གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀ཡིག་གཟུགས་དགའ་ཞེན་པ།书法爱好者བུ་མོའི་ཡིག་གཟུགས།女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

སྙེ་བྲིས་བརྙན་རིས་མ།  གསར་པ།

 二维码 1881
发表时间:2021-03-17 14:41作者:སྙེ་འཕྲིན་ལས་རྒྱལ་མཚན།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།

དབུས་ཀྱི་ཡིག་མཁན་ཆེན་མོ་རྒན་སྙེ་འཕྲིན་ལས་རྒྱལ་མཚན་མཆོག་གི་འཚམས་སྦྱོར་མདོར་བསྡུས།

      སྙེ་འཕྲིན་ལས་རྒྱལ་མཚན་མཆོག་ནི་དུས་རབས་ཉི་ཤུའི་ལོ་རབས་བདུན་ཅུའི་སྨད་དུ་དབུས་གཙང་གཉིས་ཀྱི་ས་མཚམས་སྙེ་མོ་ཟངས་རི་ཞེས་པའི་མི་རབས་དུ་མར་ཡིག་མཁན་བརྒྱུད་མར་བྱུང་བའི་ཁྱིམ་རྒྱུད་ཅིག་ཏུ་སྐུ་འཁྲུངས།   དགུང་ལོ་བདུན་ནས་སྙེ་མོ་རྫོང་ཆ་ཚང་སློབ་ཆུང་དུ་ཡི་གེའི་འབྲི་ཀློག་ལ་སྦྱངས་པ་མཛད་དེ་སློབ་ཆུང་མཐར་ཕྱིན་རྗེས་༧བཅུ་གསུམ་པ་ཆེན་པོས་སྙེ་མོ་ཡོན་བདག་དབུ་ཆེན་དྲུང་ཏོག་གི་མཚན་གནས་གནང་བའི་ཡིག་མཁན་ཆེན་མོ་སྙེ་ཕུན་ཚོགས་དོན་ལྡན་ནམ་དཔལ་ལྡན་ཚེ་རིང་ལགས་ཀྱི་དངོས་སློབ་ཁོང་གི་ཡབ་དམ་པ་སྙེ་ཕྲུག་པ་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་མདུན་ནས་སུམ་རྟགས་དག་གསུམ་དང་ཕ་མེས་ནས་བརྒྱུད་པའི་དབུ་ཅན་སྙེ་བྲིས་གཙོའི་ཡིག་རིགས་ཁག་ལ་བགྲང་བྱ་བདུན་ཙམ་གྱི་རིང་སྔོན་གྱི་མཁས་པའི་ཕྱག་སྲོལ་བཞིན་སྦྱོང་ཤིང་སྤྱད་ནས་སློབ་གཉེར་མཐར་ཕྱིན་པར་གནང་། སྤྱི་ལོ་༢༠༡༠ལོ་ནས་༧བཅུ་གསུམ་པའི་སྐབས་ཀྱི་ཡིག་འབྲི་བ་ཆེན་མོ་དག་དང་རྩེ་སློབ་གྲྭའི་གཞུང་བྲིས་དགེ་རྒན་རྩེ་དྲུང་ཀོག་པོ་བའི་ཡང་སློབ་རྩེ་དྲུང་རྒན་ངག་དབང་བཀྲ་ཤིས་ལགས་ཀྱི་མདུན་ནས་རྩེ་གཞུང་བྲིས་ལ་བགྲང་བྱ་གསུམ་ཙམ་གྱི་རིང་ལ་སྦྱོང་ཤིང་སྤྱད་ནས་སློབ་གཉེར་གནང་བས་བོད་ཀྱི་ཡིག་གཟུགས་སྤྱི་དང་སྒོས་སུ་སྙེ་བྲིས་དང་རྩེ་གཞུང་བྲིས་སོགས་ཀྱི་བྲིས་རྒྱུན་རྣམ་པར་དག་པ་ལ་ཕྱག་སོར་རང་དབང་དུ་བསྒྱུར་པར་མངའ་བརྙེས་ཏེ་ཡིག་འབྲི་བ་ཆེན་མོར་གྱུར་པའི་ཡིག་མཁན་གྱི་མཚན་སྙན་ཐོབ།   སྤྱི་ལོ་༢༠༡༧ལོའི་ཟླ་༧པའི་ཚེས་༡༡ནས་ཟླ་༩པའི་ཚེས་༢༥བར་ཕོ་བྲང་པོ་ཏ་ལ་ནས་གཞིས་རྩེ་བཀྲ་ཤིས་ལྷུན་པོའི་དགོན་པར་སློབ་སྦྱོང་བྱེད་པར་བཏང་བས་རྒན་ལྷ་ཁང་བློ་བཟང་རྡོ་རྗེའི་སྐུ་མདུན་ནས་སྔགས་ཀྱི་ཀློག་ཐབས་དང་ལཉྩ། ཝརྟུ། ཧོར་ཡིག་སོགས་ལ་སྦྱངས་པ་མཐར་སོན་པ་གནང་།   སྤྱི་ལོ་༢༠༠༣ལོའི་ཟླ་༨པའི་ཚེས་༣ཉིན་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གིས་བོད་ཡིག་ཚད་ལྡན་ཡིག་གཟུགས་གློག་ཀླད་མཉེན་ཆས་བཟོ་བྱེད་ལ་ཁོང་གི་དཔེ་ཚུགས་ཡིག་དཔེར་བདམས་པས་ཕྱག་བྲིས་གནང་།   སྤྱི་ལོ་༢༠༡༡ལོའི་ཟླ་༡༠པར་ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཐུན་ཚོགས་ཀྱིས་སྤེལ་བའི་ཡིག་གཟུགས་འགྲན་ཚོགས་ཐེངས་ལྔ་པའི་སྟེང་དབུ་ཅན་སྙེ་བྲིས་ལ་ཕུལ་བྱུང་གི་བྱ་དགའ་ཐོབ་པ་དང་།   སྤྱི་ལོ་༢༠༡༥ལོའི་ཟླ་༥པར་གཟི་རྩ་སྡེ་དགུ་སྐྱེས་བུམ་ཀྲུང་གོ་ནུབ་རྒྱུད་ཀྱི་བོད་རྒྱ་ཡིག་གཟུགས་འགྲན་བསྡུར་ཆེན་མོའི་ནང་འབྲུ་ཚ་ལ་དངུལ་གྱི་བྱ་དགའ་ཐོབ།   སྤྱི་ལོ་༢༠༡༦ལོའི་ཟླ་༢པར་ལྗོངས་ཡོངས་ཀྱི་ཐོན་མིའི་ཕྱག་རྒྱུན་ཡིག་གཟུགས་འགྲན་བསྡུར་ནང་དཔེ་ཚུགས་ལ་བྱ་དགའ་རིམ་པ་དང་པོ་དང་དབུ་ཅན་སྙེ་བྲིས་ལ་རིམ་པ་གཉིས་པའི་བྱ་དགའ་ཐོབ།   སྤྱི་ལོ་༢༠༡༥ལོའི་ཟླ་༧པའི་ཚེས་༤ཕོ་བྲང་པོ་ཏ་ལའི་དམག་སྤྱི་ཁང་དུ་སློབ་ཁང་གཡར་ནས་ཨ་མདོ་དང་དབུས་གཙང་གི་དགེ་འདུན་པ་དང་དགེ་རྒན་སོགས་ལ་དབུ་ཅན་སྙེ་བྲིས་དང་གཞུང་བྲིས། དཔེ་ཚུགས། འབྲུ་ཚ།   འཁྱུག་ཡིག་སོགས་སློབ་ཁྲིད་གནང་ཞོར་དུ་ཡིག་གཟུགས་ལ་དགའ་ཞེན་ཅན་གྱི་བློ་གསར་རྣམས་ལ་མ་དཔེར་ཡོང་ཆེད་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བར་སྙེ་བྲིས་དང་གཞུང་བྲིས་སོགས་ཀྱི་ཀ་དཔེ་བཀོད།   སྤྱི་ལོ་༢༠༡༥ལོའི་ཟླ་༨པར་མདོ་དབུས་ཁམས་གཙང་གི་བྲིས་རྒྱུན་ཨ་མདོར་སྤེལ་ཕྱིར་མཚོ་སྔོན་ཞིང་ཆེན་དགེ་འོས་སློབ་གླིང་གིས་སྐབས་དང་པོའི་བོད་ཡིག་ཡིག་གཟུགས་ཐོན་མིའི་ཡིག་རྒྱུན་ཞེས་པའི་གསོ་སྦྱོང་འཛིན་གྲྭར་དབུ་ཅན་སྙེ་བྲིས་དང་ཕོ་བྲང་པོ་ཏ་ལའི་རྩེ་སློབ་གྲྭའི་གཞུང་བྲིས་ཀྱི་བྲིས་རྒྱུན་དག་སློབ་ཁྲིད་བྱེད་པར་གདན་ཞུ་བྱས།   སྤྱི་ལོ་༢༠༢༠ལོའི་ཟླ་༥ཚེས་༦སྟེ་རེ་གཟའ་ལྷག་པའི་ཉིན་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་དང་ཕོ་བྲང་པོ་ཏ་ལའི་རྩེ་སློབ་གྲའི་གཞུང་རིས་འབྲི་རྒྱུན་སྦྱོང་བརྡར་འཛིན་གྲྭ་ཚུགས་པར་རྟེན་འབྲེལ་ཞུ། ཞེས་པའི་མཛད་སྒོ་དེ་པོ་ཏ་ལའི་རྩེ་སློབ་གྲྭ་ཁང་དུ་གཉེར་བའི་ལས་འགན་གནང་བ་དང་། པོ་ཏ་ལ་རྩེ་སློབ་གྲྭའི་དགེ་རྒན་གྱི་འགན་ཁུར་ནས་རྩེ་སློབ་གྲྭའི་གཞུང་བྲིས་འབྲི་རྒྱུན་མ་ཉམས་པར་བྱང་ཤིང་སྟེང་སློབ་འཁྲིད་གནང་དང་གནང་མུས་དང་།   སྤྱི་ལོ་༢༠༢༠ལོའི་ཟླ་༧པའི་ཚེས་༡༥ཉིན་དཔལ་ལྡན་འབྲས་སྤུངས་དགོན་ནས་གདན་ཞུ་ལྟར་རྩེ་དྲུང་རྒན་ངག་དབང་བཀྲ་ཤིས་ལགས་དང་མཉམ་དུ་སྐུ་ཞབས་རྣམས་ལ་གཞུང་བྲིས་བྱང་ཤིང་སྟེང་དུ་སློབ་ཁྲིད་བྱེད་པར་ཕེབས་མུས་ལགས།    སྤྱི་ལོ་༢༠༡༣ལོའི་ཟླ་༡༡པར་ལྷ་ས་དགེ་འོས་སློབ་གླིང་གི་དགེ་རྒན་ཆེན་མོ་བཀྲ་ཤིས་བསམ་གྲུབ་ལགས་དང་མཉམ་དུ་བོད་ཡིག་ངོས་འཛིན་དང་ཚུགས་འབྲི་ཚུལ་ཞེས་པའི་བྲིས་ཀྱི་བསྟན་བཅོས་སྒྲིག་རྩོམ་བྱས་ཏེ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་བསྐྲུན་གནང་།   སྤྱི་ལོ་༢༠༡༣ལོའི་ཟླ་༦པར་ཕོ་བྲང་པོ་ཏ་ལའི་ལོ་ཕྱེད་དུས་དེབ་གཉིས་པའི་ནང་ཡིག་གཟུགས་སྣ་བརྒྱ་ལས་སྙེ་བྲིས་ངོ་སྤྲོད་མདོ་ཙམ་བརྗོད་པ་ཞེས་པའི་དཔྱད་རྩོམ་དང་ལྷ་ས་སྐྱིད་ཆུའི་དུས་དེབ་ནང་ལའང་རྩོམ་འབྲི་མཛད།   སྤྱི་ལོ་༢༠༠༨ལོ་ནས་རྩེ་ཕོ་བྲང་པོ་ཏ་ལའི་བཀའ་བསྟན་བསྐྱར་སྒྲིག་ལས་ཀའི་རྒྱུད་རིམ་ནང་དུས་རབས་མི་འདྲ་བའི་དཔེ་རྙིང་དང་ཡིག་རིགས་མང་པོ་མཇལ་བའི་གོ་སྐབས་བྱུང་བས་ཕྱི་རབས་བློ་གསར་རྣམས་ལ་ཕན་པ་ཅུང་ཟད་བྱུང་བར་དམིགས་ཏེ་སྤྱི་ལོ་༢༠༡༤ལོའི་ཟླ་༨པར་དབུ་ཅན་སྙེ་བྲིས་ཀྱི་འབྱུང་འཕེལ་དང་གཞུང་བྲིས་སོགས་ཀྱི་འབྲི་ཚུལ་བློ་ལྡན་དགྱེས་པའི་དགའ་ཚལ་ཞེས་པ་རྩོམ་འབྲི་བྱས་ཤིང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།   སྤྱི་ལོ་༢༠༡༨ལོའི་ཟླ་༥པའི་ཚེས་༡༩ཉིན་དབུ་ཅན་སྙེ་བྲིས་སྦྱོང་དེབ་ཅེས་པའི་དེབ་གྲངས་༣༠༠༠པར་བསྐྲུན་མཛད།   ད་དུང་རིན་པོ་ཆེ་གསེར་སོགས་ལས་བཞེངས་གནང་བའི་སྙེ་བྲིས་དང་དཔེ་ཚུགས་ཀྱི་གསེར་ཆོས་ཡང་གྲངས་མང་བཞུགས།

      ད་ལྟ་ཁོང་གིས་ལྷ་ལྡན་ཕོ་བྲང་པོ་ཏ་ལར་ཕྱག་ལས་གནང་བཞིན་པ་དང་བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི།   ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཐུན་ཚོགས་ཀྱི་ལས་འཛིན་པ་བཅས་ཀྱི་འགན་ཡང་བཞེས་ཡོད་ལ། ལས་ཞོར་དུ་མདོ་དབུས་ཁམས་གཙང་གི་དགོན་སྡེ་ཁག་གི་དགེ་འདུན་པ་དང་དགེ་རྒན།   སློབ་མ། ལས་རིགས་མི་སྣ་ཁག་དག་ལ་དབུ་ཅན་སྙེ་བྲིས་དང་གཞུང་བྲིས་སོགས་ཀྱི་བྲིས་རྒྱུན་རྒྱ་ཆེར་སྤེལ་དང་སྤེལ་མུས་ལགས་སོ། །


དང་པོ།   སྙེ་བྲིས་ཡིག་གཟུགས་ཀྱི་ལོ་རྒྱུས་ངོ་སྤྲོད།


དང་པོ།




གཉིས་པ།






གསུམ་པ།





བཞི་བ།









གཉིས་པ།   སྙེ་བྲིས་ཡིག་གཟུགས་ཀ་དཔེ།

དང་པོ།







སྙེ་བྲིས་ཡིག་གཟུགས་ཀ་དཔེ།

གཉིས་པ།








བརྙན་རིས་དཔེ་ཁྲིད་མཁོ་འདོན་གནང་མཁན་སྙེ་ཕྲུག་པ་བཀའ་བསྟན་གསེར་བྲིས་ཁང་འཚམས་སྦྱོར།

     སྙེ་ཕྲུག་པ་བཀའ་བསྟན་གསེར་བྲིས་ཁང་ནི་སྔར་གྱི་སྡེ་པ་གཞུང་གི་དབུ་ཅན་དྲུང་ཡིག་ཕྱག་ལས་མཛད་མཁན་ཡུལ་སྙེ་མོ་ནས་ཡིན་པའི་ཡིག་འབྲི་རྒྱུན་འཛིན་པས་གཙོ་བོ་བཀའ་བསྟན་གསུང་རབ་རིན་ཆེན་གསེར་དངུལ་སོགས་ཀྱིའབྲི་བཞེངས་བྱེད་པའི་ཆེད་ལས་གསེར་བྲིས་ཁང་ཞིག་སྟེ།   དེ་འང་སྔོན་མ་སྡེ་པ་གཞུང་གི་ཡུལ་སྙེ་མོ་དང་ཨེ་པ་གཉིས་ནས་ས་གནས་སྲིད་གཞུང་དུ་ཡིག་ཁྲལ་ཞེས་དབུ་ཅན་ཡི་གེ་འབྲི་མི་བསྡུ་སྲོལ་ཡོད་པས་སྙེ་མོ་བ་ཚོ་ལ་སྙེ་ཕྲུག་པ་དང་ཨེ་པ་བ་ཚོར་ཨེ་ཕྲུག་པ་ཞེས་འབོད།   གཙོ་བོ་སྡེ་པ་གཞུང་གི་བཀའ་རྒྱ་དང་ལམ་ཡིག་སོགས་ཡི་གེ་འབྲི་དགོས་ཀྱི་ཡོད་པ་དང་ལྷག་པར་དུ་བཀའ་བསྟན་འགྱུར་ལ་སོགས་གསུང་རབ་བཤུ་འབྲིའི་ཕྱག་ལས་གནང་དགོས་བཞིན་ཡོད། ལྷག་པར་དུ་སྤྱི་ལོ་༡༩༨༤ ལོར་ཕོ་བྲང་པོ་ཏ་ལ་བྱམས་པ་ལྷ་ཁང་ལ་མེ་སྐྱོན་བྱུང་ནས་༧སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་སྐབས་སུ་བཞེངས་གནང་བའི་རིན་ཆེན་སྣ་བརྒྱད་ཀྱི་བཀའ་བསྟན་འགྱུར་པོད་བརྒྱད་ཅུ་ཙམ་ཉམས་སྐྱོན་བྱུང་ནས་ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ནས་དེ་ཉམས་གསོ་བྱེདསྐབས་སྔོན་གྱི་ཡི་གེ་འབྲི་མཁན་གྱི་འབྲི་མི་བཙལ་འཚོལ་གནང་དུས་ཡུལ་ཨེ་པ་ནས་ཡི་འབྲི་བ་མི་ཧ་ལམ་མཐོང་རྒྱུ་མེད་པས་བཙལ་འཚོལ་མ་བྱུང་བར་ཡུལ་སྙེ་མོ་ཡང་སྔར་ཀྱི་སྙེ་ཕྲུག་པ་ཐར་ཐོག་ལས་ལྷག་མེད་པས་ཕྱིས་སྙེ་མོ་ཡོན་བདག་བཀྲ་ཤིས་རྡོ་རྗེ་མཆོག་གི་སྙེ་ཕྲུག་པ་ཕྱག་ཡིག་འབྲི་མཁན་མང་པོ་གསོ་བསྐྱོང་གནང་ནས་སྤྱི་ལོ་༡༩༨༩ ལོར་ཕོ་བྲང་པོ་ཏ་ལར་སྙེ་ཕྲུག་པས་ཉམས་གསོ་གནང་། དེ་ལས་རིམ་བཞིན་ད་ལྟའི་དུས་སུ་ཡུལ་སྙེ་མོ་ནས་ཡིན་པས་སྔར་གྱི་སྙེ་ཕྲུག་པའི་ཕྱག་ཡིག་འབྲི་མཁན་གྱི་རྒྱུད་འཛིན་སློབ་མ་འགའ་ཤེས་ཀྱིས་སྔར་ཀྱི་ཤུལ་འཛིན་ནས་གསུང་རབ་གསེར་དངུལ་ལ་སོགས་ཀྱི་འབྲི་བཞེངས་བྱེད་བཞིན་ཡོད་ལ།   ལོ་མང་རིང་ལ་ཁྱོན་གྲངས་ལས་འདས་པའི་གསུང་རབ་དབུ་ཅན་སྙེ་བྲིས་ལུགས་ཀྱི་བཤུ་འབྲི་བྱས་ཡོད་ཅིང་སྔ་བརྗེས་སུ་མཚོ་སྔོན་སྨན་རྩིས་ཁང་གི་རྒྱུད་བཞི་དང་ལྷ་ས་གསོ་རིག་སློབ་གྲྭའི་རྒྱུད་བཞི། དུས་འཁོར། གཡུ་ཐོག་སྙིང་ཐིག་ལ་སོགས་རིན་ཆེན་གསེར་ཀྱི་བྲིས་ཡོད་ལ།   ནང་བསྟན་ཆོས་ཚོགས་ཀྱི་རི་དབང་དཀོན་མཆོག་བསྟན་འཛིན་མཆོག་གི་བརྒྱད་སྟོང་གསེར་བྲིས། ལྷ་ས་ར་མོ་ཆེ་ཚེ་དཔག་ལྷ་ཁང་གི་འཕགས་པ་བརྒྱད་སྟོང་དང་མདོ་བསྐལ་པ་བཟང་པོ་ལ་སོགས་གསེར་ཀྱི་བྲིས།   རྭ་སྒྲེང་དགོན་གྱི་མདོ་ཟམ་མ་ཏོག་དང་གསང་འདུས་ལ་སོགས་རིན་ཆེན་སྣ་ལྔས་བཞེངས།   དེ་བཞིན་གཙང་ལྗོངས་གདན་ས་བཀྲ་ཤིས་ལྷུན་པོའི་བཀའ་འགྱུར་དང་བོད་ལྗོངས་ཆབ་མདོའི་ཆུ་དབར་དགོན་གྱི་བརྒྱད་སྟོང་ཞིང་ཁམ་༼ རིང་ཚད་ལ་སྐར་མ་༡༠༠དང་ཞེང་ཚད་སྐར་མ་༤༠ ༽བྱས་པའི་གླེགས་བས་བཞེངས།   ད་ལྟའང་ལྷ་སར་གཙང་ལྗོངས་ས་ག་ཕུག་བྲག་དགོན་གྱི་བརྒྱད་སྟོང་རིན་ཆེན་གསེར་གྱིས་བཤུ་འབྲིའི་ཕྱག་ལས་གནང་དང་གནང་མུས་ལགས་སོ། །