བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས་ཉེར་བདུན་པ།
ཤ་བོ་རྒྱལ། ༡༩༨༢ལོར་གཅན་ཚ་སྟེང་སོ་དགུ་སྟེང་དུ་སྐྱེས། ཆུང་དུས་ནས་སློབ་གྲྭ་རིམ་པར་འགྲིམས་པའི་དུས་ནས་ཡིག་གཟུགས་ལ་དགའ་ཞེན་ཤིན་ཏུ་ཆེ། སྤྱི་ལོ༢༠༡༥ལོ་ནས་སྔ་རྗེས་སུ་བོད་ཀྱི་ཡིག་མཁན་གྲགས་ཅན་རྒན་བསྟན་གོ་དང་དྲུང་ཡིག་སྨོན་ལམ་ཚང་གི་དངོས་སློབ་རྒན་རྡོར་བྷ་སོགས་ཀྱི་དྲུང་ནས་དབུ་ཅན་དབུ་མེད་དང་། སྨྱུ་གུ་བཟོ་སྟངས་དང་སྨྱུག་ཁ་གཅོད་ཕྱོག་སོགས་གོ་རིམ་ལྡན་པའི་ཡིག་གཟུགས་འབྲི་སྦྱོང་གི་ལས་ལ་ཞུགས་ཤིང་། ལས་ཀའི་ཁོམ་གསེང་གི་བར་ནས་བོད་ཀྱི་ཡིག་གཟུགས་དྲ་བ་གཙོས་བྱས་པའི་དྲ་ལམ་སྨྱན་བྱེད་དག་ལས་བོད་ཀྱི་སྣ་མང་ཡིག་གཟུགས་ལ་ཐོས་བསམ་དང་བག་ཆགས་བཞག སྔ་རྗེས་སུ་ཞིང་ཆེན་དང་ཁུལ། རྫོང་རིམ་པའི་ཡིག་གཟུགས་འགྲན་བསྡུར་དང་འགྲེམས་སྟོན་ལ་ཞུགས་པ་དང་གྲུབ་འབྲས་ཡང་ཅུང་ཙམ་རེག ༢༠༡༨ལོར་གཅན་ཚ་རྫོང་ཡིག་མཁན་མཐུན་ཚོགས་དང་རྨ་ལྷོ་ཁུལ་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མིར་བདམས། ད་ལྟ་གཅན་ཚ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་རུ་དགེ་རྒན་གྱི་ལས་ཀའི་ཞོར་དུ་ཡིག་གཟུགས་སློབ་ཁྲིད་དང་འབྲི་སྦྱོང་གི་ལས་ལ་གཞོལ་བཞིན་ཡོད།
|