收藏本站
我的资料
   
查看手机网站
其他帐号登录: 注册 登录
གསར་འགྱུར།新闻中心སྤྱི་བསྒྲགས།公告ཀླུ་ཆུའི་ཆེད་སྒྲིག碌曲专栏ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

ཡིག་གཟུགས་དང་མཛེས་རྩལ་སོགས་ཕུལ་བྱུང་རིག་གནས་སློབ་གྲྭའི་བསླབ་ཚན་དུ་འཇོག་འཆར་ཡོད་པ་སྐོར་གྱི་བསྡུས་འཕྲི

 二维码 4119
发表时间:2020-12-07 11:39作者:མི་གསལ།来源:ཡིག་གཟུགས་འཕྲིན་སྟེགས།


ཡིག་གཟུགས་དང་མཛེས་རྩལ་སོགས་ཕུལ་བྱུང་རིག་གནས་སློབ་གྲྭའི་བསླབ་ཚན་དུ་འཇོག་འཆར་ཡོད་པ་སྐོར་གྱི་བསྡུས་འཕྲིན།


   རྒྱལ་ཡོངས་སྲིད་གྲོས་ཀྲུའུ་ཞི་དབང་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ཡིག་གཟུགས་དང་མཛེས་རྩལ་སོགས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སློབ་གྲྭའི་ནང་ནས་ངེས་པར་དུ་སྦྱོང་དགོས་པའི་བསླབ་ཚན་ནང་འཇུག་རྒྱུའི་སྐོར་གྱི་རྒྱང་རིང་དྲ་ཐོག་གྲོས་མོལ་ཚོགས་འདུ་ཀྲུང་དབྱང་ནས་འཚོགས་པ།


汪洋主持书法进校园会议.jpg



“ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བསླབ་དེབ་དང་། བསླབ་ཚན།

སློབ་གྲྭ་བཅས་སུ་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས”




      རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་༢༧ཉིན་པེ་ཅིན་དུ“ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བསླབ་དེབ་དང་། བསླབ་ཚན། སློབ་གྲྭ་བཅས་སུ་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་གཏོང་བའི”དྲ་རྒྱའི་སྲིད་གླེང་རྒྱང་རིང་གྲོས་མོལ་ཚོགས་འདུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

         ཁོང་གིས་ནན་བཤད་གནང་དོན། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། རིག་གནས་ཀྱི་གདེང་ཚོད་འགྱུར་མེད་ཀྱི་མཐོ་ཚད་ཐོག་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སློབ་དེབ་ཏུ་འགོད་པ་དང་། སློབ་ཁང་དུ་ཁྲིད་པ། སློབ་གྲྭར་སྐྱོད་པ་བཅས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་དང་སྐུལ་འདེད་གཏོང་དགོས་ཤིང་། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ལ་དམིགས་དགོས། སྤྱི་ཡོངས་ཇུས་འགོད་དང་རིགས་འབྱེད་ཇུས་བསྟར་གཅིག་གྱུར་གཏོང་པ་དང་། ནང་དོན་ལེགས་སྒྱུར་དང་རྣམ་པ་གསར་གཏོད་གཅིག་གྱུར་གཏོང་བ། གནད་དོན་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས་གཅིག་གྱུར་གཏོང་པ་བཅས་གཅིག་གྱུར་གཏོང་གསུམ་རྒྱུན་འཁྱོངས་བྱས་ཏེ། རྒྱུན་མི་ཆད་པར་ཤེད་ཤུགས་འདོན་པ་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ས་བོན་ཕྲུ་གུ་ཚང་མའི་སེམས་གཏིང་གི་ཞིང་ས་གཤིན་པོར་འདེབས་ཐུབ་པ་མ་ཟད། རིག་གནས་ཀྱི་གདེང་ཚོད་ཀྱིས་ཕྱུག་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས།


汪洋主持书法进校园会议1.webp.jpg



       སྲིད་གྲོས་ཨུ་ཡོན་༡༡དང་གཞི་རིམ་མང་ཚོགས་༡གིས་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་དང་ཐེན་ཅིན། ཧྲན་ཏུང་། ཧུའུ་ནན་བཅས་ཀྱི་ཚོགས་ར་༤དང་། དེ་བཞིན་བརྙན་སྦྲེལ་གྱི་རྣམ་པའི་ཐོག་ནས་གཏམ་བཤད་སྤེལ་བ་རེད། ཨུ་ཡོན་༩༠ལྷག་ཙམ་གྱིས་སྒུལ་བདེ་འགན་སྒྲུབ་ལས་སྟེགས་ཐོག་བསམ་འཆར་བཏོན། ཚང་མས་ཉེ་བའི་ལོ་ཤས་རིང་། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སློབ་དེབ་ཏུ་འགོད་པ་དང་། སློབ་ཁང་དུ་ཁྲིད་པ། སློབ་གྲྭར་སྐྱོད་པ་བཅས་ལ་སྐུལ་འདེད་གཏོང་བར་དམིགས་ནས་ལས་ཀ་འབོར་ཆེན་བྱས་པར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། འོན་ཀྱང་ལག་ལེན་ཁྲོད་དུ་སྤྱི་ཡོངས་ཀྱི་ཇུས་འགོད་མི་འདང་བ་དང་། མ་ལག་རང་བཞིན་ཆེན་པོ་མེད་པ། འཕེལ་རྒྱས་དོ་མི་མཉམ་པ། འགན་ལེན་ཆ་རྐྱེན་གང་ལེགས་མེད་པ། སྲིད་ཇུས་ཁག་ཅིག་དོན་ཐོག་ཏུ་འཁྱོལ་དཀའ་བ་སོགས་ཀྱི་གནད་དོན་ཡང་གནས་ཡོད།

     ཨུ་ཡོན་རྣམས་ཀྱིས་མགྲིན་གཅིག་ཏུ་སྨྲ་དོན། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སློབ་དེབ་ཏུ་འགོད་པ་དང་། སློབ་ཁང་དུ་ཁྲིད་པ། སློབ་གྲྭར་སྐྱོད་པ་བཅས་བྱེད་པར་སྐུལ་འདེད་གཏོང་བའི་སྲོག་ཤིང་ནི་གང་ཞིག་ཏུ་སྐྱོད་པ་དང་། ཇི་ལྟར་སྐྱོད་པའི་གནད་དོན་ཐག་གཅོད་བྱས་ནས། ཡང་དག་པའི་རིན་ཐང་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ་སློབ་དེབ་དང་། སློབ་ཚན། སློབ་གྲྭ་བཅས་སུ་བསྐྱོད་རྒྱུ་འགན་ལེན་བྱེད་པ་ནི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཤིག་རེད།

       སློབ་གསོའི་ཆོས་ཉིད་བརྩི་སྲུང་བྱས་ཏེ། སློབ་རིམ་མི་འདྲ་བ་སོ་སོའི་དོན་དངོས་དང་བསྟུན་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་སློབ་ཁྲིད་ཀྱི་ནང་དོན་ཇུས་འགོད་བྱེད་པ་དང་། བསླབ་ཚན་གཙོ་བོ་དང་ཁྲིད་དེབ་གཙོ་བོ་ཇེ་ཞིབ་ཇེ་རྒྱས་སུ་བཏང་ནས་གོམ་པ་རིམ་བགྲོད་དང་། སྣོད་བསྟུན་སློབ་སྟོན། བསླབ་གཞི་དེའི་ཐོག་མཐའ་བར་གསུམ་དང་སྤྱི་ཁོག་ལ་བརྒྱུད་མཐུད་ཡོང་བའི་སློབ་ཁྲིད་མ་ལག་ཞིག་ཆགས་པར་བྱ་དགོས།

       སློབ་ཁྲིད་བྱེད་སྟངས་ལེགས་བཅོས་དང་གསར་གཏོད་བྱས་ཏེ། ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པ་སྤྱོད་མཁས་པོ་བྱས་ནས་སློབ་མ་རྣམས་དེའི་ནང་དུ་ཞུགས་སུ་འཇུག་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་སྤྲོ་སྣང་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་བྱ་དགོས།

       འགྲོ་གྲོན་འགན་སྲུང་དང་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དེ་རིམ་པ་ཁག་གི་དགེ་འོས་སློབ་གསོས་ངེས་པར་སྦྱོང་དགོས་པའི་བསླབ་ཚན་དང་ལས་ཐོག་དགེ་རྒན་གྱི་རྒྱུན་མཐུད་སློབ་གསོའི་བསླབ་ཚན་ནང་བཅུག་ནས་སློབ་ཕྱིའི་དགེ་རྒན་དང་ཆེད་ལས་དགེ་རྒན་ཕན་ཚུན་གཞོགས་འདེགས་བྱེད་པའི“གཉིས་མཁས་རྣམ་པའི”སློབ་ཁྲིད་བྱེད་སྟངས་འཚོལ་ཞིབ་བྱེད་དགོས། དགེ་རྒན་དཔུང་ཁག་མི་འདང་བ་སོགས་ཀྱི་ཞན་ཆ་ཁ་གསབ་དང་ཐག་གཅོད་གཏོང་དགོས།

      གཅིག་གྱུར་གྱི་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ཏེ། རྟེན་རྫས་བཤམས་མཛོད་ཁང་དང་། རིག་རྩལ་སློབ་གླིང་དང་ཚོགས་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་བཅས་ལ་ཁྲིད་སྟོན་བྱས་ནས་སློབ་གྲྭས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སློབ་གསོ་སྤེལ་བར་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་། བཤམས་མཛོད་ཁང་དང་སློབ་གྲྭའི་མཉམ་འབྲེལ་གཏིང་ཟབ་ཏུ་གཏོང་དགོས་ལ་ལས་ཀའི་འགྲིལ་ཤུགས་ཆགས་པར་བྱ་དགོས།



汪洋主持书法进校园会议3.jpg



     དཔྱད་ཞིབ་གདེང་འཇོག་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་ལས་ཀའི་དཔེ་མཚོན་ལ་དུས་ཐོག་ཏུ་གཟེངས་བསྟོད་དང་། ཕུལ་བྱུང་གི་ལག་ལེན་དཔེ་མཚོན་ཕྱོགས་བསྡོམས་དང་ཁྱབ་གདལ་གཏོང་དགོས།

         རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་། ལིའུ་ཆི་པའོ། ལི་པིན། ལིའུ་ཤིན་ཁྲེང་བཅས་ཚོགས་འདུར་ཕེབས་ཞུགས་བྱས་པ་དང་། སྲིད་གྲོས་ཨུ་ཡོན་ལི་ཕིང་དང་། དབྱང་ཁྲའོ་མིང་། ལེང་ཧྲུའུ་སེན། ཝང་ཁྲུན་ཧྥ། ལེ་མིང་ཆང་། ལུའུ་ཚའེ་ཞ། ལི་ཅན། ཅིན་ཡུང་ཝུའེ། ཝང་ཧེང་། ཝང་ལིན། ཧན་ཨའེ་ལི་བཅས་དང་མང་ཚོགས་ཀྱི་འཐུས་མི་ལིའུ་ཞའོ་ལིན་སོགས་ཀྱིས་གཏམ་བཤད་གནང་།

         ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། སློབ་གསོ་པུའུ། ནོར་སྲིད་པུའུ། རིག་གནས། ཡུལ་སྐོར་པུའུ་སོགས་སྡེ་ཚན་གྱི་འགན་འཁུར་བས་གྲོས་མོལ་སྤེལ་རེས་བྱས།