བྲིས་པ་ནུས་འགོ་བློ་བཟང་ནམ་མཁས་ཡིག་གཟུགས་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས།
བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས་བཅུ་བ།
ནུས་འགོ་བློ་བཟང་ནམ་མཁའ་ནི་སྤྱི་ལོ༡༩༧༧ལོར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་དུ་སྐྱེས། ༢༠༠༠ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་མཐར་ཕྱིན་ཏེ་ཆབ་མདོ་གྲོང་ཁྱེར་མཐོ་འབྲིང་གཉིས་པའི་ནང་དུ་བོད་ཡིག་དགེ་རྒན་བྱས། ༢༠༠༥ལོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་ནང་དུ་ཚད་མའི་རབ་འབྱམས་པའི་སློབ་གཉེར་བྱས་ཏེ༢༠༠༨ལོར་མཐར་ཕྱིན་ནས་སྔ་བཞིན་ཆབ་མདོ་མཐོ་འབྲིང་གཉིས་པའི་ནང་དུ་བོད་ཡིག་དགེ་རྒན་གྱི་ཕྱག་ལས་གནང་། ༢༠༢༠ལོར་ཆབ་མདོ་མཐོ་འབྲིང་ལྔ་པའི་སློབ་སྤྱི་གཞོན་པའིི་འགན་ཁུར་བཞེངས། ད་ལྟ་ཆབ་མདོ་གྲོང་ཁྱེར་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི་དང་ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི། བོད་རང་སྐྱོང་ལྗོངས་གཞོན་ནུ་ཡིག་གཟུགས་མཐུན་ཚོགས་ཀྱི་ལས་འཛིན་བཅས་ཡིན། སློབ་ཁྲིད་ཀྱི་ཞོར་དུ་བོད་ཡིག་ཡིག་གཟུགས་ལ་སྦྱོང་བརྡར་བྱས་པས༢༠༠༩ལོའི་ཟླ༩པར་ཆབ་མདོ་མཐོ་འབྲིང་གཉིས་པའི་དགེ་སློབ་ཡོངས་ཀྱི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ། ༢༠༡༨ལོའི་ཟླ༨པར་ཆབ་མདོ་མཐོ་འབྲིང་གཉིས་པའི་དགེ་སློབ་ཡོངས་ཀྱི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ཁྲོད་དབུ་ཅན་ཨང་དང་པོ་དང་འབྲུ་ཚ་ཨང་གཉིས་པའི་བྱ་དགའ་ཐོབ། ༢༠༡༨ལོའི་ཟླ༡༢པར་ཆབ་མདོ་གྲོང་ཁྱེར་ཡོངས་ཀྱི་དགེ་སློབ་བོད་རྒྱ་ཡིག་གཟུགས་འགྲན་ཆེན་ཁྲོད་དབུ་ཅན་དང་འབྲུ་ཚ་ལ་ཕུལ་བྱུང་གི་བྱ་དགའ་ཐོབ། ༢༠༡༨ལོའི་ཟླ༡༢པར་རྒྱལ་ཡོངས་ཡིག་གཟུགས་དང་རི་མོའི་མཛེས་རྩལ་འགྲན་བསྡུར་ཆེན་ནང་དུ་ཕུལ་བྱུང་གི་བྱ་དགའ་ཐོབ། ༢༠༡༩ལོའི་ཟླ༦པར་ཆབ་མདོ་གྲོང་ཁྱེར་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ༧༠འཁོར་བའི་རྟེན་འབྲེལ་མཛད་སྒོའི་ཡིག་གཟུགས་འགྲན་བསྡུར་ཁྲོད་ཕུལ་བྱུང་གི་བྱ་དགའ་ཐོབ། ༢༠༢༠ལོའི་ཟླ༧པར་ཆབ་མདོ་གྲོང་ཁྱེར་ཡོངས་ཀྱི་དགེ་སློབ་བོད་རྒྱ་ཡིག་གཟུགས་འགྲན་ཆེན་ཁྲོད་དབུ་ཅན་ཨང་གསུམ་པ་དང་འབྲུ་ཚ་ལ་ཨང་གསུམ་པའི་བྱ་དགའ་ཐོབ། ༢༠༢༡ལོའི་ཟླ༨པར་ཀྲུང་གོའི་བོད་ཡིག་ཡིག་གཟུགས་དྲ་བའི་ཐོན་མིའི་ཕྱག་རྒྱུན་བོད་ཡིག་གཟུགས་འགྲན་བསྡུན་ཆེན་མོའི་ནང་ཕུལ་བྱུང་གི་བྱ་དགའ་ཐོབ། ༢༠༢༡ལོའི་ཟླ༩པར་ཆབ་མདོ་གྲོང་ཁྱེར་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི༢༠༢༡ལོའི"ཀྲུང་ཧྭ་མི་རིགས་ཁྱིམ་གཞིས་གཅིག བློ་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་བསྐྲུན"ཞེས་པའི་ཡིག་གཟུགས་འགྲན་བསྡུར་ཆེན་མོའི་ ནང་ཨང་དང་པོའི་བྱ་དགའ་ཐོབ། ༢༠༢༡ལོའི་ཟླ༩པར་བོད་རང་སྐྱོང་ལྗོངས་སྐབས་གསུམ་པའི"ཀྲུང་ཧྭ་མི་རིགས་ཁྱིམ་གཞིས་གཅིག བློ་སེམས་གཅིག་གིས་མདུན་ལམ་བསྐྲུན"ཞེས་པའི་ཡིག་གཟུགས་འགྲན་བསྡུར་ཆེན་མོའི་ནང་ཨང་གསུམ་པའི་བྱ་དགའ་ཐོབ།
|