设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女子展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

བསྟན་པ་ཚེ་རིང་།

 二维码 655
发表时间:2022-08-30 21:26作者:བསྟན་པ་ཚེ་རིང་།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།

བསྟན་པ་ཚེ་རིང་།


旦巴才让迭部 (12)_副本.jpg



     བསྟན་པ་ཚེ་རིང་ངམ་ཨ་བསྟན་ནི་༡༩༨༣ལོའི་ཟླ་བརྒྱད་པར་འཁྲུངས།   ཀན་སུའུ་ཞིང་ཆེན་ཆ་ཡིག་སློབ་ཚོགས་ཀྱི་ཚོགས་མི་དང་།   ཀན་ལྷོ་ཁུལ་བོད་ཡིག་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ།    ཀན་ལྷོ་ཁུལ་ཁྲིམས་རིག་ལྷན་ཚོགས་ཀྱི་ཚོགས་མི།    ཐེ་བོ་རྫོང་ཡིག་གཟུགས་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་དྲུང་ཆེ།    ཐེ་བོ་རྫོང་བོད་ཡིག་སློབ་ཆུང་གི་མཐོ་རིམ་དགེ་རྒན་གཞོན་པ་བཅས་རེད།     ཀན་ལྷོ་ཁུལ་གྱི་རྩོམ་རིག་སྒྱུ་རྩལ་གྲུབ་འབྲས་བྱ་དགའ་ཐོབ་པ་དང་།    ཀན་ལྷོ་ཁུལ་གྱི་བོད་ཡིག་ཡིག་གཟུགས་ཀྱི་ཕུལ་བྱུང་རྒྱུན་འཛིན་པ་དང་།    ཀན་སུའུ་ཞིང་ཆེན་སྲིད་ཁྲིམས་ཨུ་ལྷན་གྱི་ཡིག་གཟུགས་འགྲན་བསྡུར་ཆེ་མོའི་ཡིག་གཟུགས་རིགས་ཀྱི་ཕུལ་བྱུང་བྱ་དགའ།    ཀན་སུའུ་ཞིང་ཆེན་མི་རིགས་ལས་དོན་ཨུ་ལྷན་གྱི་སྐབས་གཉིས་པའི་གྲངས་ཉུང་མི་རིགས་ཀྱི་ཐང་ག་དང་པར་རིས་འགྲེམས་སྟོན་གྱི་ཡིག་གཟུགས་རིགས་ཀྱི་ཕུལ་བྱུང་བྱ་དགའ།    མཚོ་སྔོན་ཞིང་ཆེན་གྱི“གསར་གཏོད་རྟགས་མའི”ཡིག་གཟུགས་འགྲན་བསྡུར་ཆེ་མོའི་བྱ་དགའ།    བོད་རང་སྐྱོང་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་ལྷན་ཚོགས་ཀྱི་ཡིག་གཟུགས་རིགས་ཀྱི་ཕུལ་བྱུང་བྱ་དགའ་བཅས་ཐོབ་པ་རེད།     ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་དང་།    ལྕགས་ཕག་ལོའི་གསར་བརྗེའི་ཝུའུ་ཁྲང་འོས་ལངས་དྲན་གསོ་ཁང་།    ཀན་སུའུ་འབྲུག་ཆུའི་ཆུ་ལོག་འདམ་རྡོའི་ཆུ་རུད་ཚབས་ཆེན་གྱི་ཉེན་སེལ་མྱུར་སྐྱོབ་དྲན་གསོ་ཁང་།    ཀན་ལྷོ་ཁུལ་རིག་གནས་ཁང་བཅས་དང་དེ་བཞིན་པེ་ཅིང་དང་།    ཧྲང་ཧའེ།    ཅང་སུའུ།    ཀོང་ཏུང་།    ཧྲེན་ཀྲེན།    སི་ཁྲོན།    བོད་ལྗོངས་སོགས་ས་གནས་ཀྱི་ཡིག་མཁན་དང་རི་མོ་བ་གྲགས་ཅན་གྱིས་ཉར་ཚགས་བྱས་ཡོད།     བརྩམས་ཆོས་འགའ་ཞིག་༼ སྦྲང་ཆར ༽དང་།    ༼   ཟླ་ཟེར།   ༽ ༼ ཀན་སུའུའི་ཆ་ཡིག   ༽༼ཀྲུང་གོའི་མི་རིགས་ཡིག་གཟུགས་དང་རི་མོའི་ཚགས་པར།   ༽སོགས་ཞིང་ཆེན་ཕྱི་ནང་གི་ཚགས་པར་དང་དུས་དེབ་ཐོག་སྤེལ་ཡོད།     བྲིས་པའི་ཡིག་གཟུགས་སློབ་ཁྲིད་ཀྱི་དཔྱད་རྩོམ་དེ༼ མཚོ་སྔོན་སློབ་གསོ   ༽ཞེས་པར་སྤེལ་བ།     མཛུབ་ཁྲིད་བྱས་པའི་སློབ་མའི་བརྩམས་ཆོས་ལ“གཟི་རྩ་སྡེ་དགུ་རྟགས་མའི”ཀྲུང་གོའི་ནུབ་རྒྱུད་ཀྱི་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཡིག་གཟུགས་འགྲན་བསྡུར་ཆེ་མོ་ལས་སློབ་ཆུང་ཚོགས་ཆུང་གི་བྱ་དགའ་ཨང་དང་པོ་དང་གསུམ་པ་ཐོབ་པ་དང་ཀན་ལྷོ་ཁུལ་གྱི་སྐབས་དང་པོའི་སློབ་གྲྭ་འབྲིང་ཆུང་གི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་གྱི་རིམ་པ་གཉིས་པའི་བྱ་དགའ་དང་།    རིམ་པ་གསུམ་པ།    ཕུལ་བྱུང་བྱ་དགའ་བཅས་ཐོབ་པ་དང་།     ཀན་ལྷོ་ཁུལ་གྱི་སྐབས་གཉིས་པའི་སློབ་གྲྭ་འབྲིང་ཆུང་གི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ཆེ་མོའི་ཕུལ་བྱུང་བྱ་དགའ་ཐོབ་པ།     མཛུབ་སྟོན་བྱས་པའི་སློབ་མའི་བརྩམས་ཆོས༼ གངས་རྒྱན་ན་ཆུང་ཚགས་པར ༽ཨཐོག་སྤེལ་ཡོད།


 旦巴才让迭部 (1).jpg


 旦巴才让迭部 (2).jpg


 旦巴才让迭部 (3).jpg


 旦巴才让迭部 (4).jpg


 旦巴才让迭部 (5).jpg


 旦巴才让迭部 (6).jpg


 旦巴才让迭部 (7).jpg


 旦巴才让迭部 (8).jpg


 旦巴才让迭部 (9).jpg



 旦巴才让迭部 (13).jpg


 旦巴才让迭部 (10).jpg


 旦巴才让迭部 (11).jpg


 旦巴才让迭部 (14).jpg