设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女子展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

སངས་རྒྱས་སྐྱབས།

 二维码 2629
发表时间:2022-05-08 23:03作者:སངས་རྒྱས་སྐྱབས།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།

སངས་རྒྱས་སྐྱབས།


桑吉加作品展 (1).jpg


    སྤྱི་ལོ༡༩༩༨ལོར་མདོ་སྨད་ཀླུ་ཆའི་ཟམ་ཚ་གྲོང་རྡལ་དུ་ཞིང་བའི་ཁྱིམ་ཚང་ཕལ་བ་ཞིག་ནས་སྐྱེས། ༢༠༡༢ལོར་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་སློབ་གཉེར་ལ་གཞོལ་བའི་བར་སྐབས་སུ། བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འདི་ཉིད་ལ་ཐོག་མར་འབྲེལ་འདྲིས་བྱེད་པའི་གོ་སྐབས་བྱུང་བ་དང་།   མཐོ་འབྲིང་སྐབས་སུ་རང་ཉིད་ཀྱི་དགའ་མོས་དབང་གིས་ཡིག་གཟུགས་འབྲི་སྦྱོང་རྒྱུན་འཁྱོངས་དང་འབད་འབུངས་བྱས་པ་དང་། འཛིན་གྲྭའི་འཛིན་བདག་གི་རྒྱབ་སྐྱོར་དང་དགེ་རྒན་བསོད་ནམས་རབ་བརྟན་ལགས་ཀྱི་མཛུབ་སྟོན་གྱི་བཀའ་དྲིན་ལས་སློབ་རའི་ཡིག་གཟུགས་འགྲན་བསྡུར་གྱི་བྱ་དགའ་དུ་མ་དང་ཀན་ལྷོ་ཁུལ་ཆུང་འབྲིང་སློབ་མའི་ཡིག་གཟུགས་འགྲན་བསྡུར་ཁྲོད་དབུ་ཅན་གྱི་ཨང་དང་པོ་དང་དབུ་མེད་ཀྱི་ཨང་གསུམ་པའི་མིང་རྟགས་སོགས་བླངས་མྱོང་།   ༢༠༡༨ལོར་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་ནས་རི་མོའི་སྡེ་ཁག་ནས་མུ་མཐུད་དུ་བོད་རིགས་རང་ཉིད་ཀྱི་ཁྱད་དུ་མཚར་བའི་སྒྱུ་རྩལ་ཇུས་འགོད་དང་ཐང་གའི་ཆེད་ལས་གཉེར་བའི་ཞོར་དུ་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་གྱི་དགའ་ཕྱོགས་འདི་ལའང་སྔར་ལས་མང་པའི་སློབ་གསེང་གི་དུས་ཚོད་བེད་སྤྱད་ནས་བརྩོན་པ་ཆུ་བོའི་རྒྱུན་བཞིན་ཧུར་ཐག་བྱས་པ་དང་། ༢༠༡༩ལོར་ཀླུ་ཆུ་རྫོང་ཡིག་གཟུགས་མཐུན་ཚོགས་སུ་ཞུགས།   ཁྱད་པར་དགོན་སྡེ་ཆེན་མོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དྲུང་ཡིག་ཆེན་མོ་ཨ་ཁུ་སྨོན་ལམ་རྒྱ་མཚོ་ཚང་གི་དངོས་སློབ་རྒན་སངས་རྒྱས་བཀྲ་ཤིས་མཆོག་གི་དྲི་མེད་ཁུངས་བཙུན་གྱི་ཕྱག་རྒྱུན་ལ་མཇལ་བའི་སྐལ་བ་བྱུང་བ་དང་། ༢༠༢༡ལོར་ཀན་ལྷོ་ཁུལ་ཡིག་གཟུགས་མཐུན་ཚོགས་སུ་ཞུགས་ཅིང་། རྒན་ལགས་ཀྱིས་ལྷག་བསམ་ཟོལ་མེད་ངང་དཀའ་ལས་སྐུ་ཚེགས་ལ་མི་འཛེམ་པར་ཡིག་གཟུགས་དང་འཚོ་བ་སོགས་ཕྱོགས་གང་ཅིའི་ཐད་ནས་ཁྲིད་སྟོན་བླ་ལྷག་བྱས་པའི་གྲུབ་འབྲས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ་མྱོང་ལ་རང་སློབ་གྲྭའི་འགྲན་བསྡུར་སྣ་ཚོགས་ཁྲོད་བྱ་དགའ་རབ་དང་རིམ་པ་མང་དུ་བླངས་མྱོང་བ་རེད། ད་ལྟ་སློབ་ཆེན་ལོ་རིམ་བཞི་བར་འགྲིམ་པའི་ན་གཞོན་པ་སངས་རྒྱས་སྐྱབས་ཀྱིས་བོད་ཀྱི་ཡིག་གཟུགས་དང་ཐང་གའི་སྒྱུ་རྩལ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་དམ་བཅའ་བརྟན་པོ་སྙིང་ལ་བཅིངས་ནས་ཁ་ཞེ་གཉིས་མེད་ཀྱིས་འབད་བརྩོན་བྱེད་བཞིན་མཆིས་སོ།།



桑吉加作品展 (2).jpg


桑吉加作品展 (30).jpg


桑吉加作品展 (31).jpg





桑吉加作品展 (3).jpg


桑吉加作品展 (4).jpg


桑吉加作品展 (5).jpg


桑吉加作品展 (6).jpg


桑吉加作品展 (7).jpg


桑吉加作品展 (9).jpg


桑吉加作品展 (8).jpg


桑吉加作品展 (10).jpg


桑吉加作品展 (11).jpg


桑吉加作品展 (12).jpg


桑吉加作品展 (13).jpg


桑吉加作品展 (14).jpg


桑吉加作品展 (15).jpg


桑吉加作品展 (16).jpg


桑吉加作品展 (17).jpg


桑吉加作品展 (18).jpg


桑吉加作品展 (19).jpg


桑吉加作品展 (20).jpg



桑吉加作品展 (21).jpg



桑吉加作品展 (22).jpg


桑吉加作品展 (23).jpg



桑吉加作品展 (24).jpg



桑吉加作品展 (25).jpg


桑吉加作品展 (26).jpg


桑吉加作品展 (27).jpg


桑吉加作品展 (28).jpg


桑吉加作品展 (29).jpg