设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

ཐེ་བོ་རྫོང་གིས་ཡིག་གཟུགས་ཀྱི་མཆོད་པ་རྒྱ་ཆེར་བཤམས་པ།

 二维码 1325
发表时间:2022-10-15 00:56作者:ཐེ་བོ་རིན་ཆེན།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།



ཐེ་བོ་རྫོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་བ་སྤྲོ་བས་བསུ་པ་དངགསར་བརྗེའི་གནས་མཆོག   ལྗང་མདོག་གི་ཁྱིམ་གཞིསབརྗོད་བྱར་བྱས་པའི་རྒྱལ་ཡོངས་ཀྱི་ཡིག་གཟུགས་དང་རི་མོའི་བརྩམས་ཆོས་འགྲེམས་སྟོན་དང་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ་བ།


迭部县书法大赛 (2).jpg


       སྟོན་དུས་ཀྱི་ཟླ་བཅུ་པར་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་འཐུས་མི་ཚོགས་ཆེན་དགའ་སྤྲོའི་ངང་བསུ་བ་ཞུ་བའི་ཆེད་དུ།   ཐེ་བོ་རྫོང་གིསགསར་བརྗེའི་གནས་མཆོག   ལྗང་མདོག་ཁྱིམ་གཞིས། ལྷ་གཟིགས་བུམ་པཞེས་པའི་རྒྱལ་ཡོངས་ཡིག་གཟུགས་དང་རི་མོའི་འགྲན་སྡུར་གྱི་བརྩམས་ཆོས་འགྲེམས་སྟོན་དང་བྱ་དགའ་སྤྲོད་པའི་མཛད་སྒོ་༢༠༢༢ལོའི་ཟླ༡༠ཚེས་༡༤ཉིན་ཐེ་བོ་རྫོང་དུ་འཚོགས།
      འདི་ལོར་ཏོག་དབྱིབས་ནད་ཡམས་ཀྱིས་དཀའ་ཁག་ཐེངས་གསུམ་དང་འཕྲད་ནའང་ཡིག་གཟུགས་དང་རི་མོའི་འགྲེམས་སྟོན་དང་བརྩམས་ཆོས་ཕྱོགས་བསྒྲིགས་ཀྱི་ལེགས་སྐྱེས་རྩོམ་སྒྲིག་བཅས་ལ་མཇུག་འབྲས་ལེགས་པོ་སྨིན་ཉེ་པའི་སྐབས་འདིར། རྒྱ་ཆེའི་ཡིག་གཟུགས་པ་དང་རི་མོ་མཁན་ཚོས་ཏང་གི་བྱས་རྗེས་རླབས་ཆེན་དང་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་བརྩེ་སེམས་ཟབ་མོའི་སྒོ་ནས་བསྔགས་བརྗོད་དང་ཏང་གི་ལོ་བརྒྱའི་གྲུབ་འབྲས་ལ་བསྔགས་བརྗོད་བྱས་པ་ཞིག་ཡིན་ལ།   ལྷག་པར་དུ་ཏང་ལ་དགའ་ཞེན་དང་མེས་རྒྱལ་ལ་དགའ་ཞེན་བྱེད་པའི་བརྩེ་སེམས་མཚོན་ཚུལ་ཞིག་ཀྱང་ཡིན།
      དེ་རིང་གི་ཡིག་གཟུགས་དང་རི་མོའི་འགྲེམ་སྟོན་གྱི་མཛད་སྒོར་ཀྲུང་གུང་ཐེ་བོ་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡི་འགོ་འཛིན་བློ་མཐུན་བཀྲ་ཤིས་རྒྱ་མཚོ་ལགས་དང་། ཐེ་བོ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་བློ་མཐུན་བསོད་ནམས་དོན་གྲུབ་དང་ཐེ་བོ་རྫོང་མི་དམངས་འཐུས་མི་ཚོགས་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་བློ་མཐུན་ལི་ཨའེ་ཅུན། སྲིད་གྲོས་ཐེ་བོ་རྫོང་གི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཝང་ཡུས་གོ   དེ་མིན་ཐེ་བོ་རྫོང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་།   ཐེ་བོ་རྫོང་གི་རིག་གནས་ཁང་། ཐེ་བོ་རྫོང་ཡིག་གཟུགསབོད་དང་རྒྱ་རིགསམཛེས་རྩལ་མཐུན་ཚོགས་བཅས་ཀྱི་རོགས་སྐྱོར་འོག་ཐེ་བོ་རྫོང་འགོ་རྗེ་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་། ཐེ་བོ་རྫོང་གི་བྱ་དགའ་ཐོབ་པའི་འཐུས་མི་ཁྱོན་༣༠ལྷག་ཙམ་ཚོགས་འདུར་ཞུགས།
     ད་ཐེངས་ཀྱི་ཡིག་གཟུགས་དང་རི་མོའི་འགྲེམས་སྟོན་དེ་ནད་ཡམས་ཀྱི་དབང་གིས་ཟླ་ངོ་གང་མང་ཞིག་ལ་འགོར་འགྱང་སོང་ནའང་།   ཞིང་ཆེན་དང་ཁུལ་ཡིག་གཟུགས་དང་མཛེས་རྩལ་མཐུན་ཚོགས་ཀྱི་ཆེད་མཁས་ཡིག་མཁས་རྣམས་ཀྱི་རྒྱབ་སྐྱོར་འོག་རྒྱ་ཡིག་ཡིག་གཟུགས་དང་། བོད་ཡིག་ཡིག་གཟུགས། སྲོལ་རྒྱུན་རི་མོ་བཅས་ལ་ཨང་དང་པོ་ནས་བཅུ་པའི་བར་གྱི་བརྩམས་ཆོས་༡༠དང་དེ་བཞིན་ཕུལ་བྱུང་བརྩམས་ཆོས་༡༤། རྟིང་སྐུལ་བརྩམས་ཆོས༤༤བཅས་ལ་བྱ་དགའ་ཐོབ་ཡོད། ཐེ་བོ་རྫོང་འགོ་རྗེ་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཚེ་དབང་རྡོ་རྗེ་ལགས་ཀྱིས་སྒོར༡༥༠༠༠.༠༠རྒྱབ་སྐྱོར་བྱས་ཤིང་།ཨང་དང་པོ་ཐོབ་མཁན་ལ་སྒོར་༡༠༠༠དང་། ཨང་གཉིས་པར་སྒོར་༧༠༠། ཨང་གསུམ་པར་སྒོར་༤༠༠ཡི་བྱ་དགའི་བདག་རྐྱེན་སྦྱར་བར་འདིར་ཆེད་དུ་ཁོང་ལ་གུས་འདུད་དང་བཀའ་དྲིན་ཆེ་ཞུ་ཞུ།
      ཡིག་རིས་ནི་རང་རྒྱལ་གྱི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་གཅེས་ནོར་ཞིག་དང་། ཀྲུང་ཧྭ་མི་རིགས་ཀྱི་མི་རབས་ནས་མི་རབས་བར་བརྒྱུད་འོང་བའི་བསམ་པའི་ལོངས་སྤྱོད་དང་འཛམ་གླིང་རིག་གནས་སྐྱེད་ཚལ་ཁྲོད་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་སྤོབས་སེམས་ཤིག་ཀྱང་ཡིན། དེར་བརྟེན། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅེས་ནོར་དར་སྤེལ་གཏོང་བར་དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པ་བཅས་བྱས་ནས་རིག་གནས་སྒྱུ་རྩལ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེགྲོང་གསེབ་དར་རྒྱསདངལྔ་མེད་ཀན་ལྷོདངབཅུ་ཡོད་ཁྱིམ་གཞིསབཏོད་པ་དང་དེ་བས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་སྒྱུ་རྩལ་བརྩམས་ཆོས་གསར་རྩོམ་བྱ་རྒྱུ་ནི་དུས་རབས་ཀྱིས་ང་ཚོར་དཀྲིས་པའི་འགན་འཁྲི་ཞིག་ཡིན་པའི་ངེས་ཤེས་རྙེད།


迭部县书法大赛 (1).jpg

迭部县举行喜迎党的二十大暨“红色圣地、绿色家园腊子口杯”全国书画交流展览颁奖仪式
       金秋十月,在喜迎中国共产党第二十届代表大会之际,迭部县举行了“红色圣地、绿色家园-腊子口杯”全国书画交流展览颁奖仪式。今年经过新冠疫情的三次困扰,书画展览和作品集即将落下帷幕,广大书画爱好者以厚重的书画艺术表现,深情歌颂党的丰功伟绩和光辉历程,既是书画爱好者对党的百年礼赞,也是对热爱党、热爱祖国的真情表达!
       今天参加书画展览颁奖仪式的领导有:中共迭部县委宣传部长扎西加措同志,迭部县人民政府副县长索南东珠同志、迭部县人大副主任李爱军同志, 政协迭部县副主席王玉国同志,迭部县文学艺术界联合,迭部县文化馆,迭部县书法(藏、汉)美术家协会,赞助单位迭部县俄界旅游开发有限公司董事长代表及迭部县授奖代表共30多人参加会议。
       此次书画展览由于疫情历时多月,经过省州各书法、美术家协会权威专家的亲临帮助支持,认真细致地评选出了汉文书法、藏文书法、国画前10名获奖作品,以及优秀作品14名,共奖励44名。迭部县俄界旅游开发有限公司董事长才旺道杰慷慨赞助(15000元),对获得第一名作者1000元,第二名作者700元,第三名作者400元的微博奖励,以表润笔之心,略表敬意。
        书画是我国的传统文化瑰宝,是一代代中华民族的精神食粮,同时也是中华民族在世界文化园林中的骄傲! 因此,传承中华传统文化,弘扬中华民族瑰宝,树立时代责任担当,努力推进文化艺术事业的发展,为“乡村振兴”,创建“五无甘南”、“十有家园”,创作更加丰富多彩的文化艺术作品,是时代赋予我们的责任。