设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

ཀན་ལྷོའི་ཡིག་མཁན་ཡུམ་བརྒྱ་བན་དེ་ཚེ་རིང་གི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན།

 二维码 3979
发表时间:2022-07-01 00:52作者:ཡུམ་བརྒྱ་བན་དེ་ཚེ་རིང་།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།

ཀན་ལྷོའི་ཡིག་མཁན་ཡུམ་བརྒྱ་བན་དེ་ཚེ་རིང་གི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན།


       ཏང་གི་ཚོགས་ཆེན་ཉི་ཤུ་བ་སྤྲོ་བས་བསུས་ཤིང་སྙིང་སྟོབས་དང་རེ་འདུན་གྱིས་ཁེངས་བཞིན་མདུན་ལམ་གསར་བར་ཕྱོགས། སྤྱི་ལོ་༢༠༢༢ལོའི་སྤྱི་ཟླ༦ཚེས་༢༨ཉིན་གྱི་སྔ་དྲོ་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་ནས་མདོ་སྨད་ཀན་ལྷོའི་ཡིག་མཁན་ཡུམ་བརྒྱ་བན་དེ་ཚེ་རིང་གིས་ཁོ་རང་གི་ལོ་ངོ་དུ་མར་གསར་རྩོམ་གནང་བའི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་ཐོག་མ་གྲོང་ཁྱེར་རིག་གནས་ཐོག་ཁང་ནས་སྤེལ།


永佳万代才让个人作品展2022年 (1).jpg


སྔོན་འགྲོའི་གཏམ།

     དེ་ཡང་ཇི་སྐད་དུ།   རིན་ཆེན་ཕྲེང་བ་ལས། ཐུབ་དབང་གསུང་དང་དཔེ་བྱུང་བའི། །གཞུང་རྣམས་བྲི་དང་གླེགས་བམ་ནི། །སྣག་ཚ་དག་དང་སྙུ་གུ་དག །སྔོན་དུ་འགྲོ་བ་སྦྱིན་པར་མཛོད། །ཡུལ་དུ་ཡི་གེའི་གྲྭ་ཁང་དུ། །སློབ་དཔོན་འཚོ་བའི་བྱ་བ་དག །ཞིང་ལ་སྩལ་བའི་ངེས་པ་ནི། །ཡེ་ཤེས་སྤེལ་བའི་སླད་དུ་མཛོད། །ཅེས་དང་། བྱམས་མགོན་གྱིས། ཡི་གེ་འདྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་དེ་བསྒོམ་པ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་མེད་ཐོབ། །ཅེས་གསུངས་པ་བཞིན་རྒྱལ་བའི་བཀའ་དྲི་མ་མེད་པ་དང་། དགོངས་འགྲེལ་གྱི་བསྟན་བཅོས་ཚད་ཐུབ་ཡི་གེར་འདྲི་བ་དང་། འདྲིར་འཇུག་པ་ལ་ནན་ཏན་བྱེད་པ་ནི་ཞིང་འདིའི་སྔོན་བྱོན་དམ་པ་དག་གི་ཁྱད་ཆོས་ཐུན་མོང་མིན་པ་ལགས་ན། འུ་ཅག་ཕྱི་རབས་པ་དག་གིས་ནམ་ཞར་རང་ནུས་གང་ཚོད་ཀྱིས་བྲིས་ཀྱི་རིག་པ་འདིར་འཇུག་གྲབས་བྱེད་པའང་དོན་གྱི་སྙིང་བོ་ཆེས་ཆེར་ལྡན་ནོ་ཞེས་སྔོན་དུ་བརྗོད་པར་བྱ་བ་འདི་ཡོད་དེ། འགྲེམ་སྟོན་འདི་འདྲ་ཞིག་སྤེལ་བའི་ཐོག་མའི་ཀུན་སློང་དང་གྲ་སྒྲིག །བར་གྱི་གཞུང་དོན། མཐའ་མའི་དགེ་བསྔོ་དང་གསུམ་མོ། །

      དྲང་མོར་བཤད་ན། འགྲེམ་སྟོན་འདི་འདྲ་ཞིག་སྤེལ་བའི་འདུན་པ་ནི་སྟེས་དབང་ཞིག་སྟེ། རང་ཉིད་ཀྱི་ཕ་དམ་པས་ཉིན་རེར་ཁ་ཏོན་བྱེད་བཞིན་པའི་བག་ཆགས་ཀྱིས་ཀུན་ནས་བསླངས་ཏེ་༼འཕགས་པ་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ་འགྱོད་ཚངས་ཀྱིས་སྡིག་སྦྱངས་ཏེ་སངས་རྒྱས་སུ་གྲུབ་པར་རྣམ་པར་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ༽་ཞེས་པ་ལེགས་པར་གྲུབ་རྗེས་བྱུང་བ་ཞིག་ཡིན།   དེའང་རབ་བྱུང་བཅུ་བདུན་པའི་མེ་སྤྲེལ་ལོའི་མགོ་ཟླ་བའི་ཡར་ཚེས་ལ་འདི་ཕྱིའི་སྐྱབས་གནས་ཉག་གཅིག་རྩ་བའི་བླ་མ་༧བསེ་རྡོ་རྗེ་འཆང་མཆོག་གི་སྤྱན་སྔར་མདོ་སྡེ་འདི་འདྲ་ཞིག་འབྲི་བར་བར་ཆད་མེད་པ་དང་ལེགས་པར་མཐར་ཕྱིན་པའི་སྐྱབས་འཇུག་རྩེ་གཅིག་ཏུ་ཞུས་པས། ཤིན་ཏུ་ལེགས་སོའི་གསུང་གི་གཏང་རག་དང་མཐར་ཕྱིན་ངེས་ཡིན་པའི་བཀའ་ལུང་རྡོ་རྗེའི་དམ་ཚིག་གཡུང་དྲུང་དུ་སྩལ་པས་སྔར་ལས་ལྷག་པའི་དམ་བཅའ་བརྟན་པོ་དང་བཅས་སྡེ་དགེ་པར་མ་བྲི་གཞིར་བཞག་ནས་ཉིན་རེར་ཤོག་ལྡེབ་གཉིས་རེ་ཆག་མེད་ཀྱིས་ལོ་ཧྲིལ་བོ་གསུམ་ལ་ཁྲི་རྒན་འཇམ་པའི་དབྱངས་ཀྱིས་མཛད་པའི་གསུང་རབ་འབྲི་བཞེངས་ཀྱི་མན་ངག་ལྟར་ལེགས་པར་བྲིས།   གཞུག་གི་སྐུ་བརྙན་འབྲི་བཞེངས་དང་གོང་གཤམ་འདོགས་པའི་དུས་ཡུན་བཅས་བགྲང་བྱ་ལྔའི་རིང་གི་སྐྱིད་སྡུག་འདྲེས་མའི་ལོ་ཟླ་མང་པོ་བརྒྱུད་མཐར། རང་གི་དྲན་འཆར་ཞིག་དང་བྲིས་གྲོགས་རྣམ་པའི་སྐུལ་སློང་རྒྱབ་སྐྱོར་ལ་བརྟེན་ནས་འགྲེམ་སྟོན་འདི་འདྲ་ཞིག་སྤེལ་བའི་སྟ་གོན་ལ་དངོས་སུ་ཞུགས། དེ་ནས་ཐོག་མའི་གྲ་སྒྲིག་གི་བྱ་ལས་མཐའ་དག་ཡོངས་སུ་གྲུབ་སྟེ། གཞུང་དོན་གྱི་སྐབས་འདིར་བཀོད་སྒྲིག་ཅི་འདྲ་བྱས་ཡོད་ཅེ་ན། འདི་ལྟ་སྟེ། འགྲེམ་སྟོན་ཧྲིལ་བོ་ཚན་ཁག་བཞི་ཡིས་གྲུབ་ཡོད་ལ། དང་པོ་ཡུལ་ཁམས་འདིའི་སྔོན་བྱོན་དམ་པ་དང་། བྲིས་པ་དག་ལ་གོང་བཀུར་བྱ་སླད་བཀོད་སྒྲིག་བྱས་པའི་གདན་ཞུའི་བརྩམས་ཆོས་ཀྱི་སྐོར་དང་། གཉིས་པར་རང་རེའི་སྲོལ་རྒྱུན་རིག་གནས་ཀྱི་མཛེས་པ་དང་མང་དག་ཅིག་ལ་དེའི་སྐོར་གྱི་དྲན་པ་གསོ་སླད་ཆེད་དུ་བྲིས་པའི་དམངས་སྲོལ་བརྩམས་ཆོས་ཀྱི་སྐོར། གསུམ་པ་རང་གི་དད་དམ་གཙང་མའི་བྱིན་མཐུ་ཡིས་ཡོངས་སུ་སྐུལ་བའི་ཐར་པ་ཆེན་པོའི་མདོ། བཞི་བར་རྒྱུན་ལྡན་འཚོ་བའི་བྲིས་ཀྱི་སྦྱོང་བ་དངོས་སུ་མཚོན་པའི་ལག་བྲིས་ཀྱི་མ་ཕྱི་དང་ཡིག་ཆས་ཀྱི་སྐོར་བཅས་སྡོམ་པས་རིང་ཚད་ལ་རྨི་༤༠༠ཉེ་བའི་ཤོག་རིང་དང་བཅས་པའི་བརྩམས་ཆོས་དྲུག་ཅུ་ཁ་ལྷག་ཡོད། དེ་དག་གི་བྲིས་གཟུགས་ཀྱང་ཡུལ་འདིའི་བྲིས་རྒྱུན་གཙང་ཐག་ཆོད་པ་ཁོང་༧དྲུང་ཡིག་མཁས་དབང་སྨོན་ལམ་རྒྱ་མཚོ་མཆོག་ནས་བརྒྱུད་པའི་དབུ་ཅན་ཁྱུང་བྲིས་དང་། དབུས་བྲིས་སུག་ཐུང་། དགའ་ལྡན་བྲིས་གསར་གྱི་ཁོངས་གཏོགས་དབུས་བྲིས་འབྲུ་ཚ་ཡི་ཀ་དཔེ་ལ་ནན་གྱིས་གཏུགས་པ་ཤ་སྟག་ཡིན་ནོ། །

     མཇུག་མཐར། རང་གི་འགྲེམ་སྟོན་འདི་བདེ་བླག་ངང་འགྲུབ་ཅིང་། དོན་བྱ་འདིའི་སླད་ཐོག་མའི་སྟ་གོན་དང་། བར་གྱི་མཛུབ་སྟོན། མཐའ་མའི་དགེ་སྨོན་ཚུན་ཆད་ཀྱི་ལེགས་ཚོགས་ཐམས་ཅད་གཞི་གཅིག་ཏུ་འདུས་པའི་ནུས་སྟོབས་ཀྱིས་ད་རེས་ཀྱི་བྱས་པ་འདི་དོན་ཡོད་དུ་འགྱུར་ཞིང་། ཕྲན་དང་ཕྲན་ལྟ་བུའི་བྲིས་ཀྱི་རྗེས་འཇུག་ཀུན་ལ་ཕན་བསྐྱེད་འབྲས་བཟང་རེ་འབྱུང་བའི་སྨོན་པ་དང་བཅས།

ཐེངས་འདིའི་འགྲེམ་སྟོན་སྤེལ་བ་པོ་ཡུམ་བརྒྱ་བན་དེ་ཚེ་རིང་གིས་ཟླ་ཚེས་བཟང་པོར་གུས་པས་ཕུལ་བ་དགེ་གྱུར་ཅིག།




永佳万代才让个人作品展2022年 (50).jpg


前言

“推动文艺繁荣发展,传承中华优秀民族文化最根本的是要创作生产出无愧于我们这个伟大民族、伟大时代的优秀作品。文艺工作者应该牢记,创作是自己的中心任务,作品是自己的立身之本,要静下心来、精益求精搞创作,把最好的精神食粮奉献给人民。必须把创作生产优秀作品作为文艺工作的中心环节,努力创作生产更多传播当代中国价值观念、体现中华文化精神、反映中国人审美追求,思想性、艺术性、观赏性有机统一的优秀作品”——这是习近平总书记于2014年在北京主持召开的文艺工作座谈会上的重要讲话,值此“二十大”胜利召开之际,为发扬和传承中华优秀民族文化,以此方式引出此次个展的前言,也作整个展览学习和自我借鉴的精神主旨。

本次展览的具体布局共分四大板块,即特邀作品区、民俗文化区、书法长卷区和手稿特色区。其中,特邀作品由桑吉扎西、道尔巴等甘南地区著名书法家近20幅精品力作构成,民俗文化涉及甘青川和西藏等地宝贵的非物质文化遗产和传统的民族文化精髓,书法长卷则历时五年时间的创作历程,长达350余米,主要以甘南当地早年流传的“琼氏乌金体传承书写,间隙还有精致的唐卡画作,完全可以算作是本人的代表作之一,最后手稿特色区包括笔者常年积累的书法手稿和各种书法文具,总计展出精挑细选之60余幅藏文书法作品。

最后,还是想引用一句习近平总书记的讲话稿作为收笔,“追求真善美是文艺的永恒价值。艺术的最高境界就是让人动心,让人们的灵魂经受洗礼,让人们发现自然的美、生活的美、心灵的美”。真诚的希望,您也能通过这些作品感受到真善美,感受到向上向善的价值观。哪怕有一点,我也就心满意足了。

完代才让   敬启

2022年6月21日


永佳万代才让个人作品展2022年 (51).jpg


永佳万代才让个人作品展2022年 (49).jpg


བརྩམས་ཆོས་དོ་ར།


永佳万代才让个人作品展2022年 (2).jpg



永佳万代才让个人作品展2022年 (3).jpg永佳万代才让个人作品展2022年 (4).jpg


永佳万代才让个人作品展2022年 (5).jpg


永佳万代才让个人作品展2022年 (7).jpg


永佳万代才让个人作品展2022年 (8).jpg


永佳万代才让个人作品展2022年 (9).jpg


永佳万代才让个人作品展2022年 (10).jpg


永佳万代才让个人作品展2022年 (11).jpg


永佳万代才让个人作品展2022年 (12).jpg


永佳万代才让个人作品展2022年 (13).jpg


永佳万代才让个人作品展2022年 (14).jpg


永佳万代才让个人作品展2022年 (15).jpg


永佳万代才让个人作品展2022年 (16).jpg


永佳万代才让个人作品展2022年 (17).jpg



永佳万代才让个人作品展2022年 (18).jpg


永佳万代才让个人作品展2022年 (19).jpg


永佳万代才让个人作品展2022年 (6).jpg


永佳万代才让个人作品展2022年 (20).jpg


永佳万代才让个人作品展2022年 (21).jpg


永佳万代才让个人作品展2022年 (22).jpg


永佳万代才让个人作品展2022年 (23).jpg


永佳万代才让个人作品展2022年 (24).jpg


永佳万代才让个人作品展2022年 (25).jpg



永佳万代才让个人作品展2022年 (26).jpg


永佳万代才让个人作品展2022年 (27).jpg


永佳万代才让个人作品展2022年 (28).jpg


永佳万代才让个人作品展2022年 (29).jpg


永佳万代才让个人作品展2022年 (30).jpg


永佳万代才让个人作品展2022年 (31).jpg


永佳万代才让个人作品展2022年 (32).jpg


永佳万代才让个人作品展2022年 (33).jpg


永佳万代才让个人作品展2022年 (34).jpg


永佳万代才让个人作品展2022年 (35).jpg


永佳万代才让个人作品展2022年 (36).jpg


永佳万代才让个人作品展2022年 (37).jpg


永佳万代才让个人作品展2022年 (38).jpg


永佳万代才让个人作品展2022年 (39).jpg


永佳万代才让个人作品展2022年 (40).jpg


永佳万代才让个人作品展2022年 (41).jpg


永佳万代才让个人作品展2022年 (42).jpg


永佳万代才让个人作品展2022年 (43).jpg



永佳万代才让个人作品展2022年 (44).jpg


永佳万代才让个人作品展2022年 (47).jpg



永佳万代才让个人作品展2022年 (48).jpg