设为首页 | 收藏本站
 
新闻中心གསར་འགྱུར།公告སྤྱི་བསྒྲགས།古籍收藏གནའ་དཔེ་ཉར་ཚགས།书法艺术ཡིག་གཟུགས་སྒྱུ་རྩལ།书法常识ཤེས་བྱའི་ཟེགས་མ།论  文དཔྱད་རྩོམ།集体展厅ཐུན་མོང་འགྲེམ་སྟོན་ཁང་།地区展厅ས་ཁུལ་འགྲེམ་སྟོན་ཁང་།书法名家ཡིག་གཟུགས་མཁས་དབང་།书法家ཡིག་གཟུགས་མཁན་པོ།书法达人ཡིག་གཟུགས་བྲིས་ཆེན།书法新秀ཡིག་གཟུགས་བྲིས་ཆུང་།书法爱好者ཡིག་གཟུགས་དགའ་ཞེན་པ།女性书法展厅སྐྱེ་མའི་ཡིག་གཟུགས།校园展厅སློབ་རའི་འགྲེམ་སྟོན་ཁང་།书法日专题ཡིག་གཟུགས་དུས་ཆེན་ཆེད་སྒྲིག视频教程བརྙན་གཟུགས་དཔེ་ཁྲིད།书法讲堂འཆད་ཁྲིད་དོ་ར།字帖ཡིག་གཟུགས་ཀ་དཔེ།学习资料བསླབ་དེབ།古近代名家གནའ་ཉེ་རབས་ཡིག་མཁན།现代名家དེང་རབས་ཡིག་མཁན།团体推介སྡེ་ཁག་འོས་སྦྱོར།ཡི书法企业ག་གཟུགས་ཁེ་ལས།文件下载ཡིག་ཆ་ཕབ་ལེན།其它下载སྣ་ཚོགས་ཕབ་ལེན།商用下载རིན་ལྡན་ཕབ་ལེན།

བཟའ་མི་ཚང་མས་ཡིག་གཟུགས་ཀྱི་ལས་དོན་ལ་དཀའ་བ་སྐྱེད་པའི་འབྲས་བུ།

 二维码 2412
发表时间:2022-04-29 03:14作者:ཆབ་མདོའི་བྲིས་པ་ཁྱིམ་ཚང་གཅིག来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།

བཟའ་མི་ཚང་མས་ཡིག་གཟུགས་ཀྱི་ལས་དོན་ལ་དཀའ་བ་སྐྱེད་པའི་འབྲས་བུ།


བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས་དང་པོ།



微信图片_20190426145513.jpg




曲达全家 (1).jpg


དང་པོ།   བུ་ཆུང་སྐལ་བཟང་ལུང་རྟོགས་རྒྱ་མཚོ། སྨྱུག་མིང་ལྡན་མ་རྩེ་སྨྱུག།


曲达全家 (2).jpg


        སྤྱི་ལོ༢༠༡༠ལོའི་ཟླ༩ཚེས་༡༢ཉིན་མདོ་སྟོད་མི་ཡི་ཆོལ་ཁའི་ཁོངས་གཏོགས་ཡིག་མཁན་ཆེན་མོ་ལྡན་མ་རྩེ་མང་གི་འཁྲུངས་ཡུལ་ཁམས་ལྡན་མའམ་འདན་ཁོག་ཏུ་མི་ལུས་རིན་པོ་ཆེའི་སྐྱེ་བ་བཞེས། ཆུང་ནས་རྣམ་རིག་གསལ་ཞིང་ཕ་མ་ལ་གུས་པ།     རོགས་པ་ཆུང་ཆུང་ཚོ་དང་རྩེ་རྒྱུར་དགའ་ཞིང་གཞན་དང་མཐུན་པ།     བགྲང་བྱ་བདུན་པའི་ཐོག་སློབ་ཆུང་དུ་ཞུགས་ཤིང་འབད་བརྩོན་ཆེ་བས་འཛིན་གྲྭའི་ནང་གྲུབ་འབྲས་རྩེར་སོན་འབའ་ཞིག་བླངས།     ཞོར་དུ་ཕ་རྒན་འདན་ཚ་འཇམ་དབྱངས་ཆོས་དར་གྱིས་ཁྲིད་སྟོན་དང་རང་འགུལ་ཐོག་བོད་ཀྱི་ཡིག་གཟུགས་ལ་འབད་པ་ཤ་ཐང་དུ་བགྱི་བཞིན་ཡོད།   ༢༠༢༠ལོའི་ཟླ་༦པར་ཆབ་མདོ་གྲོང་ཁྱེར་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་གིས་གཙོ་གཉེར་གནང་བའི་གྲོང་ཁྱེར་དགེ་སློབ་ཡོངས་ཀྱི་ཡིག་གཟུགས་འགྲན་བསྡུར་ལས་སློབ་ཆུང་སློབ་མའི་ཁྲོད་ནས་ཨང་དང་པོའི་བྱ་དགའ་ཐོབ།    ༢༠༢༠ལོའི་ཟླ་༨པར་༼སྒ་ཆབ་མདོ་ནོར་བུའི་ཕ་ས་རེད༽༼ཚངས་དབྱངས་རྒྱ་མཚོའི་མགུར་གླུ༽༼སྡེར་ནང་ས་བྲིས་ཡིག་ཆེན་གྱི་སྡོམ་ཚིག་གསལ་བའི་མེ་ལོང༽ཅེས་པའི་བརྩམས་ཆོས་གསུམ་ཆབ་མདོ་གྲོང་ཁྱེར་དྲིལ་བསྒྲགས་པུའུ་དང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་གཙོ་གཉེར་གནང་བའི་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུ་བའི་ཡིག་གཟུགས་འགྲེམ་སྟོན་གྱི་བརྩམས་ཆོས་སུ་བདམས་ནས་འགྲེམ་སྟོན་བྱས།   ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་༢༠༢༠ལོའི་ཟླ་༡༠པར་སྤེལ་བའི་དགེ་སློབ་ཡོངས་ཀྱི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ཁྲོད་སློབ་མའི་འགྲན་ཚོགས་ཀྱི་ཨང་དང་པོའི་བྱ་དགའ་ཐོབ།   ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་འགུ་རོ་ལྟེ་བའི་སློབ་ཆུང་གི་༢༠༢༠ལོའི་ཟླ་༡༡པར་སྤེལ་བའི་ཡིག་གཟུགས་འགྲན་བསྡུར་ལས་ཨང་དང་པོའི་བྱ་དགའ་ཐོབ།    ༢༠༢༡ལོའི་ཟླ་༡པོར་མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་སློབ་རའི་སྡེར་ནང་ས་བྲིས་བྲིས་རྒྱུན་སྒྱུ་རྩལ་ཞིབ་འཇུག་ལྟེ་གནས་ནས་སྦྱངས་འབྲས་འབུར་ཐོན་གྱི་བྱ་དགའ་ཐོབ།   ༢༠༢༠ལོ་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་ཚོམས་ཡོངས་ནས་ལོ་ན་ཆེས་ཆུང་བའི་ཡིག་མཁན་དུ་བདམས་པའི་གཟེངས་རྟགས་ཐོབ།   ༢༠༢༡ལོའི་ཟླ་༧པར་མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས་སྦྱངས་འབྲས་ཚད་ལྡན་ལོན་པའི་གཟི་བརྗིད་དཔང་ཡིག་གཉིས་ཐོབ།   ༢༠༢༡ལོའི་ཟླ་༨པར་ཀྲུང་གུང་ཆབ་མདོ་གྲོང་ཁྱེར་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་གནང་བའི་གྲོང་ཁྱེར་ཡོངས་ཀྱི་ལས་རིགས་ཁག་གི་བོད་རྒྱ་ཡིག་གཟུགས་འགྲན་བསྡུར་ཆེན་མོའི་ཁྲོད་ཨང་གཉིས་པའི་བྱ་དགའ་ཐོབ།     ༢༠༢༡ལོའི་ཟླ་༡༠པར་ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་སྐབས་བདུན་པའི་སློབ་རའི་རིག་གནས་སྒྱུ་རྩལ་དུས་ཆེན་བོད་རྒྱ་ཡིག་གཟུགས་འགྲན་བསྡུར་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ།    ༢༠༢༡ལོའི་ཟླ་༡༡པར་ཝང་གཉིས་བྱ་དགའ་སྐབས་བཞི་པའི་ཀྲུང་གོའི་ཡིག་རིས་འགྲན་བསྡུར་ཆེན་མོའི་ཁྲོད་ཕུལ་བྱུང་གི་བྱ་དགའ་ཐོབ།   ༢༠༢༡ལོའི་ཟླ་བ་༡༢པར་སྐབས་དང་པོའི“རྩལ་མཛེས་བུམ་པའི”རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཡིག་གཟུགས་དང་རི་མོའི་འགྲན་བསྡུར་ཆེན་མོའི་ཁྲོད་གསེར་གྱི་རྟགས་མའི་བྱ་དགའ་ཐོབ།   དེ་སྔོན་སྡེར་ནང་ས་བྲིས་ཀྱི་བྲིས་གཟུགས་ཐོག་ནས་༼སློབ་ཆུང་དག་ཡིག༽ཆ་ཚང་དང་༼ཤིང་གི་བསྟན་བཅོས༽ཆ་ཚང་༼དགེ་ལྡན་ལེགས་བཤད༽ཆ་ཚང་༼ཚངས་དབྱངས་རྒྱ་མཚོའི་མགུར་གླུ༽ཆ་ཚང་༼ བྱང་ཆུབ་སྤྱོད་འཇུག་ཆེན་མོ༽ཆ་ཚང་༼བཤེས་པའི་སྤྲེངས་ཡིག༽ཆ་ཚང་བཅས་བཤུ་འབྲི་བྱས།    མིག་སྔར་༼ ས་སྐྱ་ལེགས་བཤད༽བཤུ་འབྲི་བྱེད་མུས་སུ་མཆིས།   གཞན་ཡང་སྔ་རྗེས་སུ་ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་བོད་ཤར་ཡིག་གཟུགས་གླིང་གི་ཚོགས་མི་དང་།    ཆབ་མདོ་གྲོང་ཁྱེར་ཡིག་གཟུགས་མཁས་པ་མཐུན་ཚོགས་ཀྱི་ཚོགས་མི།    མགོ་ལོག་སྡེར་ནང་ས་བྲིས་ཆེད་སྦྱོང་འཛིན་གྲྭའི་ཚོགས་མི།     ཀྲུང་གོ་བའི་ཡིག་རིས་སྒྱུ་རྩལ་མཁས་པ་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན།    བུ་ཆུང་ཁོང་གི་ཡིག་གཟུགས་དྲ་སྟེང་དུ་སྤེལ་བ་འདིས་ཁོ་རང་ཉིད་ལ་རྟིང་སྐུལ་དང་ན་མཉམ་གྱི་གྲོགས་པོ་ཆུང་ཆུང་དག་ལ་སྐུལ་མའི་ཚུལ་དུ་བཀོད་པ་ལགས།    ད་ལྟ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་འགུ་རོ་ལྟེ་བའི་སློབ་ཆུང་ལོ་རིམ་ལྔ་པའི་ནང་དུ་སློབ་གཉེར་བྱེད་མུས་སུ་མཆིས།


曲达全家 (3).jpg


曲达全家 (4).jpg


曲达全家 (5).jpg


曲达全家 (6).jpg


曲达全家 (7).jpg


曲达全家 (8).jpg


曲达全家 (9).jpg


曲达全家 (10).jpg


曲达全家 (11).jpg


曲达全家 (12).jpg


曲达全家 (13).jpg


曲达全家 (14).jpg


曲达全家 (15).jpg


曲达全家 (16).jpg


曲达全家 (17).jpg


曲达全家 (18).jpg


曲达全家 (20).jpg



曲达全家 (21).jpg


曲达全家 (22).jpg


曲达全家 (23).jpg


曲达全家 (24).jpg


曲达全家 (25).jpg


曲达全家 (26).jpg


曲达全家 (27).jpg




གཉིས་པ།   ཀུན་བཟང་ཆོས་སྒྲོན།   སྨྱུག་མིང་ལྡོང་སྨྱུག་མཛེས།


曲达全家 (28).jpg



         སྤྱི་ལོ་༡༩༧༩ལོའི་ཟླ་༩པའི་ཚེས་༡༣ཉིན་སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་ཚ་བ་སྒང་སྒེར་རུ་དཔོན་ཚང་གི་ཁྱིམ་དུ་སྐྱེས།སྔ་རྗེས་སུ་སྡེ་དགེའི་བོད་སྨན་སློབ་གྲྭ་དང་ཆབ་མདོའི་བོད་སྨན་སློབ་གྲྭ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་སོགས་ལ་སློབ་གཉེར་བྱས།༢༠༢༡ལོའིཟླ་༡༢པར་ཀྲུང་གོ་བའི་ཡིག་གཟུགས་སྒྱུ་རྩལ་མཁས་ཅན་མཐུན་ཚོགས་ཀྱིས་ཀྲུང་གོའི་ཡིག་གཟུགས་རིག་གནས་དར་སྤེལ་ཐད་བྱས་རྗེས་གཟེངས་སུ་ཐོན་པའི་མི་སྣ་རུ་བདམས་པའི་གཟི་བརྗིད་དཔང་ཡིག་ཐོབ།མིག་སྔར་ལས་ཀ་ཙག་ཙིག་གི་ཞོར་དུ་བཟའ་ཟླ་འདན་ཚ་འཇམ་དབྱངས་ཆོས་དར་དང་བུ་ཆུང་ལྡན་མ་རྩེ་སྨྱུག་གཉིས་དང་ལྷན་དུ་ས་བྲིས་ལ་འབད་བཞིན་ཡོད།   ད་ལྟ་ལྡན་བྲིས་གླིང་གི་ཚོགས་མི།ཆབ་མདོ་གྲོང་ཁྱེར་ཡིག་གཟུགས་མཁས་པ་མཐུན་ཚོགས་ཀྱི་ཚོགས་མི།     ཀྲུང་གོ་བའི་ཡིག་རིས་སྒྱུ་རྩལ་མཁས་པ་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན།



曲达全家 (29).jpg


曲达全家 (30).jpg


曲达全家 (31).jpg


曲达全家 (32).jpg


曲达全家 (33).jpg


曲达全家 (34).jpg


曲达全家 (35).jpg


曲达全家 (36).jpg


曲达全家 (37).jpg


曲达全家 (38).jpg


曲达全家 (39).jpg


曲达全家 (40).jpg


曲达全家 (41).jpg


曲达全家 (42).jpg


曲达全家 (43).jpg


曲达全家 (44).jpg


曲达全家 (45).jpg



གསུམ་པ། འཇམ་དབྱངས་ཆོས་དར།   སྨྱུག་མིང་འདན་ཚ།


曲达全家 (46).jpg


            སྤྱི་ལོ་༡༩༨༠ལོའི་ཟླ་༡༡པའི་ཚེས་༣༠ཉིན་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་གི་ཁོངས་གཏོགས་ཡིག་མཁན་ཆེན་མོ་ལྡན་མ་རྩེ་མང་གི་འཁྲུངས་ཡུལ་ཁམས་ལྡན་མའམ་འདན་ཁོག་ནུབ་མ་ལྡན་མ་ཐུབ་བསྟན་ཆོས་འཁོར་གླིང་གི་ཉེ་འདབ་ལྕང་རགས་སྡེ་པར་སྐྱེས།   ༢༠༠༡ལོ་ནས་བཟུང་སྔ་རྗེས་སུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དང་བོད་ལྗོངས་སློབ་གྲྭ་ཆེན་མོ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་སོགས་སུ་སློབ་གཉེར་བྱས།    ༢༠༡༠ལོའི་ཟླ་༩པར་ཆབ་མདོ་གྲོང་ཁྱེར་སྐབས་དང་པོའི་དགེ་རྒན་གྱི་གཞི་རྩའི་ནུས་རྩལ་གྱི་ཡིག་གཟུགས་འགྲན་བསྡུར་ཁྲོད་༼འཁྱུག་ཡིག༽ཨང་དང་པོའི་བྱ་དགའ་ཐོབ།        ༢༠༡༨ལོའི་ཟླ་༥པར་ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་དགེ་སློབ་ཡོངས་ཀྱི་ཡིག་གཟུགས་འགྲན་བསྡུར་ཁྲོད་༼འཁྱུག་ཡིག༽ཨང་དང་པོ་དང་༼འབྲུ་ཚ༽ཨང་གཉིས་པ་༼དབུ་ཅན༽ཨང་གཉིས་པ་༼སྣ་ཚོགས༽ཨང་དང་པོ་བཅས་ཀྱི་བྱ་དགའ་ཐོབ།       ༢༠༡༨ལོའི་ཟླ་༡༢པར་གྲོང་ཁྱེར་ཡོངས་ཀྱི་དགེ་སློབ་བོད་རྒྱ་ཡིག་གཟུགས་འགྲན་ཆེན་ཁྲོད་༼འདྲེན་འཁྱུག༽ཨང་དང་པོ་དང་༼ཚུགས་རིང༽ཕུལ་བྱུང་གི་བྱ་དགའ་ཐོབ།       ༢༠༡༨ལོའི་ཟླ་༡༢པར་དེང་རབས་སྒྱུ་རྩལ་འགྲན་བསྡུར་ཆེ་མོའི་དྲ་བས་གཙོ་གཉེར་བྱས་པའི་རྒྱལ་ཡོངས་ཀྱི་ཡིག་རིས་འགྲན་བསྡུར་སྐབས་དགུ་པར་བྱ་དགའ་རིམ་པ་གཉིས་པར་བདམས།       ༢༠༡༩ལོའི་ཟླ་༤པར་དུས་ཐེངས་ལྔ་པའི་ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཡིག་གཟུགས་དགེ་རྒན་གསོ་སྦྱོང་འཛིན་གྲྭའི་ཕུལ་བྱུང་གི་སློབ་མའི་མཚན་སྙན་ཐོབ་པ་དང་།           ༢༠༡༩ལོའི་ཟླ་༦པར་ཆབ་མདོ་གྲོང་ཁྱེར་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་༧༠འཁོར་བའི་རྟེན་འབྲེལ་མཛད་སྒོའི་ཡིག་གཟུགས་འགྲན་བསྡུར་ཁྲོད་ཨང་གཉིས་པའི་བྱ་དགའ་ཐོབ།      ༢༠༡༩ལོའི་ཟླ་༩པར་ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་དགེ་སློབ་ཡོངས་ཀྱི་ཡིག་གཟུགས་འགྲན་བསྡུར་ཁྲོད་དམིགས་བསལ་ཨང་དང་པོའི་བྱ་དགའ་ཐོབ།     ༢༠༡༩ལོའི་ཟླ་༡༠པར་བོད་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་གཙོ་གཉེར་བྱས་པའི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་བདུན་ཅུ་འཁོར་བའི་ལྗོངས་རིམ་པའི་ཡིག་གཟུགས་འགྲན་ཆེན་ལས་ཨང་དང་པོའི་བྱ་དགའ་ཐོབ།    ༢༠༡༩ལོའི་ཟླ་༡༠པར་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པ་མཐུན་ཚོགས་གཉིས་ཀྱིས་མཉམ་དུ་སྤེལ་བའི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཡིག་གཟུགས་འགྲན་བསྡུར་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ།       ༢༠༢༠ལོའི་ཟླ་༤བའི་ཚེས་༣༠ཉིན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་གཙོ་གཉེར་བྱས་པའི་༼རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་རྗེས་དྲན༽བྱ་འགུལ་ཁྲོད་ཕུལ་བྱུང་གི་བྱ་དགའ་ཐོབ།      ༢༠༢༠ལོའི་ཟླ་༩པར་བོད་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་གཙོ་གཉེར་བྱས་པའི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ།ལག་གདང་སྦྲེལ་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཞེས་པའི་ཡིག་གཟུགས་འགྲན་བསྡུར་ཁྲོད་ཨང་གསུམ་པའི་བྱ་དགའ་ཐོབ།   ༢༠༢༠ལོའི་ཟླ་༧པར་ཆབ་མདོ་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་དང་གྲོང་ཁྱེར་སློབ་གསོ་ཅུད་སོགས་ཀྱིས་རྩ་འཛུགས་བྱས་པའི་ཡིག་གཟུགས་འགྲན་བསྡུར་ཁག་ལ་དཔྱད་འདེམས་པའི་འགན་ཁུར་བྱས།    ༢༠༢༡ལོ་ཟླ་༢པར་ཐོན་མིའི་མཛུབ་རྩལ་རྟགས་མའི་ཡིག་གཟུགས་འགྲན་སྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ།     ༢༠༢༡ལོའི་ཟླ་༤པར་ཀྲུང་གོ་བའི་ཡིག་རིས་སྒྱུ་རྩལ་མཐུན་ཚོགས་ཀྱི་བོད་ཡིག་ཡིག་གཟུགས་ཨུ་ཡོན་ཚོགས་པ་བཙུགས་ནས་ཉིན་༨༠ལོན་པར་རྟེན་འབྲེལ་ཞུ་བའི་འགྲན་བསྡུར་ཁྲོད་ཨང་གཉིས་པའི་བྱ་དགའ་ཐོབ།

         ༢༠༢༡ལོའི་ཟླ་༥པར་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་གཙོ་གཉེར་བྱས་པའི་ཏང་དབུ་བརྙེས་ནས་ལོ་ངོ་༡༠༠འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུ་བའི་ལྗོངས་ཡོངས་ཀྱི་ཡི་གཟུགས་འགྲེམས་སྟོན་དུ་ཚུད་པའི་དཔང་ཡིག་ཐོབ།   ༢༠༢༡ལོའི་ཟླ་༧པར་བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཞི་པའི་གཞོན་ནུ་ལོ་ཆུང་གི་ཡིག་རིས་འགྲན་བསྡུར་ཆེན་མོའི་ཁྲོད་ཨང་གཉིས་པའི་བྱ་དགའ་ཐོབ།    ༢༠༢༡ལོའི་ཟླ་༧པའི་ཚེས་༨ཉིན་རྒྱལ་ཁབ་རིམ་པའི་གཟུགས་མིན་ཤུལ་བཞག་རིག་གནས་མགོ་ལོག་སྡེར་ནང་ས་བྲིས་ཀྱི་རྒྱུན་འཛིན་པའི་དཔང་ཡིག་དང་མཐར་ཕྱིན་དཔང་ཡིག་མཐར་ཕྱིན་དཔང་རྟགས་སོགས་ཀྱི་གཟེངས་རྟགས་ཐོབ།

          ༢༠༢༡ལོའི་ཟླ་༨པར་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་༼   ཐོན་མིའི་ཡིག་རྒྱུན   ༽སྐབས་གཉིས་པའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ཆེན་མོའི་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ།    ༢༠༢༡ལོའི་ཟླ་༡༡པར་ཝང་གཉིས་བྱ་དགའ་སྐབས་བཞི་པའི་ཀྲུང་གོའི་ཡིག་རིས་འགྲན་བསྡུར་ཆེན་མོའི་ཁྲོད་དུ་དངུལ་གྱི་རྟགས་མའི་བྱ་དགའ་ཐོབ།   ༢༠༢༡ལོའི་ཟླ་བ་༡༢པར་སྐབས་དང་པོའི“རྩལ་མཛེས་བུམ་པའི”རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཡིག་གཟུགས་དང་རི་མོའི་འགྲན་བསྡུར་ཆེན་མོའི་ཁྲོད་ཁྱད་འཕགས་ཀྱི་བྱ་དགའ་ཐོབ།   ༢༠༢༡ལོའིཟླ་༡༢པར་ཀྲུང་གོ་བའི་ཡིག་གཟུགས་སྒྱུ་རྩལ་མཁས་ཅན་མཐུན་ཚོགས་ཀྱིས་ཀྲུང་གོའི་ཡིག་གཟུགས་རིག་གནས་དར་སྤེལ་ཐད་བྱས་རྗེས་གཟེངས་སུ་ཐོན་པའི་མི་སྣ་རུ་བདམས་པའི་གཟི་བརྗིད་དཔང་ཡིག་ཐོབ།གཞན་ཡང་སྔ་རྗེས་སུ་ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་བོད་ཤར་ཡིག་གཟུགས་གླིང་གི་ཚོགས་གཙོ་དང་།    ཆབ་མདོ་གྲོང་ཁྱེར་ཡིག་གཟུགས་མཁས་པ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི།     བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི།     ཀྲུང་གོ་བའི་ཡིག་རིས་སྒྱུ་རྩལ་མཁས་པ་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན།    ད་ལྟ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་སློབ་གཙོ་གཞོན་པའི་འགན་ཁུར་བཞིན་ཡོད།


曲达全家 (47).jpg


曲达全家 (48).jpg


曲达全家 (49).jpg


曲达全家 (50).jpg


曲达全家 (51).jpg


曲达全家 (52).jpg


曲达全家 (53).jpg


曲达全家 (54).jpg


曲达全家 (55).jpg


曲达全家 (57).jpg


曲达全家 (61).jpg



曲达全家 (62).jpg


曲达全家 (60).jpg


曲达全家 (56).jpg


曲达全家 (59).jpg


曲达全家 (58).jpg


曲达全家 (63).jpg