སྨྱུག་འཛིན་དབང་བོ་ ༧ དྲུང་ཡིག་སྨོན་ལམ་རྒྱ་མཚོ་མཆོག་གི་འཁྲུངས་གཞིས་ནས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་བསུ་བའི་བྱ་འགུལ་སྤེལ།
བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས་སྤེལ་ཐེངས་སོ་གཉིས་པ།
ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་འདུ་ཤེས་བརྟན་པོ་བཙུགས་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་བྱ་ཆེད།ཟླ་༤པའི་ཚེས་༣༠ཉིན་བསང་ཆུ་རྫོང་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱིས་སྨྱུག་འཛིན་དབང་བོ་ ༧ དྲུང་ཡིག་སྨོན་ལམ་རྒྱ་མཚོ་མཆོག་གི་འཁྲུངས་གཞིས་ནས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་བསུ་བའི་བྱ་འགུལ་སྤེལ། བྱ་འགུལ་དུ་ཡིག་མཁན་མཐུན་ཚོགས་ཀྱིས་གསར་དུ་མཉམ་བྲིས་གནང་བའི་གུང་ཐང་སློབ་གཉེར་བསླབ་བྱ་སྟེ།<<མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག>>དང<<༧ཀུན་མཁྱེན་འཇིགས་མེད་དབང་བོ་ཚང་གི་སློབ་གཉེར་བསླབ་བྱ>>འགྲེམ་སྟོན་བྱས་པ་མ་ཟད། རྫོང་གི་འབྲེལ་ཡོད་མགོ་ཁྲིད་རྣམས་མཉམ་ཞུགས་གནང་སྟེ་རྟེན་འབྲེལ་ཞུས།
བསང་ཆུ་རྫོང་གི་འགོ་ཁྲིད་དང་དགེ་རྒན་རྣམ་པས་ཚོགས་ཐོག་ཏུ་གསུང་བཤད་གནང་བཞིན་པ།
ཡུལ་དངོས་ཀྱི་བྲིས་གཟུགས་ལ་གཟིགས་ཞིབ་ཏུ་ཕེབས་བཞིན་པ།
ཡིག་མཁན་རྣམ་པས་ཡུལ་དངོས་ནས་ཕྱག་བྲིས་གནང་བཞིན་པ།
ཡུལ་དངོས་ཀྱི་ཡིག་གཟུགས་བརྩམས་ཆོས་ཁག
བསང་ཆུའི་ཡིག་མཁན་མཐུན་ཚོགས་ལྷན་འཛོམས་ཀྱི་མཉམ་པར།
|