ཐོན་མིའི་ཡིག་རྒྱུན་སྐབས་གཉིས་པའི་འགྲན་སྡུར་ཆེན་མོའི་མཐའ་མཇུག་གི་བརྡ་ཡིག་གཅིག
འགྲེམ་སྟོན་ཁང་ཕྱེ་རྒྱུར་ཆོག་མཁན་ཐོབ་པའི་བྲིས་པ་རྣམས་ལ།
ཐེངས་འདིའི་ཐོན་མིའི་ཡིག་རྒྱུན་རྟགས་མའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲ་ཐོག་འགྲན་སྡུར་ཆེན་མོའི་ཁྲོད་དུ་ཕུལ་བྱུང་བྱ་དགའ་ཡན་ཐོབ་མཁན་གྱི་ཡིག་མཁན་རྣམས་ལ་རང་གི་ཨང་རིམ་དང་ཆ་མཐུན་པའི་ཡིག་མཁན་ཚད་རིམ་སོ་སོའི་འགྲེམ་སྟོན་ལེ་ཚན་དུ་རང་གི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་ཁང་ཕྱེ་པའི་ཁེ་དབང་སྤྲོད་རྒྱུ་ཡིན་པས། ༢༠༢༢ལོའི་ཟླ་༡ཚེས༡ཉིན་ནས་བཟུང་རྣམ་པ་ཚོས་ཡིག་གཟུགས་བརྩམས་ཆོས་ཀྱི་པར་རིས་གང་ཡག་ཡག་ཏུ་གྲ་སྒྲིག་བྱས་ནས། སྤུས་ལེགས་ཡིག་གཟུགས་བརྩམས་ཆོས་བཅུ་ཕྲག་གཅིག་འདི་ཀ་རྩོམ་སྒྲིག་ཁང་ལ་སྐུར་རོགས་ཞུ། དྲ་འགོད་ཀྱི་སྔ་ཕྱི་གོ་རིམ་ནི་བརྩམས་ཆོས་འབྱོར་པའི་སྔ་ཕྱི་ཡིན་པས་རྣམ་པ་ལྷན་རྒྱས་ལ་དགོངས་འཇགས་ཡོང་བར་འཚལ།
འགྲེམ་སྟོན་ཁང་ཕྱེ་པའི་ཁེ་དབང་ཐོབ་མཁན་གྱི་ཡིག་གཟུགས་ཆེད་མཁས་དང་ཡིག་མཁན། ཡིག་འབྲི་བ་སོ་སོའི་མིང་ཐོ་གཤམ་དུ་བཀོད་པ་ནང་བཞིན་ཡིན།
མཆན། ཁྱད་འཕགས་བྱ་དགའ་ཐོབ་མཁན་ཡིག་གཟུགས་མཁས་དབང་གི་ལེ་ཚན་དང། ཨང་དང་པོའི་བྱ་དགའ་ཐོབ་མཁན་ཡིག་གཟུགས་མཁན་པོའི་ལེ་ཚན། ཨང་གཉིས་པ་ཐོབ་མཁན་ཡིག་གཟུགས་བྲིས་ཆེན་གྱི་ལེ་ཚན། ཨང་གསུམ་པ་ཐོབ་མཁན་ཡིག་གཟུགས་བྲིས་ཆུང་གི་ལེ་ཚན། ཕུལ་བྱུང་ཐོབ་མཁན་ཡིག་གཟུགས་དགའ་ཞེན་པའི་ལེ་ཚན་སོགས་སུ་བཀོད་སྒྲིག་བྱ་རྒྱུ་ཡིན།
|