设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

འབྲི་རུ་རྫོང་སློབ་ཆུང་གཉིས་པས་ཡིག་གཟུགས་འཛིན་སྐྱོང་སྤེལ་གསུམ་གྱི་ལས་དོན་ལ་མཐོང་ཆེན་གནང་བཞིན་པ།

 二维码 4330
发表时间:2021-12-20 12:25作者:འབྲི་རུ་རྫོང་སློབ་ཆུང་གཉིས་པ།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།


འབྲི་རུ་རྫོང་སློབ་ཆུང་གཉིས་པས་ཡིག་གཟུགས་འཛིན་སྐྱོང་སྤེལ་གསུམ་གྱི་ལས་དོན་ལ་མཐོང་ཆེན་གནང་བཞིན་པ།

རྒྱ་བོད་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ།། རིམས་ནད་སྔོན་འགོག་ཚང་མའི་འགན་འཁྲི་ཡིན།།



1.jpg


         ཏང་གི་ཡང་དག་གི་སྲིད་ཇུས་བཟང་པོའི་ཐུགས་བརྩེའི་བཀའ་དྲིན་དང་རང་སློབ་གྲྭའི་དབུ་ཁྲིད་རྣམ་པའི་བྱམས་བརྩེའི་ཐུགས་ཁུར་དང་སྣེ་ཁྲིད། ངེད་སློབ་དོན་ཁང་གི་བོད་ཡིག་ཚོ་ཆུང་གིས་༢༠༢༡ལོའི་ཟླ་༡༠པའི་ཚེས་༡ཉིན་ནས་གཅིག་གྱུར་བཀོད་སྒྲིག་བྱས་ཏེ བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མིའམ་དྲ་མིང་ལ་གཅུང་བསླབ་གསུམ་དུ་འབོད་པའམ་རིག་པའི་རལ་གྲི་ཞེས་པ་ལགས་གདན་ཞུ་བྱས་ཏེ་དུས་ཡུན་ཟླ་བ་གསུམ་ཙམ་གྱི་རིང་དུ། གཟའ་མིག་དམར་གྱི་ཉིན་གུང་གི་ངལ་གསོའི་དུས་ཚོད་བེད་སྤྱད་དེ་རང་སློབ་གྲྭའི་བོད་ཡིག་དགེ་རྒན་སུམ་ཅུ་ལྷག་ལ་བོད་ཡིག་ཡིག་གཟུགས་ལས་གཞུང་བྲིས་ཚུགས་རིང་གི་འབྲི་ལུགས་མཛུབ་མོས་རི་སྟོན་གྱི་ཚུལ་དུ་སློབ་ཁྲིད་གནང་ནས། སློབ་གྲྭའི་ཡིག་གཟུགས་ཆུ་ཚད་མཐོར་འདེགས་ལ་ཟུང་ཤུགས་གསར་བ་བསྣན། སློབ་གྲྭའི་ཡིག་གཟུགས་གསབ་སྦྱོང་གི་བརྒྱུད་རིམ་ཁྲོད། དགེ་རྒན་རྣམ་པས་དུས་ཐོག་ཏུ་སྦྱོང་གཞི་ཁག་ལེགས་གྲུབ་ཡག་པོ་བྱས་པ་མ་ཟད། བོད་ཡིག་ཡིག་གཟུགས་ཀྱི་བྲིས་རྩལ་ཐད་གནམ་ས་བླ་འོག་བརྗེས་འདྲའི་གོང་འཕེལ་དང་འགྱུར་ལྡོག་བྱུང་བའི་བརྒྱུད་རིམ་འདྲ་པར་ལམ་གྱི་གནས་ཚུལ་དངོས་བྲིས་མདོར་བསྡུས་སུ་བཀོད་པ་གཤམ་ལྟར



2.jpg


གཅུང་བསླབ་གསུམ་མཆོག་ནས་ཡིག་གཟུགས་སློབ་ཁྲིད་གནང་བཞིན་པ།



3.jpg

ཡིག་གཟུགས་སྦྱོང་བཞིན་པའི་རྣམ་པ་ཟུར་ཙམ།


4.jpg4-2.jpg

དགེ་རྒན་ཚོས་སྦྱོང་གཞི་ལེགས་གྲུབ་བྱས་པའི་རྣམ་པ།


5.jpg

དགེ་རྒན་ཚོས་སྦྱོང་གཞི་ལེགས་གྲུབ་བྱས་པའི་རྣམ་པ།


6.jpg

དགེ་རྒན་ཚོའི་ཡིག་གཟུགས་སྦྱོང་ཚན་ལ་གཟའ་འཁོར་རེར་ལྟ་ཞིབ་བྱས་རྗེས་ཀྱི་ཟིན་ཐོ།


        དགེ་རྒན་རྣམ་པའི་དཀའ་སྤྱད་འབད་བརྩོན་ལས་ཐོབ་པའི་གྲུབ་འབྲས་དག་ཀུན་གྱི་མིག་ལམ་དུ་བཤམས་སྟོན་བྱེད་པ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་གང་ལེགས་གཏོང་ཆེད་ཟླ་༡༢པའི་ཚེས་༡༤ཉིན་སློབ་གྲྭའི་དབུ་ཁྲིད་རྣམ་པའི་གཅིག་འགྱུར་བཀོད་འདོམས་འོག་ཏུ་ཧྲའོ་ཤིང་ཤུགས་རྒྱོབས།   ཧྲང་ཡུས་ཤུགས་རྒྱོབས། ཞེས་པའི་བརྗོད་བྱར་དམིགས་ནས་རིམས་ནད་སྔོན་འགོག་བརྗོད་བྱ་བྱས་པའི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་གྱི་བྱེད་སྒོ་གཟབ་རྒྱས་ངང་སྤེལ།   

             

10.jpg


12.jpg   

ཡིག་གཟུགས་འགྲན་བསྡུར་གྱི་ཟུར་ཙམ།


11.jpg


ཡིག་གཟུགས་འགྲན་བསྡུར་གྱི་ཟུར་ཙམ།


13.jpg

ཧྲུའུ་ཅི་བསམ་གྲུབ་རྡོ་རྗེ་དང་ཁོང་གི་བྲིས་གཟུགས།


14.jpg

སློབ་སྤྱི་ཚེ་དབང་དོན་གྲུབ་དང་ཁོང་གི་བྲིས་གཟུགས།


          ཐེངས་འདིའི་བྱེད་སྒོར་ཁྱོན་བོད་ཡིག་དགེ་རྒན་སུམ་ཅུ་སོ་བཞི་བཞུགས་ཡོད་ལ་རང་སློབ་གྲྭའི་ཧྲུའུ་ཅི་དང་སློབ་སྤྱི་སོགས་ཀྱང་ཚ་ཚ་འུར་འུར་གྱིས་འགྲན་བསྡུར་ནང་མཉམ་བཞུགས་གནང་བ་དེས་དགེ་སློབ་ཡོངས་ལ་མིག་དཔེ་བཟང་པོ་ཞིག་སྟོན་གནང་ཡོད་པ་མ་ཟད་ཕུལ་བྱུང་གི་གཟེངས་བསྟོད་ཀྱང་ཐོབ་ཡོད་པ་རེད།


17.jpg

བྱ་དགའ་ཐོབ་པའི་དགེ་རྒན་རྣམ་པ།



18.jpg


19.jpg

བྱ་དགའ་ཐོབ་པའི་བརྩམས་ཆོས།


20.jpg



21.jpg

བྱ་དགའ་ཐོབ་པའི་བརྩམས་ཆོས།


22.jpg



23.jpg

བྱ་དགའ་ཐོབ་པའི་བརྩམས་ཆོས།



24.jpg

བྱ་དགའ་ཐོབ་པའི་བརྩམས་ཆོས།


25.jpg



26.jpg



27.jpg


28.jpg



29.jpg

   ཡིག་མཁན་གཅུང་བསླབ་གསུམ་མམ་རིག་པའི་རལ་གྲི།       བོད་ཡིག་སློབ་དཔྱོད་འགན་ཁུར་བཐོ་ཤར་བུ།


       ད་ཐེངས་ཀྱི་བྱེད་སྒོ་འདི་ལས་རང་སློབ་གྲྭའི་དགེ་རྒན་ཡོངས་ཀྱིས་རང་རིགས་ཀྱི་རིག་གནས་ལ་སྔར་བས་མཐོང་ཆེན་དང་བརྩོན་སེམས་བྱེད་ཤུགས་གོང་མཐོར་གཏོང་ཐུབ་པ་བྱུང་ཡོད་ལ། མ་འོངས་པའི་སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་དུ་སློབ་མར་བོད་ཡིག་ཡིག་གཟུགས་ཚད་དང་ལྡན་པའི་སྒོ་ནས་སློབ་ཁྲིད་བྱ་རྒྱུར་རྨང་གཞི་བརྟན་པོ་གཏིང་ཡོད། མདོར་ན།   ཚང་མས་རང་རིགས་ཀྱི་ཐུན་མོང་མ་ཡིན་པའི་བོད་ཡིག་ཡིག་གཟུགས་ཀྱི་རིག་གནས་འདི་ལ་དད་པ་དང་དགའ་ཞེན། བརྩི་མཐོང་བཅས་བྱས་ནས་སླད་མར་མུ་མཐུད་རྒྱུད་འཛིན་དང་དར་སྤེལ་གཏོང་རྒྱུའི་དམ་བཅའ་བརྟན་པོ་སྙིང་དབུས་སུ་བཅངས་བཞིན་ཡོད་དོ།


30.jpg

དགེ་རྒན་ཡོངས་ལྷན་དུ་དྲན་རྟེན་འདྲ་པར་བླངས་ནས་ད་ཐེངས་ཀྱི་བྱེད་སྒོ་འདི་བདེ་བླགས་ངང་ནས་མཇུག་བསྡུས་སོ། །




   

ཡིག་འབྲི་བ།     ཐོ་ཤར་བུ།

སྤྱི་ལོ་༢༠༢༡ལོའི་ཟླ་༡༢པའི་ཚེས་༡༤ཉིན།