“ཐོན་མིའི་གསེར་སྨྱུག་”རྟགས་མའི་ཡིག་གཟུགས་འགྲན་བསྡུར་གྱི་བྱ་དགའ་བྱིན་པའི་མཛད་སྒོ་དྲ་ལམ་ནས་སྤེལ།
བོད་ཀྱི་ཡིག་གཟུགས་སྤྱི་སྟེགས་ཆེན་མོ་བཙུགས་ནས་ལོ་འཁོར་དྲུག་སོན་པའི་“ཐོན་མིའི་གསེར་སྨྱུག་”རྟགས་མའི་ཡིག་གཟུགས་འགྲན་བསྡུར་གྱི་བྱ་དགའ་བྱིན་པའི་མཛད་སྒོ་༢༠༢༢ལོའི་ཟླ་གསུམ་པའི་ཚེས་༡༣ཉིན་གྱི་དགོང་མོ་ཆུ་ཚོད་དགུ་དང་སྐར་མ་བདུན་གྱི་སྟེང་ཐོན་མིའི་ཡིགཟུགས་སྐད་འཕྲིན་དྲ་ཚོམས་ནས་སྤེལ།
ཚོགས་ཐོག་ནས་གཙང་བ་སྐལ་བཟང་ཡེ་ཤེས་སམ་དྲ་མིང་ལ་ཁ་ཞག་འཇམ་པོར་འབོད་པ་ལགས་ཀྱིས་དེང་དུས་བོད་ཀྱི་ཡིག་གཟུགས་འཛིན་སྐྱོང་སྤེལ་གསུམ་གྱི་གནས་བབས་དང་དོ་སྣང་བྱེད་པའི་ཕྱོགས་གསུམ། སློབ་གྲྭའི་ཡིག་གཟུགས་དགེ་རྒན་རྣམས་ལ་བཅངས་པའི་རེ་བ་བཅས་ཀྱི་ཆ་ནས་གསུང་བཤད་གལ་ཆེན་གནང་ཞིང་།
རོལ་དབྱངས་ཀྱི་རམ་འདེགས་དང་། དྲ་ཚོམས་ཀྱི་དགའ་བསུའི་ཁྲོད་མདོ་འཛིན་པས་བྱ་དགའ་ཐོབ་པའི་མིང་ཐོ་སྒྲོག་འདོན་བྱས་ཤིང་། དུས་རབས་གསར་བའི་དྲ་ལམ་གྱི་དགེ་མཚན་གྱིས་གཞོགས་འདེགས་བྱས་པའི་འཕྲིན་སྟེགས་ལས་བྱ་དགའི་དབང་ཡིག་དང་། གསེར་སྨྱུག་རྟགས་མའི་བྱ་དགའ། བྱ་དགའི་མ་དངུལ་ཁུག་དམར་སོགས་གོ་རིམ་བཞིན་སྤྲད།
ཐེངས་འདིའི་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་མཁན་ནི་གཤམ་ལྟར།
༡ ཨང་དང་པོ་ཐོབ་མཁན།
ཀརྨ་ལྷུན་འགྲུབ།
༢ ཨང་གཉིས་པ་ཐོབ་མཁན།
ཐུབ་བསྟན་ཆོས་འཕེལ།
རྟ་མགྲིན་མགོན་པོ།
༣ ཨང་གསུམ་པ་ཐོབ་མཁན།
རྨེའུ་སྐོར་མགོན་པོ་སྐྱབས།
ཤེས་རབ་ཐོག་མེད།
སྐལ་བཟང་ཚེ་རིང་།
༤ རྟིང་སྐུལ་བྱ་དགའ་ཐོབ་མཁན།
རི་རྩ་དོན་འགྲུབ་ཚེ་རིང་།
ཚེ་རིང་དངོས་གྲུབ།
འཇིགས་མེད་དངོས་གྲུབ།
|