设为首页 | 收藏本站
 
新闻中心གསར་འགྱུར།公告སྤྱི་བསྒྲགས།古籍收藏གནའ་དཔེ་ཉར་ཚགས།书法艺术ཡིག་གཟུགས་སྒྱུ་རྩལ།书法常识ཤེས་བྱའི་ཟེགས་མ།论  文དཔྱད་རྩོམ།集体展厅ཐུན་མོང་འགྲེམ་སྟོན་ཁང་།地区展厅ས་ཁུལ་འགྲེམ་སྟོན་ཁང་།书法名家ཡིག་གཟུགས་མཁས་དབང་།书法家ཡིག་གཟུགས་མཁན་པོ།书法达人ཡིག་གཟུགས་བྲིས་ཆེན།书法新秀ཡིག་གཟུགས་བྲིས་ཆུང་།书法爱好者ཡིག་གཟུགས་དགའ་ཞེན་པ།女性书法展厅སྐྱེ་མའི་ཡིག་གཟུགས།校园展厅སློབ་རའི་འགྲེམ་སྟོན་ཁང་།书法日专题ཡིག་གཟུགས་དུས་ཆེན་ཆེད་སྒྲིག视频教程བརྙན་གཟུགས་དཔེ་ཁྲིད།书法讲堂འཆད་ཁྲིད་དོ་ར།字帖ཡིག་གཟུགས་ཀ་དཔེ།学习资料བསླབ་དེབ།古近代名家གནའ་ཉེ་རབས་ཡིག་མཁན།现代名家དེང་རབས་ཡིག་མཁན།团体推介སྡེ་ཁག་འོས་སྦྱོར།ཡི书法企业ག་གཟུགས་ཁེ་ལས།文件下载ཡིག་ཆ་ཕབ་ལེན།其它下载སྣ་ཚོགས་ཕབ་ལེན།商用下载རིན་ལྡན་ཕབ་ལེན།

བྲིས་པ་ཐུབ་རྒྱལ།

 二维码 1482
发表时间:2021-09-01 00:26作者:ཐུབ་རྒྱལ།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།



༄༅།།བྲིས་པ་ཐུབ་རྒྱལ་མཚམས་སྦྱོར།


图杰 (9).jpg


   བྱང་ཐང་ནག་ཆུའི་བྲིས་པ་ཐུབ་བསྟན་རྒྱལ་བ་ལགས་ནི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་སོག་རྫོང་དཀར་སྨད་ཡུལ་ཤོག་ཏུ་སྤྱི་ལོ་༡༩༩༣ལོར་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་ལང་ཚོ་སྨིན་ཞིང་ཕྱི་ལོ་༢༠༠༠ལོར་ས་གནས་དེ་གའི་སློབ་ཆུང་དུ་སློབ་གྲྭར་འགྲིམས་ཏེ་སོག་རྫོང་དམའ་རིམ་སློབ་འབྲིང་ལོ་རིམ་གཉིས་པའི་བར་དུ་སློབ་གྲྭར་ཕེབས། འོན་ཏང་རྒྱུ་རྐྱེན་གང་རུང་ཞིག་གིས་རྐྱེན་པས་མུ་མཐུད་དུ་སློབ་གྲྭར་འགྲོ་རྒྱུའི་སྐལ་པ་མ་ལྡན་ཡང་།   ཁོང་གི་དགའ་ཕྱོགས་ཏེ་རིག་པའི་་གནས་སྤྱི་དང་ལྷག་པར་དུ་ཡིག་གཟུགས་ལ་འཁྲེང་བའི་བསམ་འདུན་ལ་འགྱུར་བ་མེད་སྟབས་སྔར་བཞིན་རིག་གནས་ཀྱི་ཁོར་ཡུག་ཅིག་སྟེ། ཉི་མ་གླིང་དགོན་དུ་༢༠༠༩ལོར་སེར་མོ་བའི་སྡེ་ཁག་ཏུ་ཞུགས་རྒྱུའི་སྐལ་བ་བཟང་པོ་རྙེད་ཅིང་དེ་ནས་དགོན་པའི་བཤད་གྲྭའི་འཛིན་རིམ་དང་པོ་ཡིག་གཟུགས་དང་བསྡུས་གྲྭ་སུམ་རྟགས་སོགས་སྦྱང་སར་ཞུགས། ལོ་གཉིས་ཀྱི་རྗེས་སུ་བཤད་གྲྭའི་སློབ་དཔོན་མཆོག་གིས་ཁོང་ནི་ཡིག་གཟུགས་བཟང་རབས་ཀྱི་བསྟོད་བསྔགས་དང་བཅས་ཏེ་འཛིན་གྲྭའི་བྲིས་དཔེ་འབྲི་མཁན་དུ་བསྐོས་བཞག་གནང་བས་དེ་ནས་བཟུང་མཁན་པོ་མཆོག་གི་བཀའ་ལྟར་རང་ཉིད་ཀྱིས་འགན་འཁྲི་ཕྲག་ཏུ་བླངས་ནས་དཔེ་ཁྲིད་དང་དུས་མཆོད་ཀྱི་བར་གསེང་དང་།ངལ་གསོའི་དུས་ཚོད་བཅས་བཙལ་ཏེ་སྔར་ལས་ལྷག་པའི་སྒོ་ནས་དགེ་རྒན་ལ་བསྟེན་ཅིང་བྲིས་དཔེ་ཚད་ལྡན་ཁག་ལ་དཔེ་བལྟས་གནང་ནས་ཡིག་གཟུགས་ཁག་ལ་འབད་བརྩོན་ལྷུར་ལེན་བྱས་པས་ཡིག་གཟུགས་འགྲན་བསྡུར་༼ བོད་རང་སྐྱོང་ལྗོངས་ ༽དང་༼ ནག་ཆུ་གྲོང་ཁྱེར་༽ ༼ སོག་རྫོང་ ༽སོགས་དང་གཞན་༼ སྡེ་ཚན་ཁག་དང་ཚོགས་པ་ཁག་ ༽གི་ཁྲོད་ནས་ཨང་རིམ་ཆེས་མཐོ་བའི་བྱ་དགའ་མང་ཙམ་ཐོབ།   མ་ཟད་ད་སྐབས་སྤྱི་ཚོགས་ཁྲོད་དུ་ཁོང་གི་ཡིག་གཟུགས་ལ་དགོན་སྡེའི་གྲྭ་བཙུན་ཁག་དང་སློབ་གྲྭ་ཆེ་འབྲིང་གི་སློབ་མ་ཁག་དང་དེ་བཞིན་སྤྱི་ཚོགས་ཐོག་རིག་གནས་ལ་མོས་པ་ཡོད་མཁན་བཅས་ཀྱི་གདེང་འཇོག་ཆེན་པོ་ཐོབ་དང་ཐོབ་བཞིན་ལགས་པས་ཁོང་གི་ཡིག་གཟུགས་ལ་གའ་མོས་ཡོད་པའི་ན་གཞོན་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ལ།   མ་ཚད་ད་ལྟ་ཡང་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲྭ་བའི་དཔྱད་འདེམ་ཡིག་མཁན་མཁས་དབང་རྣམ་པས་གདེང་འཇོག་མཐོ་པོ་གནང་ཏེ་བརྩམས་ཆོས་འགྲིམ་སྟོན་བྱ་རྒྱུའི་ཆོག་མཆན་ཐོབ་པ་ལྟར།།






1.jpg



19.jpg



14.jpg



25.jpg



3.jpg



16.jpg



2.jpg



10.jpg



21.jpg



4.jpg



5.jpg



6.jpg



9.jpg



12.jpg



13.jpg



17.jpg



18.jpg



20.jpg



22.jpg



23.jpg



24.jpg



26.jpg





图杰 (1).jpg图杰 (3).jpg




图杰 (4).jpg



图杰 (2).jpg图杰 (5).jpg



图杰 (6).jpg



图杰 (8).jpg图杰 (7).jpg



图杰 (10).jpg

མཉམ་སྤྱོད།分享