བྲིས་པ་བསམ་འཕེལ་གྱིས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས།
བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས་བརྒྱད་པ།
གུས་པའི་མིང་ལ་གླིང་བསམ་འཕེལ་འབོད་ལ། ད་ལྟར་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་གྲུབ་དབང་ཐུབ་བསྟན་ཆོས་འཕེལ་གླིང་དུ་སློབ་གཉེར་ཞོར་དུ་བོད་ཀྱི་ཡིག་གཟུགས་ལ་འབད་པ་ལྷད་མེད་བྱེད་བཞིན་ཆས། ཚེ་སྔོན་བག་ཆག་བཏབ་ཀྱིས་ཡིག་གཟུགས་དང་རི་མོའི་ཕྱོགས་ལ་དགའ་མོས་དང་དད་ཞེན་ཆེ་བཏབ། དྲིན་ལྡན་རྩ་བའི་བླ་མ་གྲུབ་པའི་དབང་ཕྱུགས་༧ སྒྲུབ་བརྒྱུད་སྐྱེ་སྔ་བསྟན་པའི་རྒྱལ་མཚན་མཆོག་གི་མདུན་ནས་སྒྲུབ་བརྒྱུད་འཁྱུག་བྲིས་འབྲི་ཚ་སོགས་བྲིས་རྒྱུན་ཆ་ཚང་སློབ་རྒྱུ་སྐལ་བ་ལྡན་པར་མ་ཟད་བོད་ཀྱི་ཡིག་མཁན་ཆེན་མོ་རྒྱལ་ཁབ་རིམ་པའི་གཟུགས་མིན་ཤུལ་བཞག་རིག་གནས་མགོ་ལོག་སྡེར་ནང་ས་བྲིས་ཀྱི་རྒྱུན་འཛིན་པ་རྒན་སེང་གེ་དར་རྒྱས་ལགས་དང་ཁམས་ཀྱི་ཡིག་མཁན་ཆེན་མོ་རྒན་མི་ཕམ་རྣམ་རྒྱལ་ལགས་དང་མ་ཚད་མཁས་དབང་དྲུང་ཡིག་སྨོན་ལམ་རྒྱལ་མཚོའི་སྲས་ཀྱི་ཐུ་བོ་དུ་གྱུར་བའི་རྒན་སངས་རྒྱས་བཀྲ་ཤིས་དང་ཁ་གྱ་འཇིགས་མེད་སོགས་མདོ་དབུས་ཁམས་གསུམ་གྱི་ཡིག་མཁན་དུ་མ་གཏན་ནས། སྡེ་ནང་ས་བྲིས། འབྲུ་ཚ། སྨོན་ལམ་དབུ་ཅན། པཎ་ཆེན་སུག་རིང་སོགས་ཡིག་གཟུགས་ཀུན་ལ་འབད་འབུང་བྱེད་བཞིན་པའོ།།
|