གཙོས་བོད་རིགས་སློབ་འབྲིང་ནས་ཡིག་གཟུགས་དུས་ཆེན་བསུ་བའི་ཡིག་གཟུགས་བརྩམས་ཆོས་བཤམས་སྟོན་གྱི་བྱེད་སྒོ་སྤེལ་བ།
ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོ་བོད་རིགས་སློབ་འབྲིང་ནས་ཟླ་༤ཚེས༢༨ཉིན་ཀན་ལྷོའི་བྲིས་པ་ཚོའི་བརྩམས་ཆོས་གསར་བ་བརྒྱ་ལྷག་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་བསུ་མའི་ཚུལ་དུ་སློབ་གྲྭ་དེའི་སློབ་མ་ཉིས་སྟོང་ལྷག་ལ་གསོལ་སྟོན་ཞིག་གི་ཚུལ་དུ་བཤམས་སྟོན་བྱས་ཏེ། དགེ་སློབ་ལྷན་འཛོམས་ཀྱིས་ཡིག་གཟུགས་དུས་ཆེན་ལ་མཉམ་རོལ་དང་། ཡིག་གཟུགས་ཀྱི་འཕྲིན་ལས་རྒྱ་ཆེར་དར་བའི་སྨོན་འདུན་དང་བཅས་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་ལེགས་སྐྱེས་གསར་བ་ཕུལ་ཡོད།
གཤམ་ནས་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་གྱི་བྱེད་སྒོའི་རྣམ་པ་དང་བརྩམས་ཆོས་ཁག་འདི་གར་བཀོད་པ་ཀུན་གྱི་ཐུགས་འདུན་གསོ་བའི་བདྭད་རྩི་དང་མིག་དབང་གསོ་བའི་དགའ་སྟོན་དུ་འགྱུར་བར་སྨོན།
|