བྲིས་པ་བཀྲ་ཤིས་ཆོས་རྒྱལ།
དངོས་མིང་བཀྲ་ཤིས་ཆོས་རྒྱལ། སྨྱུག་མིང་།ཉག་རེ་གླ་སྨྱུག། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་བྱམས་མདུན་གྲོང་རྡལ་དུ་སྐྱེས་ཤིང་། ༢༠༡༤མཚོ་སྔོན་དགེ་ཐོན་སློབ་ཆེན་ནང་རྒྱུགས་ཚད་ལོན། ཆེད་ལས་སློབ་ཆུང་སློབ་གསོ་ལ་འབད་པ་བྱེད་ཞོར་རང་གི་དགའ་ཕྱོགས་ལྟར་བོད་སྐད་ཡིག་དང་ཡིག་གཟུགས་ལ་འབད་པ་ལྷོད་མེད་བྱས། ༢༠༡༨ལོར་སློབ་ཐོན་བྱས་ནས་བཟུང་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ཐེམ་ཐོག་གྲོང་སློབ་ཆུང་དུ་སློབ་ཁྲིད་ཀྱི་ལས་ལ་ཞུགས།
ཁོང་གི་གཅེན་པོ་ཡེ་ཤེས་གྲགས་པ། གྲོགས་འགྱུར་མེད། རྒན་བཀྲ་ཤིས་དོན་འགྲུབ། རྒན་ཨ་འཇམ། རྒན་ཆུང་ལྷ་དང་རྒན་འཇམ་དབྱངས་ཆོས་དར། གཙོས་བྲིས་གྲོགས་མང་པོའི་རྒྱབ་སྐྱོར་འོག་ཡིག་གཟུགས་སྦྱོང་འགོ་ཚུགས་པ་དང་སྔ་རྗེས་སུ་ལྗོངས་རིམ་པ་དང་གྲོང་ཁྱེར་རིམ་པའི་ཡིག་གཟུགས་འགྲན་སྡུར་ཁྲོད་གྲུབ་འབྲས་མི་དམན་པ་ཐོབ་མྱོང་། ད་ལྟ་མཛོ་སྒང་རྫོང་ཐེམ་ཐོག་གྲོང་སློབ་ཆུང་དུ་བོད་སྐད་ཡིག་དང་བོད་ཡིག་ཡིག་གཟུགས་ཀྱི་སློབ་ཁྲིད་བྱེད་བཞིན་ཡོད།
སྒྲིག་པ་པོའི་མཆན། གཞོན་སྐྱེས་བྲིས་པ་བཀྲ་ཤིས་ཆོས་རྒྱལ་གྱི་བརྩམས་ཆོས་འདི་ནི་ཟླ་ངོ་བཞི་ཙམ་གྱི་རིང་ལ་ལེགས་འགྲུབ་བྱུང་བའི་ཚུགས་རིང་བརྩམས་ཆོས་རྨི་སུམ་ཅུ་ལྷག་ཅན་གཙོ་བྱས་ཤིང་། ནང་དོན་ལ་ཚངས་དབྱངས་རྒྱ་མཚོའི་མགུ་གླུ་ཤོ་ལོ་ཀ་བརྒྱ་དང་ཉེར་གཅིག་ཡོད་པ་ཞིག་ཡིན་པ་མ་ཟད། ཡིག་གཟུགས་ལ་དགའ་ཞེན་དང་བརྩམས་ཆོས་ལ་རྩིས་མཐོང་ཆེན་པོས་བདག་སྐྱོང་གང་ལེགས་གནང་ཡོད་པས་ཆེད་དུ་ངེད་དྲ་ཚིགས་ཀྱི་དཔྱད་འདེམས་དགེ་རྒན་༡༦ལྷག་གི་མདུན་དུ་ཕུལ་གནང་མཛད་པ་དང་། དཔྱད་འདེམ་དགེ་རྒན་རྣམ་པས་ཀྱང་ཡིག་རྩལ་གྱི་ཆ་ལ་གདང་འཇོག་ཡག་པོ་གནང་ཡོད་པས་ལེ་ཚན་འདིར་ཆེད་དུ་བཀོད་པའོ།།
ནང་དོན་གཞན་པ་ཤོག་ངོས་རྗེས་མར་གཟིགས་པར་མཚལ།
|