收藏本站
我的资料
   
查看手机网站
其他帐号登录: 注册 登录
གསར་འགྱུར།新闻中心སྤྱི་བསྒྲགས།公告ཀླུ་ཆུའི་ཆེད་སྒྲིག碌曲专栏ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

གཞི་རིམ་མང་ཚོགས་ཀྱི་ཁྲོད་དུ་ཡིག་གཟུགས་བློ་སྦྱོང་གླིང་ཀ་གསར་འཛུགས་བྱས་པ།

 二维码 572
发表时间:2020-12-04 18:51作者:ཀླུ་ཆུ་རྫོང་མ་ངེ་གྲོང་རྡལ།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།


གཞི་རིམ་མང་ཚོགས་ཀྱི་ཁྲོད་དུ་ཡིག་གཟུགས་བློ་སྦྱོང་གླིང་ཀ་གསར་འཛུགས་བྱས་པ།



        ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་མ་ངེ་གྲོང་རྡལ་ཏང་རྩ་འཛུགས་ཀྱིས་༢༠༢༠ལོའི་ཟླ༡༢ཚེས༤ཉིན།   གཞི་རིམ་མང་ཚོགས་ཀྱི་བློ་སྦྱོང་དང་ཁམས་གསོའི་རྟེན་གཞི་རིག་གནས་ལ་ཁ་ཕྱོགས་དེ། ཏང་གི་སློབ་གསོ་དང་སྲིད་ཇུས་དྲིལ་བསྒྲགས་ཀྱི་ཕན་ནུས་མཐོར་འདེགས་སམ། ཡུལ་ཚོ་དེ་གའི་རིག་གནས་སྒྱུ་རྩལ་འཚོ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་ཀྱི་ཆེད་དུ། མ་ངེ་གྲོང་རྡལ་གཞོལ་ཁུལ་ནུབ་མར་ ༼   ཡིག་གཟུགས་བློ་སྦྱོང་གླིང་ ༽ ཞེས་པའི་རྟེན་གཞི་གསར་བ་ཞིག་དངོས་སུ་བཙུགས།



微信图片_20201204181351.jpg


རྟེན་གཞི་འདིར་རྫོང་ཡིག་མཁན་དང་མཛེས་རྩལ་མཐུན་ཚོགས་ནས་དགེ་རྒན་བཅུ་གཉིས་གདན་ཞུ་བྱས་ནས་མིང་རྟགས་བཀོད་པ་མ་ཟད།   དུས་ཚོད་དང་རྟེན་གཞི་ངེས་གཏན་གྱི་སྒོ་ནས་རྒྱ་ཆེའི་མང་ཚོགས་ཀྱི་ཡིག་གཟུགས་སྐོར་ཀྱི་བློ་སྦྱོང་དང་བསམ་བློ་བརྗེས་རེས། བྲིས་རྩལ་མཉམ་ཞིབ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བར་མཐུན་རྐྱེན་གང་ལེགས་སྦྱར།


书香雅韵 (2).jpg


གཞིས་ཀ་གསར་བའི་སྒོ་འབྱེད་མཛད་སྒོའི་སྟེང་རྫོང་ཨུ་རྩ་འཛུགས་པུའུ་དང་། མ་ངེ་གྲོང་རྡལ་ཏང་ཨུ། རྫོང་མཛེས་རྩལ་དང་ཡིག་མཁན་མཐུན་ཚོགས་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་མི་སྣ་ཁག་ཚོགས་ཞུགས་བྱས་ཤིང་། གཞིས་ཀ་གསར་བ་དེ་གསར་འཛུགས་བྱེད་པའི་དགོས་མཁོ་དང་དམིགས་ཡུལ།   རྩ་འཛུགས་རྣམ་པ། སྒྲིག་ཡིག་དང་བྱེད་སྒོ་སྤེལ་པའི་དུས་ཚོད་སོགས་ཚོགས་ཐོག་ནས་གཏན་འཁེལ་བྱས།



书香雅韵 (1).jpg


མཐར་ཡིག་མཁན་ཚོས་རྟེན་འབྲེལ་མཚོན་པའི་ཡིག་གཟུགས་བརྩམས་ཆོས་བྲིས་ཤིང་།   ཁོར་ཡུག་འཛུགས་སྐྲུན་སོགས་ལ་གཟིགས་སྐོར་བྱས།


1.jpg