设为首页 | 收藏本站
 
新闻中心གསར་འགྱུར།公告སྤྱི་བསྒྲགས།古籍收藏གནའ་དཔེ་ཉར་ཚགས།书法艺术ཡིག་གཟུགས་སྒྱུ་རྩལ།书法常识ཤེས་བྱའི་ཟེགས་མ།论  文དཔྱད་རྩོམ།集体展厅ཐུན་མོང་འགྲེམ་སྟོན་ཁང་།地区展厅ས་ཁུལ་འགྲེམ་སྟོན་ཁང་།书法名家ཡིག་གཟུགས་མཁས་དབང་།书法家ཡིག་གཟུགས་མཁན་པོ།书法达人ཡིག་གཟུགས་བྲིས་ཆེན།书法新秀ཡིག་གཟུགས་བྲིས་ཆུང་།书法爱好者ཡིག་གཟུགས་དགའ་ཞེན་པ།女性书法展厅སྐྱེ་མའི་ཡིག་གཟུགས།校园展厅སློབ་རའི་འགྲེམ་སྟོན་ཁང་།书法日专题ཡིག་གཟུགས་དུས་ཆེན་ཆེད་སྒྲིག视频教程བརྙན་གཟུགས་དཔེ་ཁྲིད།书法讲堂འཆད་ཁྲིད་དོ་ར།字帖ཡིག་གཟུགས་ཀ་དཔེ།学习资料བསླབ་དེབ།古近代名家གནའ་ཉེ་རབས་ཡིག་མཁན།现代名家དེང་རབས་ཡིག་མཁན།团体推介སྡེ་ཁག་འོས་སྦྱོར།ཡི书法企业ག་གཟུགས་ཁེ་ལས།文件下载ཡིག་ཆ་ཕབ་ལེན།其它下载སྣ་ཚོགས་ཕབ་ལེན།商用下载རིན་ལྡན་ཕབ་ལེན།

འབྲི་རུ་རྫོང་ནག་ཤོད་ཡིག་གཟུགས་ཚོགས་པའི་མཉམ་བྲིས་སྤེལ་ཐེངས་དང་པོ།

 二维码 6218
发表时间:2022-09-07 10:08作者:འབྲི་་རི་རྫོང་ནག་ཤོད་ཡིག་གཟུགས་ཚོགས་པ།那曲市比如县书法协会来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།



འབྲི་རུ་རྫོང་ནག་ཤོད་ཡིག་གཟུགས་ཚོགས་པའི་མཉམ་བྲིས་སྤེལ་ཐེངས་དང་པོ།


      རིམས་ནད་ལ་སྙིང་རྗེ་མེད་ཀྱང་།   མི་ཡུལ་དུ་བརྩེ་བས་ཁེངས་ཡོད། གློ་བུར་དུ་ཐོན་པའི་ནད་ཡམས་འདིས་བོད་ལྗོངས་ཀྱི་སྟོད་སྨད་བར་གསུམ་ལ་སྔར་མེད་ཀྱི་འཇིགས་སྐྲག་བཟོས་ནས་མི་སེམས་ལ་ལྷིང་འཇགས་བྲལ་བའི་དུས་སུ་རྒྱལ་ཁབ་ཀྱི་བླ་ན་མེད་པའི་ཐུགས་བརྩེའི་གཟིགས་སྐྱོང་དང་དེ་བཞིན་དུ་ནད་ཡམས་ཀྱི་གཡུལ་ས་མདུན་མར་རང་སྲོག་གི་ཉེན་ཁ་ལ་མི་འཛེམས་པར་རང་ལས་གཞན་གཅེས་ཀྱིས་ཉིན་མཚན་ལྟོས་མེད་སྐུ་ལས་བསྐྱོན་གནང་མཁན་གོས་དཀར་གྱི་ལྷ་རྗེའི་ཚོགས་དང་ཉེན་རྟོག་པ། དང་བླངས་པ། དེ་བཞིན་འབྱོར་ཅན་བྱང་སེམས་ཅན་དག་གིས་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་དག་ཞིང་གི་ཡུལ་འདིར་ནམ་ཡང་བརྗེད་ཐབས་མེད་པའི་མི་ཚེའི་གཏམ་རྒྱུད་གསོན་པོ་རེ་རེ་བསྐྲུན་གནང་མཛད་པ་ནི་ང་ཚོས་ནམ་ཡང་སྙིང་ཁོངས་རུས་པའི་གཏིང་དུ་བཅངས་ངེས་ཤིང་དེ་ལྟ་བུའི་ཕྱོགས་གཅིག་ལ་དཀའ་ངལ་ཡོད་དུས་ཕྱོགས་བཞི་མཚམས་བརྒྱད་ནས་ཕྱར་བ་གྲུ་འདེགས་ཀྱིས་རོགས་རམས་མཛད་པའི་མི་གཤིས་དག་མ་དེ་ལ་ང་ཚོས་ནམ་ཡང་སློབ་སྦྱོང་ཞུ་འོས་པ་ཞིག་ཡིན།   དེས་ན་ཐེངས་འདིར་ངེད་ནག་ཤོད་ཡིག་གཟུགས་གླིང་གི་ཚོགས་གཙོ་ལྗོངས་ཡིག་གཟུགས་མཁས་པའི་ཐུན་ཚོགས་ཀྱི་ཚོགས་མི་གཅུང་བསླབ་གསུམ་དང་། ཚེ་རིང་རྣམ་རྒྱལ་ལགས་རྣམ་གཉིས་ཀྱི་ལྷག་བསམ་བཟང་པོའི་སྐུལ་མས་སྣེ་ཁྲིད་དེ་རང་རྫོང་གི་ཡིག་མཁན་རྣམ་པས་ཀྱང་རང་རང་གི་སོར་མོའི་རྩལ་ལ་བརྟེན་ནས་རིམས་ནད་ཀྱི་འཐབ་ས་མདུན་མར་འབད་འབུངས་གནང་བཞིན་ཡོད་པའི་རླབས་ཆེན་གྱི་མི་སྣ་དག་ལ་ལྷག་བསམ་ཟོལ་མེད་ཀྱིས་གུས་འདུད་དང་ཁོང་རྣམ་པའི་མཛད་བཟང་ནི་བསྐལ་བརྒྱའི་བར་དུ་གནས་ངེས་པའི་ཡིད་ཆེས་སམ་སྨོན་འདུན་མཚོན་ཕྱིར་ཡིག་གཟུགས་ཀྱི་མཆོད་པ་འདི་འབུལ་ལོ།

ནག་ཤོད་ཡིག་གཟུགས་གླིང་ནས།


      当前,那曲市比如县疫情防控工作取得阶段性胜利,为营造团结一心、共同抗疫的浓郁氛围,同时为进一步担当文艺工作者的使命,比如县一小教师洛松同志等2名自治区书法协会会员组织全县书法爱好者(包括公务员,人民教师、学生等)开展“以艺抗疫——书法人在行动”网络书法展,每位书法爱好者创作了一批感人至深、鼓舞士气的抗疫作品,反映那曲人民奋力夺取疫情防控全面胜利的坚定决心,为打赢疫情防控攻坚战凝聚强大正能量。



那曲比如县202297 (1).jpg




那曲比如县202297 (1).png




那曲比如县202297 (2).jpg



那曲比如县202297 (2).png



那曲比如县202297 (3).jpg




那曲比如县202297 (4).jpg




那曲比如县202297 (5).jpg




那曲比如县202297 (6).jpg






那曲比如县202297 (7).jpg




那曲比如县202297 (8).jpg




那曲比如县202297 (9).jpg




那曲比如县202297 (10).jpg





那曲比如县202297 (11).jpg




那曲比如县202297 (12).jpg




那曲比如县202297 (13).jpg





上一页 1 2 3
...
下一页