འབྲི་རུ་རྫོང་སློབ་འབྲིང་གཉིས་པའི་༼ཐོག་མའི་བསམ་འདུན་མི་བརྗེད་པར་འགན་ཁྲི་ཡིད་ལ་བརྟན་པོར་བཅངས༽ཞེས་པའི་ཡིག་གཟུགས་གསོ་སྦྱོང་འཛིན་གྲྭའི་མཇུག་བསྡུའི་མཛད་སྒོ།
ཀྲུང་ཧྭ་མི་དམངས་ཀྱི་ཕུལ་བྱུང་རིག་གནས་རྒྱུད་འཛིན་དང་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་ལ་གོ་བ་གཏིང་ཟབ་ལོན་ཆེད་དང་ དོན་འཁྱོལ་ཡོང་ཆེད་ངེད་སློབ་གྲྭས་བོད་རང་སྐྱོང་ལྗོངས་ཡིག་གཟུགས་འཐུས་ཚོགས་ཀྱི་ཁོངས་མི་སྨྱུག་ཐོགས་མཁན་པོ་གཅུང་བསླབ་གསུམ་མཆོག་གདན་ཞུ་བྱས་ནས་བོད་སྐད་ཡིག་དགེ་རྒན་གྱིས་གཙོས་པའི་རྒྱ་ཆེའི་དགེ་རྒན་རྣམས་ལ་ཉིན་བཅུ་བཞིའི་ཡིག་གཟུགས་གསོ་སྦྱོང་གི་འཛིན་གྲྭ་གཉེར།ཉིན་དེ་དག་རིང་རྒན་ལགས་མཆོག་ནས་བུམ་པ་གང་བྱོའི་ཚུལ་གྱིས་ཚུགས་རིང་གི་སྨྱུག་རིམ་རེ་རེ་ནས་ངང་རྒྱུད་རིང་པོས་ངེད་སློབ་གྲྭའི་དགེ་རྒན་རྣམས་ལ་ཡིག་གཟུགས་ཀྱི་སློབ་ཁྲིད་གནང་།
༡ ཡིག་གཟུགས་ཀྱི་གསོ་སྦྱོང་གནང་བཞིན་པ།
དེ་རིང་ཉིན་བཅུ་བཞིའི་གསོ་སྦྱོང་གི་དུས་ཡུན་རྫོགས་ནས་འབྲི་རུ་རྫོང་སློབ་འབྲིང་གཉིས་པའི་༼ཐོག་མའི་བསམ་འདུན་མི་བརྗེད་པར་འགན་ཁྲི་ཡིད་ལ་བརྟན་པོར་བཅངས༽ཞེས་པའི་ཡིག་གཟུགས་གསོ་སྦྱོང་འཛིན་གྲྭའི་མཇུག་བསྡུའི་མཛད་སྒོ་རྒྱལ་ཁའི་ངང་གཉེར།མཛད་སྒོའི་ཁྲོད་དུ་ཡིག་གཟུགས་ཀྱི་འགྲན་བསྡུར་སྤེལ་ནས་རྒན་ལགས་མཆོག་ནས་ཚད་མཐོའི་གདེང་འཇོག་དང་སླད་ཕྱིན་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་རྒྱུའི་སྐུལ་ལྕག་ཡང་དུ་གནང་།
༢ ཡིག་གཟུགས་ཀྱི་འགྲན་བསྡུར།
༣ གསོ་སྦྱོང་གི་ཡིག་གཟུགས་སྦྱངས་འབྲས།
ད་ཐེངས་ཀྱི་ཡིག་གཟུགས་གསོ་སྦྱོང་འདི་བརྒྱུད་ངེད་སློབ་གྲྭའི་དགེ་རྒན་རྣམས་ཀྱིས་ཡིག་གཟུགས་ལ་དགའ་ཞེན་ཆེན་པོ་སླེབས་ཤིང་།སླད་ཕྱིན་སློབ་ཁྲིད་ཀྱི་ཁྲོད་དུ་ཐོག་མའི་སྐུལ་སློང་མི་བརྗེད་པར་འགན་ཁྲི་ཡིད་ལ་བཅངས་ཏེ་སློབ་མ་ལ་རང་ནུས་ཡོད་རྒུས་ཀྲུང་ཧྭ་མི་དམངས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཡིག་གཟུགས་འདི་སློབ་རྒྱུའི་དམ་བཅའ་བརྟན་པོར་བཞག།
༤ ཡིག་མཁན་གཅུང་བསླབ་གསུམ་མཆོག་གི་བརྩམས་བྱ་འགྲེམས་སྤེལ།
|