设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

བོད་ཡིག་ཡིག་གཟུགས་མཐུན་ཚོགས་ཀྱིས་སྐབས་གཉིས་པའི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་ཚོགས་པ།

 二维码 795
发表时间:2022-01-01 01:53作者:རྟ་མགྲིན་མགོན་པོ།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།


བོད་ཡིག་ཡིག་གཟུགས་མཐུན་ཚོགས་ཀྱིས་སྐབས་གཉིས་པའི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་ཚོགས་པ།


甘南州藏文书协换届 (1).jpg


 ཟླ༡༢ཚེས༣༡ཉིན། ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱིས་སྐབས་གཉིས་པའི་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་ཚོགས་ཤིང་། ཚོགས་འདུའི་ཐོགཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་སྒྲིག་ཡིག》(བཟོ་བཅོས་མ་ཟིནདང་དེ་བཞིན་འདེམས་བསྐོ་བྱེད་ཐབས་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བ་དང་། སྐབས་གསར་བའི་ལས་འཛིན་ལྷན་ཚོགས་བདམས་ཐོན་བྱུང་བ་མ་ཟད། ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་སྐབས་གཉིས་པའི་ལས་འཛིན་ལྷན་ཚོགས་ཐེངས་དང་པོ་འཚོགས་ནས་ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་སྐབས་གཉིས་པའི་ཀྲུའུ་ཞི་ཚོགས་པ་བདམས་ཐོན་བྱུང་བ་རེད། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པའམ་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི།ཀྲུའུ་ཞི་ཀྲའོ་ལིན་ཧུང་། ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་པདྨ་དབྱངས་ཅན། ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ཨོ་རྒྱན་སྐྱབས། ཁུལ་སྲིད་གཞུང་གི་རིག་གནས་བློ་འདྲི་བ་དཀོན་མཆོག་སྒྲ་དབྱངས་རྒྱ་མཚོ། དེ་བཞིན་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི༤༠ལྷག་ཙམ་ཚོགས་འདུར་ཞུགས་ཡོད



甘南州藏文书协换届 (2).jpg


 ཚོགས་འདུའི་ཐོགཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱིས་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ་དང་སྐབས་བརྗེའི་འདེམས་བསྐོ་བྱ་རྒྱུའི་སྐོར་གྱི་ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའུ་ཡི་མཆན་བཀོད་བཀའ་ལནསྒྲོག་སྦྱངས་བྱས་པ་རེད། ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་སངས་རྒྱས་བཀྲ་ཤིས་ཀྱིས་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་ཀྱི་ཚབ་བྱས་ནས་ཚོགས་ཆེན་ཐོག་བྱ་བའི་ཕྱོགས་སྡོམ་སྙན་ཞུ་ཕུལ་ཞིང་། ཚོགས་འདུའི་ཐོག་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ལས་འཛིན་པ༣༧བདམས་ཐོན་བྱུང་བ་རེད། ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་གཉིས་པ་འཚོགས་ནས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མིའི་ཀྲུའུ་ཞི་དང་། ཀྲུའུ་ཞི་གཞོན་པ། དྲུང་ཆེ་དང་དྲུང་གཞོན་བཅས་བདམས་ཐོན་བྱུང་ཡོད།   


甘南州藏文书协换届 (3).jpg



    ཚོགས་འདུའི་ཐོག་རྡོ་བྷ་དང་། ཚེ་རིང་དོན་གྲུབ། སངས་རྒྱས་ཚེ་རིང་། བསོད་ནམས་ཚེ་རིང་། འབུམ་ཁོ། སྐལ་བཟང་དོན་གྲུབ། བླ་མ་སྐྱབས། ཐེ་བོ་རིན་ཆེན། རྟ་མགྲིན་མགོན་པོ། ཚེ་བྷ།   རུ་བ་ཆོས་སྐྱོང་། མགོན་པོ་ཚེ་རིང་། ཞུའེ་རེན་ཧྲེང་སོགས་ལས་འཛིན་པ་༣༩བདམས་ཐོན་བྱུང་ཡོད།



甘南州藏文书协换届 (4).jpg



    གསར་དུ་བདམས་པའི་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་རྡོ་བྷས་གཏམ་བཤད་པར།   ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་འོག་ཀན་ལྷོའི་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཁྱབ་སྤེལ་དང་དར་སྤེལ་ཧུར་ཐག་བཏང་སྟེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་། རླབས་ཆེན་དུས་རབས་ལ་གཅེས་འཛིན། བྱེད་སྒོ་སྣ་ཚོགས་སྤེལ་བ། གསར་གཏོད་བཅས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ་ཡིན་ཞིང་། མུ་མཐུད་དུ་རིག་གནས་ཀན་ལྷོའི་ཡངས་ཤིང་རྒྱ་ཆེའི་བགྲོད་ལམ་ཐོག་བསྐྱོད་རྒྱུ་དང་། ཁེངས་སྐྱུང་ངང་སློབ་སྦྱོང་དང་བློ་ཁོག་ཆེན་པོས་ལག་ལེན་དང་གསར་འབྱེད་ཕོད་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བཅས་བྱས་ནས་རྒྱུན་འཛིན་དང་འཕེལ་རྒྱས་ཟུང་འབྲེལ་དང་། གསོག་འཇོག་དང་འཚོལ་ཞིབ་ཟུང་འབྲེལ། དཔྱད་གཞི་དང་གསར་གཏོད་ཟུང་འབྲེལ་བཅས་བྱས་ཏེ་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཉམས་འགྱུར་ཧུར་ཐག་བཏོད་དེ་རང་ཉིད་ཀྱི་སྒྱུ་རྩལ་གྱི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱས་ནས་ཀན་ལྷོ་ཁུལ་གྱི་རིག་གནས་བྱ་གཞག་ཟམ་མི་ཆད་པར་དར་རྒྱས་འགྲོ་ཆེད་ལེགས་སྐྱེས་གསར་བ་དེ་བས་ཆེ་བ་འབུལ་རྒྱུ་ཡིན།



甘南州藏文书协换届 (5).jpg



       ཁུལ་ཨུའི་དྲིལ་བསྒྲགས་པུ་ཡི་པུའུ་ཀྲང་གཞོན་པའམ་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི།ཀྲུའུ་ཞི་ཀྲའོ་ལིན་ཧུང་གིས་ཕྱོགས་སྡོམ་གསུང་བཤད་གནང་། ཀྲའོ་ལིན་ཧུང་གིས་ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་སྐབས་གཉིས་པའི་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོགས་པ་ནི་ཀན་ལྷོ་ཁུལ་གྱི་ཡིག་གཟུགས་ལས་རིགས་ཀྱི་ཚོགས་འདུ་གཟབ་རྒྱས་ཤིག་ཡིན་ལ་ཀན་ལྷོ་ཁུལ་གྱི་རིག་རྩལ་ལས་རིགས་ཀྱི་དོན་ཆེན་ཞིག་ཀྱང་ཡིན། ཐེངས་འདིའི་ཚོགས་འདུ་ཡག་པོ་འཚོག་རྒྱུ་དེ་ནི་རྒྱ་ཆེའི་བོད་ཀྱི་ཡིག་མཁན་རྣམས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། བོད་ཀྱི་ཡིག་གཟུགས་བྱ་གཞག་དར་རྒྱས་གོང་འཕེལ་ལ་སྐུལ་འདེད། ཀན་ལྷོ་ཁུལ་གྱི་རིག་རྩལ་བྱ་གཞག་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་སྐུལ་འདེད་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། ཀན་ལྷོའི་རྒྱ་ཆེའི་བོད་ཀྱི་ཡིག་གཟུགས་མཁས་ཅན་དང་ཡིག་གཟུགས་ལས་དོན་པས་ཏང་དང་སྲིད་གཞུང་ལ་དྲིན་ལན་འཇལ་བ་དང་རྩོམ་རིག་སྒྱུ་རྩལ་བྱ་གཞག་ལ་དགའ་ཞེན་བྱེད་པ་དང་། ཀན་ལྷོར་བརྩེ་སེམས་བཅངས་པ། མི་དམངས་ལ་བརྩེ་སེམས་བཅངས་པ། ཡིག་གཟུགས་གསར་རྩོམ་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བ། ཕུལ་བྱུང་གི་བརྩམས་ཆོས་འབོར་ཆེན་ཐོན་པ། གཞི་རིམ་དུ་རྒྱ་ཁྱབ་ངང་སྐྱོད་པ་བཅས་བྱས་ནས་ཡིག་གཟུགས་བྱ་གཞག་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།


甘南州藏文书协换届 (6).jpg


       ཀྲའོ་ལིན་ཧུང་གིས་བོད་ཀྱི་ཡིག་མཁན་མཐུན་ཚོགས་སྐབས་གསར་བའི་ཀྲུའུ་ཞི་ཚོགས་པས་ཇི་ལྟར་བྱས་ནས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེ་མཐུན་ཚོགས་ཀྱི་སླད་ཕྱིན་གྱི་བྱ་བ་ཡག་པོ་བསྒྲུབ་རྒྱུའི་ཐད་རེ་བ་དང་བླང་བྱ་བཏོན། ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་ལེན་བསྟར་བའི་མཐོ་ས་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྣོད་བཅུད་མཐོ་ས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་གཏོང་བའི་ཐོན་ལས་ཀྱི་མཐོ་ས་བཅས་ཧུར་ཐག་གཏོད་པའི་ཁྲོད་ངོ་མཚར་ཆེ་བའི་སྒྱུ་རྩལ་གྱི་ནུས་པ་འདོན་དགོས།།


甘南州藏文书协换届 (7).jpg



      བློ་མཐུན་ཀྲའོ་ལིན་ཧུང་གིས། ཀན་ལྷོ་ཁུལ་བོད་ཡིག་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་སྐབས་གཉིས་པའི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་ཚོགས་པ་ནི་ཀན་ལྷོ་ཁུལ་ཡིག་གཟུགས་ལས་རིགས་ཀྱི་ཚོགས་འདུ་གལ་ཆེན་དང་ཀན་ལྷོ་ཁུལ་གྱི་རིག་རྩལ་ལས་རིགས་ཀྱི་དོན་ཆེན་ཞིག་ཀྱང་ཡིན་པས་རྒྱ་ཆེའི་བོད་ཡིག་ཡིག་གཟུགས་ལས་དོན་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་བོད་ཡིག་ཡིག་གཟུགས་བྱ་གཞག་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་བཏང་ནས་ཀན་ལྷོ་ཁུལ་གྱི་རིག་རྩལ་བྱ་གཞག་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། ཀན་ལྷོའི་རྒྱ་ཆེའི་བོད་ཡིག་ཡིག་གཟུགས་པ་ཚོས་ཏང་དང་སྲིད་གཞུང་ལ་དྲིན་ལན་འཇལ་བ་དང་རྩོམ་རིག་སྒྱུ་རྩལ་བྱ་གཞག་ལ་དགའ་ཞེན་བྱེད་པ།   བརྩེ་སེམས་ཀན་ལྷོར་བཅངས་པ།   བརྩེ་སེམས་མི་དམངས་ལ་བཅངས་པ། ཡིག་གཟུགས་གསར་རྩོམ་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བ། ཕུལ་བྱུང་གི་བརྩམས་ཆོས་འབོར་ཆེན་ཐོན་པ། གཞི་རིམ་དུ་རྒྱ་ཁྱབ་ངང་སྐྱོད་པ་བཅས་བྱས་ནས་ཡིག་གཟུགས་བྱ་གཞག་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས།    


      ཀྲའོ་ལིང་ཧུང་གིས་ཀན་ལྷོའི་བོད་ཡིག་ཡིག་གཟུགས་མཐུན་ཚོགས་ནི་ཏང་གི་འགོ་ཁྲིད་འོག་གི་མི་དམངས་ཀྱི་ཚོགས་པ་ཞིག་དང་།   ཏང་དང་སྲིད་གཞུང་གིས་ཡིག་གཟུགས་ལས་དོན་པར་འབྲེལ་གཏུག་བྱེད་པའི་འབྲེལ་ཟམ་དང་འབྲེལ་ཐག་ཅིག་རེད་ཅེས་བརྗོད་པ་མ་ཟད། ཀན་ལྷོའི་ཡིག་གཟུགས་མཐུན་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་རིག་རྩལ་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ། མང་ཚོགས་ཚོགས་པའི་སྒྱུར་བཅོས་སྐོར་གྱི་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར་མཐུན་ཚོགས་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། རྩ་འཛུགས་ཀྱི་གསོན་ཤུགས་དང་། བློ་ཁ་ཕྱོགས་ཤུགས། ཡིད་དབང་འཕྲོག་ཤུགས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ལས་རིགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། ལས་རིགས་ཀྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མཐུན་སྒྲིལ་ཁྲིད་སྟོན་དང་། འབྲེལ་གཏུག་མཐུན་སྦྱོར། ཞབས་ཞུ་དོ་དམ། རང་གཅུན་ཁེ་དབང་སྲུང་སྐྱོང་བཅས་ཀྱི་འགན་ནུས་ལག་བསྟར་ནན་ཏན་བྱས་ནས་རྩ་འཛུགས་ཀྱི་རྣམ་པ་གསར་གཏོད་དང་། ཞབས་ཞུའི་ཐབས་ལམ་རྒྱ་སྐྱེད། འབྲེལ་གཏུག་ལག་པ་སྣུར་སྲིང་བཅས་བྱས་ཏེ་རྒྱ་ཆེའི་བོད་ཡིག་ཡིག་གཟུགས་པ་ཚོས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་ཡིག་གཟུགས་མཐུན་ཚོགས་དེ་ཉིད་དྲོ་སྐྱིད་དང་ཞི་མཐུན་གྱི་སྒྱུ་རྩལ་མཁས་པ་མཐུན་ཚོགས་ཤིག་ཏུ་བསྐྲུན་པར་བརྩོན་དགོས་པའི་སྐུལ་མ་བཏང་།