设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

ཐོན་མིའི་ཡིག་རྒྱུན་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་སྐབས་གཉིས་པའི་བྱ་དགའ་བྱིན་པའི་མཛད་སྒོ་དང་

 二维码 3192
发表时间:2021-12-30 21:57


ཀླུ་ཆུ་རྫོང་གིས་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་སྐབས་གཉིས་པའི་ཐོན་མིའི་ཕྱག་རྒྱུན་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་སྡུར་ཆེན་མོའི་གཟེངས་བསྟོད་ཚོགས་ཆེན་དང་རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུ་ཚོགས།



第二届吞米真传表彰 (1).jpg


      རྒྱལ་ཡོངས་རིག་རྩལ་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཟླ་༡༢པའི་ཚེས་༢༩ཉིན། རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་།རྫོང་རིག་གནས་ཁང་།རྫོང་ཡིག་གཟུགས་དང་མཛེས་རྩལ་མཐུན་ཚོགས་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་བོད་ཀྱི་ཡིག་གཟུགས་དྲ་བའི་སྐབས་གཉིས་པའི་«ཐོན་མིའི་ཕྱག་རྒྱུན་»རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་སྡུར་ཆེན་མོའི་གཟེངས་བསྟོད་ཚོགས་ཆེན་དང་རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུ་དེ་ཀླུ་ཆུ་རྫོང་རིག་གནས་དཔེ་མཛོད་ཐོག་ཁང་ནས་ཚོགས།


第二届吞米真传表彰 (2).jpg

ཀླུ་ཆུ་རྫོང་དྲིལ་བསྒྲགས་པུའུ་ཀྲང་ལིས་ཡོན་ཧྭན།



第二届吞米真传表彰 (3).jpg

ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཀྲང་གཞོན་པའམ་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙོའུ་ཧྲུའུ་ཅི། ཀྲུའུ་ཞི་ཀྲའོ་ལིན་ཧོང་།


      ཁུལ་དང་རྫོང་གི་སྡེ་ཁག་དག་གི་འགན་འཁུར་བ་གཙོ་བོ་དང་། ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་ཁག་གི་བོད་ཡིག་ཡིག་མཁན་མཐུན་ཚོགས་དང་།   ཀླུ་ཆུ་རྫོང་གི་མཐུན་ཚོགས་ཆེ་གྲས་གི་འགན་འཁུར་བ། ཁུལ་ནང་ཁུལ་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣའི་འཐུས་ཚབ་བཅས་ཚོགས་འདུར་ཞུགས།



第二届吞米真传表彰 (4).jpg


       ཚོགས་འདུའི་ཐོགཐོན་མིའི་ཡིག་རྒྱུན་སྐབས་གཉིས་པའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་སྡུར་ཆེན་མོའི་གཟེངས་བསྟོད་ཐོབ་པའི་མི་སྣ་དང་།   ཀླུ་ཆུ་རྫོང་ཡིག་གཟུགས་མཛེས་རྩལ་མཐུན་ཚོགས་ཀྱི་༢༠༢༡ལོའི་ལོ་འཁོར་བྱ་བའི་ཕྱོགས་སྡོམ་ཁྲོད་སྔོན་ཐོན་མི་སྒེར་བཅས་ལ་གཟེངས་བསྟོད་རྟིང་སྐུལ་བྱ་དགའ་གནང་།




第二届吞米真传表彰 (5).jpg





第二届吞米真传表彰 (8).jpg





第二届吞米真传表彰 (9).jpg


      ཚོགས་འདུའི་ཐོག   ཚོགས་ཞུགས་ཡོངས་ཀྱིས་མ་འོངས་པའི་ཡིག་གཟུགས་སྒྱུ་རྩལ་གསར་རྩོམ་སོགས་ཀྱི་ཐད་གྲོས་བསྡུར་དང་བགྲོ་གླེང་གང་མང་གནང་ལ།   ཚོགས་མཇུག་སྒྲིལ་རྗེས། ཚོགས་ཞུགས་ཡོངས་ཀྱིས་སྐབས་འདིའི་ཡིག་གཟུགས་འགྲན་བསྡུར་ཆེ་མོའི་སྟེང་འགྲེམས་སྟོན་བྱས་པའི་བརྩམས་ཆོས་སྣ་ཚོགས་ལ་ལྟ་སྐོར་བྱེད་བཞིན་ཡིག་གཟུགས་ཀྱི་མཛེས་པ་དང་རིག་གནས་ཀྱི་རོ་བཅུད་ལ་མྱོང་རོལ་བྱས།


第二届吞米真传表彰 (10).jpg




第二届吞米真传表彰 (11).jpg




第二届吞米真传表彰 (12).jpg




第二届吞米真传表彰 (13).jpg


       རྒྱུས་ལོན་བྱུང་བ་ལྟར་ན།བོད་ཀྱི་ཡིག་གཟུགས་དྲ་བའི་སྐབས་གཉིས་པའི་ཐོན་མིའི་ཕྱག་རྒྱུན་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་སྡུར་ཆེན་མོ་དེ་༢༠༢༡ལོའི་ཟླ་་བ་ནས་བརྩམས་ཆོས་བསྡུ་འགོ་བརྩམས་ཤིང་།ཉིན་༤༥ལྷག་གི་རིང་ལ། རྒྱལ་ཡོངས་ས་གནས་སོ་སོ་ནས་འགྲན་ཞུགས་བརྩམས་ཆོས་༤༥༠འབྱོར་ཡོད། བརྩམས་ཆོས་ཚང་མར«བོད་ཀྱི་ཡིག་གཟུགས་དྲ་བའི་ཡིག་གཟུགས་བརྩམས་ཆོས་ལ་ཞིབ་དཔྱད་བྱེད་པའི་ཚད་གཞི»གཞིར་བཟུང་ནས་ཐོག་མའི་དཔྱད་འདེམས་དང་།བསྐྱར་འདེམས། དེ་བཞིན་མཐའ་མའི་དཔྱད་འདེམས་སོགས་ཀྱི་ལས་དོན་རབ་དང་རིམ་པ་བརྒྱུད་རྗེས།མཐར་ལྗོངས་ཞིང་ལྔའི་ཡིག་གཟུགས་ཆེད་མཁས་པས་གྲུབ་པའི་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་བརྩམས་ཆོས་དཔྱད་འདེམས་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་༡༦གིས་དྲང་བདེན་དང་དྲང་གཞག   ཡོངས་བསྒྲགས་བཅས་ཀྱི་རྩ་དོན་དཔང་ལ་བཞག་ནས་ཁྱད་འཕགས་བྱ་དགའ་གཅིག་དང་།   ཨང་དང་པོ་གཉིས།   ཨང་གཉིས་པ་བཞི།   ཨང་གསུམ་པ་བརྒྱད།   ཕུལ་བྱུང་ཉེར་དགུ། འགྲེམ་སྟོན་ལ་ཚུད་པ་སོ་བདུན་བཅས་གཏན་ཁེལ་བྱུང་། གཞན་བྱ་དགའ་ཐོབ་པའི་ཡིག་མཁན་༨༡་གི་ཡིག་གཟུགས་བརྩམས་ཆོས་༡༣༨ལྷག་ཡུལ་དངོས་ནས་འགྲེམ་སྟོན་དང་།   བོད་ཀྱི་ཡིག་གཟུགས་དྲ་ལམ་བརྒྱུད་དེ་བྱ་དགའ་ཐོབ་པའི་བརྩམས་ཆོས་༨༡ཁོ་ན་འགྲེམ་སྟོན་བྱས་ནས་རྒྱ་ཆེའི་མི་དམངས་ལ་གཟིགས་འབུལ་འགྲེམ་སྟོན་བྱས།














བགྲོ་གླེང་གི་ནང་དོན་ཟུར་བཀོད།

第二届吞米真传大赛讨论.jpg



བོད་ཀྱི་རིག་གཞུང་ཆེད་མཁས་གཙོས་ཤེས་རབ་རྒྱ་མཚོ་ལགས་ཀྱིས་གསུང་བཤད་གནང་བཞིན་པ།


第二届吞米真传大赛讨论3.jpg



ཀན་ལྷོ་ཉིན་རེ་གསར་ཚགས་པར་ཁང་གི་བོད་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གསུང་བཤད་གནང་བཞིན་པ།


第二届吞米真传大赛讨论2.jpg


ཀན་ལྷོ་ཁུལ་བོད་ཡིག་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསོད་ནམས་ཚེ་རིང་གིས་གསུང་བཤད་གནང་བཞིན་པ།








ཀླུ་ཆུའི་གསར་འགོད་པ།
དཔལ་མགོན་ཚེ་རིང་། ཀླུ་རྡོར།