འགྲེམ་སྟོན་ཁང་ཕྱེ་པའི་གོ་རིམ། 二维码
3507
发表时间:2021-12-26 09:36来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ། འགྲེམ་སྟོན་ཁང་ཕྱེ་པའི་གོ་རིམ། རྒྱབ་ལྗོངས། དྲ་ཚིགས་འདི་ནས་མི་སྒེར་གྱི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་ཁང་འབྱེད་འདོད་མཁན་གྱིས་དུས་དང་རྣམ་པ་ཀུན་དུ་དྲ་ལམ་དང་སྐད་འཕྲིན་ནས་འདིའི་སྐོར་ལ་བཀའ་འདྲི་བྱེད་པ་ཧ་ཅང་མང་ལ།འདི་ནི་ཡིག་གཟུགས་ལ་དོ་ཁུལ་དང་། འགྲེམ་སྟོན་ཁང་ལ་དོ་ཁུལ་བྱེད་པའི་སྣང་ཚུལ་ཡག་པོ་ཞིག་ཡིན་མོད།ནམ་རྒྱུན་སྐད་འཕྲིན་ནས་འགྲེམ་སྟོན་ཁང་འབྱེད་པའི་སྐོར་གྱི་གནས་ཚུལ་ཆ་ཚང་ཞིག་མི་རེ་རེར་མགོ་ནས་མཇུག་བར་གསལ་བཤད་བྱ་རྒྱུ་དེའང་དུས་ཚོད་ཧ་ཅང་འཕྲོད་བརླགས་གཏོང་བྱེད་ཅིག་ཡིན་པ་མ་ཟད།ཅིག་གྱུར་ཡོང་དཀའ་བ་ཞིག་ཀྱང་ཡིན། དེ་བས་འདིའི་སྐོར་ཡིག་ཐོག་ཏུ་བཀོད་ཡོད་པས་རེ་བ་ཡོད་མཁན་ཚོས་དེ་ལ་གཟིགས་པར་བྱ། ཆ་རྐྱེན། བོད་ཡིག་ཡིག་གཟུགས་ལ་སྦྱང་བ་བྱེད་མཁན་དང་དགའ་ཞེན་བྱེད་མཁན་གྱི་སྐྱེ་ཕོ་མོ་རྒན་དར་གཞོན་གསུམ་མི་སུ་ཡིན་རུང་བོད་ཀྱི་ཡིག་གཟུགས་འབྲི་མཁན་ཞིག་ཡིན་ན།དྲ་ལམ་འདི་དང་དྲ་ཚིགས་འདི་ནས་འགྲེམ་སྟོན་ཁང་ཕྱེ་བའི་གོ་སྐབས་ཡོད། ཡིན་ནའང་བོད་ཡིག་ཡིག་གཟུགས་སྦྱང་མཁན་ཧ་ཅང་མང་པས་ཡོད་ཚད་དྲ་འགོད་བྱེད་ཐུབ་པའང་མ་ཡིན།འོ་ན་དེར་གཤམ་གྱི་ཆ་རྐྱེན་དག་ལས་གསུམ་ཡན་འཛོམས་ན་དྲ་འགོད་བྱེད་ཆོག དང་པོ། དཔྱད་འདེམ་དགེ་རྒན་གྱིས་ངོ་སྤྲོད་ལ་རྟེན་པའི་ཐབས། ༡. ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་བརྩམས་ཆོས་དཔྱད་འདེམས་ཨུ་ཡོན་ལྷན་ཚོགས་གྱི་ཨུ་ཡོན་དགེ་རྒན་བཞི་ཡན་གྱིས་དྲ་ཚིགས་རྩོམ་སྒྲིག་ཁང་ལ་འོས་སྦྱོར་བྱས་པ། ༢. ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་ཐོན་མིའི་ཡིག་རྒྱུན་རྟགས་མའི་དྲ་ཐོག་འགྲན་སྡུར་ལས་བྱ་དགའ་ཐོབ་མཁན། སྐབས་དང་པོར་ཨང་དང་པོ་གཉིས་པ་གསུམ་པ་ཡན་ཐོབ་མཁན། ཡང་ན་སྐབས་གཉིས་པར་ཕུལ་བྱུང་ཡན་ཐོབ་མཁན། གཉིས། ཡིག་གཟུགས་ཐད་ཀྱི་གྲུབ་འབྲས་གཞན་དག་ལ་རྟེན་ནས་འགྲེམ་སྟོན་ཁང་འབྱེད་པ། ༡. ཉེ་བའི་ལོ་ལྔ་ཚུན་ལ་རྫོང་རིམ་པའི་ཡིག་གཟུགས་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་མཁན་གྱི་ཡིག་གཟུགས་པ། ༢. ཉེ་བའི་ལོ་བདུན་ནང་ཁུལ་རིམ་པའི་ཡིག་གཟུགས་འགྲན་སྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཡན་ཐོབ་པ། ༣. ཉེ་བའི་ལོ་བཅུའི་རིང་ཞིང་ཆེན་རིམ་པའི་ཡིག་གཟུགས་འགྲན་སྡུར་ཁྲོད་ཕུལ་བྱུང་ཡན་གྱི་བྱ་དགའ་ཐོབ་པ། ༤. རྒྱལ་ཁབ་རིམ་པའི་ཡིག་གཟུགས་འགྲན་བསྡུར་ཁྲོད་འགྲེམ་སྟོན་ལ་ཚུད་པ། མཆན། གོང་གསལ་བྱ་དགའ་ཚང་མ་ས་གནས་ཀྱི་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་སམ་དེ་དང་མཉམ་དུ་སྤེལ་བའི་ཡིག་གཟུགས་བྱེད་སྒོའི་ཡིན་དགོས། ༥. རྒྱལ་ཁབ་རིམ་དང་ཞིང་ཆེན་རིམ་པ།ཁུལ་རིམ་པའི་ཡིག་གཟུགས་འགྲེམ་སྟོན་ཁྲོད་འགྲེམ་སྟོན་བྱས་པའི་དབང་ཡིག་ཡོད་པ། ༦. རང་ཉིད་ཀྱིས་རྫོང་དང་ཁུལ་ཞིང་ཆེན་ནས་མི་སྒེར་གྱི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་གྱི་བྱེད་སྒོ་སྤེལ་མྱོང་པ།ཡུལ་དངོས་པར་དང་ས་གནས་ཡིག་གཟུགས་མཐུན་ཚོགས་ཀྱི་བདེན་དཔང་སོགས་ཡོད་དགོས། གསུམ་པ། འདི་གའི་དྲ་ཚིགས་རྩོམ་སྒྲིག་ཁང་གིས་དཔྱད་འདེམས་ལ་རྟེན་ནས་འགྲེམ་སྟོན་ཁང་འབྱེད་པ། གོང་གསལ་གྱི་ཆ་རྐྱེན་མི་འཛོམ་པ་ཡིན་ན་ངེད་དྲ་ཚིགས་རྩོམ་སྒྲིག་ཁང་ལ་རང་གི་འབྲི་སྦྱོང་མྱོང་བའི་བྲིས་གཟུགས་རིགས་གཅིག་ལ་བརྩམས་ཆོས་གཅིག་རེ་ལས་མི་བརྒལ་བའི་ཡིག་གཟུགས་བརྩམས་ཆོས་རྣམས་ཕུལ་ནས་ཐུན་མོང་ཐོག་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་ཚིགས་ཀྱི་ཡིག་གཟུགས་བརྩམས་ཆོས་དཔྱད་འདེམས་ཨུ་ཡོན་ལྷན་ཚོགས་ཀྱིས་དཔྱད་འདེམ་བརྒྱུད་དེ་ཆོག་མཆན་འཐོབ་པ། བཞི་བ། བརྩམས་ཆོས་སྐུར་སྐབས་དོ་སྣང་བྱ་དགོས་ས། ༡. ཆབ་སྲིད་དང་ཁྲིམས་ལུགས་ལ་མི་མཐུན་པ། མི་ཆོས་དང་ལྷ་ཆོས། ཡ་རབས་ཀྱི་ཡུལ་སྲོལ་དང་གོམས་གཤིས་ལ་མི་མཐུན་པ། མི་རིགས་མཐུན་སྒྲིལ་ལ་གནོད་པ་འབྱུང་བའི་ནང་དོན། མི་གཞན་ལ་ཟུར་ཟ་དང་དམའ་འབེབས་ངན་སྨྲས་སོགས་ཀྱི་རང་བཞིན་མཆིས་པའི་ཡིག་གཟུགས་བརྩམས་ཆོས་སོགས་འགོད་མི་རུང་། ༢.ཡིག་གཟུགས་བརྩམས་ཆོས་ཀྱི་པར་དྲང་མོར་ལེན་དགོས།བརྩམས་ཆོས་ཆེན་པོ་ལ་དམིགས་བསལ་ཡོད། བརྩམས་ཆོས་ཀྱི་པར་རིས་རྣམ་བཞག་JPGཁོ་ན་ཡིན་དགོས་ལ། འབྱེད་ཚད་༧༢ལས་དམའ་མི་རུང་ཞིང་། ཡིག་ཆ་ཧྲིལ་བོའི་ཆེ་ཆུང་ཀྲོ ༥༠ ལས་བརྒལ་ན་ངེས་པར་དུ་བཙུར་གནོན་ཡིག་ཆའི་རྣམ་བཞག་གི་སྟེང་ནས་སྐུར་ན་པར་མང་ཙམ་སྐུར་ཐུབ། ༣.དཔྱད་འདེམས་ཀྱི་སྐབས་སུ་སྐད་འཕྲིནddv5237སྟེང་ཡིག་གཟུགས་བརྩམས་ཆོས་ཀྱི་པར་རིས་སྐུར་བའམ། དྲ་ཚིགས་གཙོ་ངོས་ཀྱི་ཡིག་གཟུགས་བརྩམས་ཆོས་བརྒྱུད་སྐུར་ལེ་ཚན་བརྒྱུད་དེ་སྐུར་ཆོག བརྩམས་ཆོས་འདེམས་སྐབས་ངེས་བར་དུ་རང་གི་བརྩམས་ཆོས་ཁྲོད་ནས་རྩེ་བཀྲ་དག་འདེམ་ནས་སྐུར་རོགས། ༤.རང་གི་བརྩམས་ཆོས་ཡིན་མིན་གྱི་འགན་རང་ཉིད་ཀྱིས་འཁུར་དགོས་ལ་པར་དབང་གནད་དོན་རང་འགན་ཡིན། ༥.དཔྱད་འདེམས་ཆོག་མཆན་ཐོབ་རྗེས་རང་གི་བརྩམས་ཆོས་འགོད་སའི་དྲ་གནས་བར་སྟོང་གི་ལོ་ཡོན་རང་འགན་བྱ་དགོས། སློབ་མའམ་དཔལ་འབྱོར་གྱི་དཀའ་ཁག་ཅན་གྱིས་ངེད་དྲ་ཚིགས་ལ་རེ་འདུན་ཞུས་ན་གནས་ཚུལ་ལྟར་ཐག་གཅོད་བྱ་ངེས། ལྔ། འགྲེམ་སྟོན་ཁང་འབྱེད་མཁན་གྱི་དབང་ཆ། ༡.འགྲེམ་སྟོན་ཁང་དུ་བཀོད་པའི་བརྩམས་ཆོས་ཉོ་ཚོང་བྱེད་འདོད་མཁན་གྱིས་རང་གི་འབྲེལ་གཏུག་བྱེད་ཐབས་མཁོ་འདོན་ན་བྱེད་པའམ་དྲ་འགོད་བྱས་ཆོག ༢.འགྲེམ་སྟོན་བྱས་ཟིན་པའི་བརྩམས་ཆོས་དྲ་ངོས་ནས་ཕྱིར་འཐེན་བྱེད་པའི་དབང་ཆ་ཡོད། ༣.རང་གི་འགྲེམ་སྟོན་ཁང་མི་གཞན་ལ་མཉམ་སྤྱོད་བྱེད་པའི་དབང་ཆ་ཡོད། བརྩམས་ཆོས་སྐུར་མཁན་གྱིས་འོག་གི་དེ་མནན་ན་སྐུར་ཐུབ། |