིན་ཚེག་ཁྱིམ་གོང་མའི་ཚེག་གིས་ཕྱི་མའི་ཡི་གེ་འདྲེན་པས་ན་འདྲེན་འཁྱུག་ཅེས་ཟེར། དེ་ནི་ཡི་གེ་སྔ་ཕྱི་སྦྲེལ་བའམ་མཐུད་ནས་འབྲི་བའི་དོན་ཡང་ཡིན། དེ་ལྟར་སྦྲེལ་བས་ཡི་གེ་མགྱོགས་ཇུས་ལ་ཕན་ཐོགས་ཆེན་པོ་ཡོད་པས་རྒྱུན་གཏན་བརྗེད་ཐོ་ཟིན་བྲིས་སོགས་ལ་མེད་དུ་མི་རུང་བའི་ཡིག་གཟུགས་སྤྱོད་གོ་ཆེ་ཤོས་ཤིག་ཡིན། འདི་ནི་བྲིས་ཀྱི་རྩལ་ལ་ཤིན་ཏུ་བྱང་གོམས་ཅན་གྱིས་འབྲི་བ་ལས། འཁྱུག་མ་ཚུགས་དང་འཁྱུག་ཡིག་ལ་བྱང་གོམས་མེད་པ་དག་གིས་འབྲི་ན་ཡིག་རྩ་འཐོར་ཉེན་ཆེ་བས་ཐོག་མར་འདྲེན་འཁྱུག་འདི་འབྲི་མི་རུང་བ་ཡིན།

       འདྲེན་འཁྱུག་དེ་ཡང་ཐོག་མར་ནན་ཏན་གྱིས་ཡིག་འབྲུ་རེ་རེ་བཞིན་སློབ་དཔོན་གྱི་བྲིས་རྒྱུན་བཞིན་སྦྱོང་དགོས་པ་ལས། འཁྱུག་ཡིག་མགྱོགས་བྲིས་ཡིན་པ་རྒྱུ་མཚན་བྱས་ནས་གང་འདོད་གང་མགྱོགས་སྦྲེལ་ནས་འབྲི་མི་རུང་། དེ་ཡང་འདྲེན་འཁྱུག་གི་རིགས་པའི་གཞུང་ལུགས་དང་། མན་ངག་བཞིན་འདྲེན་རུང་བའི་སྨྱུག་རིས་ཀྱིས་འདྲེན་པ་ལས། འདྲེན་རུང་མིན་ལ་མ་ལྟོས་པར་བཙན་གྱིས་འདྲེན་པའམ། གང་འདོད་ཀྱིས་འདྲེན་ན་འདྲེན་ལོག་ཏུ་གྱུར་ནས་དོན་མི་རྟོགས་པའམ། ཐ་ན་བརྡ་སྤྲོད་ཀྱི་ནུས་པ་ཉམས་འགྲོ་བས་ངེས་པར་དུ་གཟབ་དགོས་པ་མ་ཟད། གལ་ཆེ་བའི་དོན་དང་། ཚིག་བཙན་པའི་གཞུང་ཡིག །གན་རྒྱའི་རིགས་སོགས་ལ་བརྡ་མ་འཕྲོད་ནས་དོན་ལ་འགལ་འཛོལ་འགྲོ་ཉེན་ཆེ་བས་འདྲེན་འཁྱུག་སྤྱོད་མི་རུང་ལ། ཞུ་ཡིག་དང་སྐྱབས་ཐོ་སོགས་ལ་འདྲེན་འཁྱུག་འབྲི་བ་མ་གུས་པར་འགྲོ་བས་རྩ་བ་ནས་འབྲི་མི་རུང་བའི་གནད་འདི་ཡང་ངེས་པར་དུ་ཤེས་དགོས་སོ། །ཁ་སྤུ་ཅན་གྱིས།


大胡子 (1).jpg



大胡子 (2).jpg



བོད་ཀྱི་ཡིག་མཁན་ཆེན་མོ་བཀྲ་ཐང་བསྟན་པའི་ཉི་མས་མཛད་པའི་འདྲེན་འཁྱུག་མན་ངག་དབུས་ཀྱི་ཡིག་མཁན་ཁ་སྤུ་ཅན་གྱིས་བརྙན་ལམ་ནས་འགྲེལ་བ།


大胡子 (3).jpg






大胡子 (4).jpg







大胡子 (5).jpg





大胡子 (6).jpg






大胡子 (7).jpg





大胡子 (8).jpg





གངས་ཅན་ཡིག་གཟུགས་རིག་གཞུང་དང་ལག་ལེན་བསྡེབས་ཏེ་བསྟན་པ་གཡུ་ཁྲིའི་ཞལ་ལུང་ལས། འདྲེན་འཁྱུག་འབྲི་ཚུལ་དང་སྤྱོད་སྟངས་སྐོར་ལ་འདི་ལྟར་གསུངས་སྟེ།


大胡子 (9).jpg


大胡子 (10).jpg



大胡子 (11).jpg



大胡子 (12).jpg



大胡子 (13).jpg



大胡子 (14).jpg



大胡子 (15).jpg



大胡子 (16).jpg



大胡子 (17).jpg



大胡子 (18).jpg



大胡子 (19).jpg



大胡子 (20).jpg



大胡子 (21).jpg



大胡子 (22).jpg



大胡子 (23).jpg



大胡子 (24).jpg



大胡子 (25).jpg



大胡子 (26).jpg



བརྙན། ཡིག་མཁན་ཁ་སྤུ་ཅན།

སྒྲིག་སྦྱོར། ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲ་བའི་བརྙན་སྦྱོར་ལྟེ་གནས།

རྩོམ་སྒྲིག་པ། གཅན་རང་བསད།

སྤྱི་ཁྱབ་རྩོམ་སྒྲིག་པ། ཧེ་རམ་པ།